ཕྱི་རྒྱལ་གྱི་འགོ་ཁྲིད་པས་རང་རྒྱལ་གྱི་འགོ་ཁྲིད་པ་སྐབས་གསར་པར་རྟེན་འབྲེལ་ཞུས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་19ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཁག་གཅིག་གི་འགོ་ཁྲིད་པས་སླར་ཡང་གློག་འཕྲིན་དང་འཕྲིན་ཡིག་སྤྲིངས་པ་སོགས་བརྒྱུད་ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པར་གཅིག་རྗེས་གཉིས་མཐུད་ངང་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད།
ཧྥི་ལི་ཕིན་གྱི་ཙུང་ཐུང་མ་ཁོའོ་སིས་ངས་སླར་ཡང་ཁྱེད་རང་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་ཡིན། ཁྱེད་ཀྱིས་ཀྲུང་གོ་མི་དམངས་ཀྱི་དར་རྒྱས་དང་བདེ་རྩ་ཆེ་རུ་གཏོང་བར་སྤྱིར་བཏང་མིན་པའི་འགོ་ཁྲིད་ཀྱི་ནུས་པ་མངོན་ཡོད། ཧྥི་ལི་ཕིན་གྱིས་ཀྲུང་གོའི་དབར་གྱི་འབྲེལ་བར་གཅེས་སྤྲས་བྱས་ཏེ་སླད་ཕྱིན་མུ་མཐུད་ཧྥི་ཀྲུང་འབྲེལ་བ་ཟབ་ཏུ་བཏང་ནས་གཉིས་ཁེ་གཉིས་ཕན་དང་ས་ཁུལ་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ཡོང་བར་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
དབྱི་སི་རལ་གྱི་ཙུང་ཐུང་ཧོར་ཙུའོ་ཀེས་ཁྱེད་ཀྱི་འགོ་ཁྲིད་འོག་ཀྲུང་གོར་འཕེལ་རྒྱས་ཆེན་པོ་བྱུང་བས་ཀྲུང་གོ་མུ་མཐུད་དར་རྒྱས་གོང་འཕེལ་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད། དབྱི་ཀྲུང་རྒྱལ་ཁབ་གཉིས་པོ་ནི་གནའ་བོའི་ཤེས་དཔལ་རྒྱལ་ཁབ་ཡིན་པ་དང་། དབྱི་ཀྲུང་འབྲེལ་བ་ཧ་ཅང་ཟབ་པོ་ཡོད་ལ། དབྱི་སི་རལ་ཕྱོགས་ཀྱིས་དབྱི་ཀྲུང་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུར་གཞོལ་བཞིན་ཡོད་ཅེས་གསུངས་པ་རེད།
མར་ཐའི་ཙུང་ཐུང་ཝེ་ལ་ཡིས་མར་ཀྲུང་རྒྱལ་ཁབ་གཉིས་པོས་སྔ་བར་ཕྱི་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་བསམ་ཤེས་མཐའ་འཁྱོངས་བྱས་ནས་མར་ཐ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མར་ཀྲུང་མཉམ་ལས་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
ཁ་རེ་ཤེ་ཡའི་ཙུང་ཐུང་སྨི་ལ་ནུའོ་ཝེ་ཆིས་ཁྱེད་ཀྱིས་འགན་འཁྲི་བསྒྲུབས་པར་གྲུབ་འབྲས་དེ་བས་མང་བ་ཐོབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཁྱེད་ཀྱིས་ཀྲུང་གོ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བ་དང་ཀྲུང་གོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་ཆེད་མུ་མཐུད་འབད་བརྩོན་ལྷོད་མེད་གནང་རྒྱུའི་ཡིད་ཆེས་ཡོད། ངས་ཁྱེད་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མུ་མཐུད་ཟབ་ཏུ་གཏོང་བར་འབད་བརྩོན་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
ཨོ་སི་ཁྲུ་ལི་ཡའི་ཙུང་ཏུའུ་ཧོར་ལིས་ཨོ་ཀྲུང་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ན་རྒྱལ་ཁབ་གཉིས་ལ་ཕན་པ་ཐོབ་རྒྱུ་མ་ཟད། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་སྐུལ་མ་ཐེབས་རྒྱུ་ཡིན་པས་ངས་ཁྱེད་དང་ཐུན་མོང་འབད་བརྩོན་བྱས་ནས་ཨོ་ཀྲུང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་མུ་མཐུད་འཕེལ་རྒྱས་གཏོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་ཡུག་རེན་ཕྱོགས་ཀྱིས་ཡུག་ཀྲུང་གི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཁྱེད་ཀྱི་འགོ་ཁྲིད་འོག་ཀྲུང་གོས་འཛམ་གླིང་བདེ་འཇགས་ཀྱི་སྒྲོམ་གཞི་འཛུགས་པར་ཤུགས་སྣོན་རྒྱག་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་རྨང་གཞིར་བྱས་པའི་འཛམ་གླིང་གི་སྒྲིག་ལམ་བརྟན་དུ་གཏོང་ཆེད་ལེགས་སྐྱེས་གལ་ཆེན་འབུལ་རྒྱུའི་ཡིད་ཆེས་བརྟན་པོ་ཡོད། ཁྱེད་ཀྱི་རྒྱལ་སྲིད་སྐྱོང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེར་གཟེངས་སུ་ཐོན་པའི་གྲུབ་འབྲས་གསར་པ་ཐོབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཐེ་ལན་གྱི་ཙུང་ལི་པ་ཡུས་ཀྱིས་ཁྱེད་ནས་ཀྲུང་གོ་དང་རྒྱལ་ཁབ་ཕྱི་ནང་གི་འཕེལ་རྒྱས་གྲུབ་འབྲས་ལ་སྐུལ་འདེད་གཏོང་བར་ཀྲུང་གོ་མི་དམངས་ཀྱིས་སྙིང་དབུས་ནས་བརྩི་བཀུར་དང་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཁྱེད་ཀྱིས་བཏོན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོས་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ཀྱི་འཛམ་གླིང་སྔར་བས་བསྐྲུན་པར་རེ་བ་སྦྱིན་ཡོད། ཁྱེད་ཀྱི་ཁྱད་དུ་འཕགས་པའི་འགོ་ཁྲིད་ནུས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡིད་སྨོན་བྱེད་བཞིན་ཡོད། ཐེ་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་དམ་ཟབ་བྱས་ནས་དེ་བས་བརྟན་པོ་དང་། དེ་བས་དར་རྒྱས། དེ་བས་རྒྱུན་མཐུད་བཅས་ཀྱི་ཐེ་ལན་དང་ཀྲུང་གོའི་ལས་དབང་གཅིག་མཐུན་འདུས་གྲུབ་ལག་གདང་སྦྲེལ་ནས་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
ད་དུང་ཀྲུའུ་ཞི་ཞི་ཅིན་ཕིང་ལ་རྟེན་འབྲེལ་ཞུ་མཁན་གྲས་སུ། ནོར་ཝེའི་རྒྱལ་པོ་ཧ་ལར་ཁྲི་ཐོག་ལྔ་པ་དང་། ཐི་མོར་ཤར་མའི་ཙུང་ཐུང་ཨོར་ཐ། སུའུ་ཏན་ལྷོ་མའི་ཙུང་ཐུང་ཅིར། མ་ལིའི་ཙུང་ཐུང་ཀོ་དབྱི་ཐ། ཝེར་ཏེ་གླིང་ཟུར་གྱི་ཙུང་ཐུང་ནེ་ཝེ་སི། འཇོར་ཇི་ཡའི་ཙུང་ཐུང་ཙུའུ་ལ་པི་ཧྲི་ཝེ་ལི། ཨེ་ཁྭ་ཏོར་གྱི་ཙུང་ཐུང་ལ་སོ། ཁོ་སི་ཐ་རི་ཁའི་ཙུང་ཐུང་ཁྲ་ཝེ་སི། ཏོ་སྨི་ནི་ཁན་གྱི་ཙུང་ཐུང་ས་ཝ་ལིན། སི་ལོ་ཝ་ཁེ་ཡའི་ཙུང་ཐུང་ཆ་ཕུའུ་ཐུའོ་ཝ། ཨར་པ་ནི་ཡའི་ཙུང་ཐུང་པེ་ཅ་དབྱི། པ་ཧ་མའི་ཙུང་ཏུའུ་ཧྲི་མེ་སི། ཀེ་རེན་ན་ཏའི་ཙུང་ཏུའུ་ལ་ཀེ་ལེ་ན་ཏེ། ཁུ་ཝེ་ཐེའི་དབུ་བཞུགས་བློན་ཆེན་ཨའེ་ཧ་མའེ། ཐ་ཇིག་སི་ཐན་གྱི་ཙུང་ལི་ལཱ་སུར་ཙུའོ་ཏ། སོ་ཐོ་མེ་དང་ཕུ་རིན་སི་ཕེའི་ཙུང་ལི་ཐེ་ལུའོ་ཝ་ཏ། མོ་རི་ཐིའུ་སིའི་ཙུང་ལི་ཅ་ཀེ་ན་ཐེ། པ་ཧ་མའི་ཙུང་ལི་ཏའེ་ཝེ་སི། ཐེ་རི་ནི་ཏ་དང་ཐོ་པ་ཀོའི་ཙུང་ལི་ལོ་ལི། ཕ་ཕུ་ཡ་ཀུའེ་ནེ་ཡའི་ཙུང་ལི་མཱ་ལ་ཕེ། སོ་ལོ་མོན་གླིང་ཚོམ་གྱི་ཙུང་ལི་སུའོ་ཅ་ཝ་ལེ། རི་པིན་ཀུང་མིན་ཏང་གི་འགོ་གཙོ་ཧྲན་ཁོའུ་ན་ཅིན་ནན། རི་པིན་རང་དམངས་ཏང་གི་རྒྱལ་ཁབ་ས་ཆ་བརྟན་གཏོང་སྐུལ་འདེད་པུའི་པུའུ་ཀྲང་ཨར་ཅེ་ཅུན་པོ། ཝེར་ཏེ་གླིང་ཟུར་ཨ་ཧྥེ་རི་ཁ་རང་བཙན་ཏང་གི་ཀྲུའུ་ཞི་སའེ་མེ་ཏུའོ། ཨུ་རུ་སུའི་གཅིག་གྱུར་ཨུ་རུ་སུའི་ཏང་གི་ཆེས་མཐོའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀེ་ལེ་ཙི་ལུའོ་ཕུའུ། ཧ་སག་སི་ཐན་གྱི“ཨ་མར་ན་ཐེ”ཏང་གི་ཀྲུའུ་ཞི་ཁོ་ཧྲ་ནུའོ་ཕུའུ། འཇོར་ཇི་ཡའི“ཡོ་རོབ་སྤྱི་ཚོགས་རིང་ལུགས་པ”ཏང་གི་ཀྲུའུ་ཞི་དབྱི་ཅ། བྷོ་ཧེར་རང་བཙན་སྤྱི་ཚོགས་དམངས་གཙོ་མི་སྣའི་མནའ་འབྲེལ་གྱི་ཀྲུའུ་ཞི་ཏོ་ཏི་ཁེ། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལག་བསྟར་ཀྲུའུ་ཞི་ཧྲི་ཝ་པུའུ་བཅས་ཡོད་པ་རེད།
ཕྱི་རྒྱལ་གྱི་འགོ་ཁྲིད་པ་ཁ་ཤས་ཀྱིས་སོ་སོར་གློག་འཕྲིན་གཏོང་བ་དང་འཕྲིན་ཡིག་སྤྲིངས་པ་སོགས་ཀྱི་ཐོག་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་ཐོན་པའི་སྐབས་གསར་པའི་འགོ་ཁྲིད་པ་གཞན་དག་ལའང་རྟེན་འབྲེལ་ཞུས་པ་རེད།
གཅིག རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ལ་རྟེན་འབྲེལ་ཞུ་མཁན་གྲས་སུ། ཨེ་ཁཱ་ཏོར་གྱི་ཙུང་ཐུང་ལཱ་སོ་དང་། སི་རི་ལན་ཁའི་ཙུང་ལི་ཀུ་ནཱ་ཝ་ཏེ་ནཱ། ནེ་པ་ལའི་ཙུང་ལི་ཕུའུ་ལཱ་ཁྲང་ཏ། ཐི་མོར་ཤར་མའི་ཙུང་ལི་ལུའུ་ཝ་ཁེ། སི་རི་ཡའི་ཙུང་ལི་ཨར་ནུའུ་སི། སོ་ཐོ་མེ་དང་ཕུ་རིན་སི་ཕེའི་ཙུང་ལི་ཐེ་ལོ་ཝ་ཏ། མོ་ཙམ་པི་ཁེའི་ཙུང་ལི་མཱ་ལེ་ཨ་ནཱ། ནི་ཀྲི་རི་ཡའི་ཙུང་ལི་ཝུ་ཧུ་མུ་ཏུ། ཅི་པུ་ཐིའི་ཙུང་ལི་གཱ་སྨི་ལེ། ཁུ་པའི་ཙུང་ལི་མཱ་ལེ་ལོ། པ་ཧ་མའི་ཙུང་ལི་ཏའེ་ཝེ་སི། ཐེ་རི་ནི་ཏ་དང་ཐོ་པ་ཀོའི་ཙུང་ལི་ལོ་ལི། ཨུ་རུ་སུའི་བདེ་འཇགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་མེ་ཏེ་ཝེ་ཅེ་ཧྥུའུ། བྷེ་ཨུ་རུ་སུའི་ཙུང་ལི་ཀོ་ལོ་ཧྥུའུ་ཆིན་ཁོ། ཨ་ཟེར་བྷེ་ཇན་གྱི་ཙུང་ལི་ཨ་ས་ཏོ་ཧྥུའུ། མོལ་དོ་ཝའི་ཙུང་ལི་ལེ་ཆེ་ཨན། པུར་ཀ་རི་ཡའི་ཙུང་ལི་ཏོ་ནཱ་ཧྥུའུ། ནོར་ཝེའི་དབུ་བཞུགས་བློན་ཆེན་སི་ཐེ་ལེ། ཧྥིན་ལན་གྱི་ཙུང་ལི་མཱ་ལིན། ཁོ་རེ་ཤེ་ཡའི་ཙུང་ལི་ཕུའུ་ལེན་ཁོ་ཝེ་ཆི། ཅེ་ཁེའི་ཙུང་ལི་ཧྥི་ཡ་ལ། ཝ་ནུ་ཨ་ཐུའི་ཙུང་ལི་གཱར་ས་ཁོ། ཐང་ཀའི་དབུ་བཞུགས་བློན་ཆེན་ཧུའུ་ཨ་གཱ་ཝ་མེ་ལི་ཁུ། སོ་ལོ་མོན་གླིང་ཚོམ་གྱི་ཙུང་ལི་སོ་ཅ་ཝ་ལེ། ཕ་ཁི་སི་ཐན་གྲོས་ཁང་གོང་མའི་ཀྲུའུ་ཞི་སང་ཅེ་ལཱ་ཉི། སིང་ཀ་ཕོར་གྱི་ཙུང་ལི་གཞོན་པ་དང་ནོར་སྲིད་པུའུ་ཀྲང་གཅིག་ལྕོགས་ཧོང་ཞུན་ཚའེ་དང་། ཙུང་ལི་གཞོན་པ་དང་དཔལ་འབྱོར་སྲིད་ཇུས་སྤྱི་འདོམས་པུའུ་ཀྲང་གཅིག་ལྕོགས་ཝང་རུའེ་ཅེ། རྒྱལ་དོན་སྲིད་སྐྱོང་དང་རྒྱལ་ཁབ་བདེ་འཇགས་སྤྱི་འདོམས་པུའུ་ཀྲང་གཅིག་ལྕོགས་ཀྲང་ཀྲི་ཞན། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལག་བསྟར་ཀྲུའུ་ཞི་ཧྲི་ཝ་པུ་བཅས་ཡོད་པ་རེད།
གཉིས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅིར་རྟེན་འབྲེལ་ཞུ་མཁན་གྲས་སུ། སི་རི་ཡའི་གྲོས་དཔོན་ས་པ་ཀེ་དང་། ཁོང་ཀོའི(པུའུ)རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་མུའུ་ཝུའུ་པ། མ་ཏ་ཀ་སི་ཁར་གྱི་གྲོས་ཁང་གོང་མའི་གྲོས་དཔོན་ལ་ཀྲ་ཧྥེ་མཱ་ཧའེ་ཧྥ། ཝུ་ཀན་ཏའི་གྲོས་དཔོན་ཨ་མོང་། ལི་པི་ལི་ཡའི་གྲོས་ཁང་འོག་མའི་གྲོས་དཔོན་ཆན་པོ་སི། མོ་ཞི་ཁོའི་གྲོས་ཁང་གོང་མའི་གྲོས་དཔོན་ཨ་མོན་ཐ། ཁོ་ལོམ་པི་ཡའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་དང་གྲོས་ཁང་གོང་མའི་གྲོས་དཔོན་གཅིག་ལྕོགས་པ་ལའེ་ལ་སི། གྲོས་ཁང་གོང་མའི་གྲོས་དཔོན་ལ་སའེ་ལོ། སར་ཝ་ཏོལ་ཁྲིམས་འཛུགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཨེ་ནཱ་སི་ཐོ·ཁཱ་སི་ཐེ་ལོ། པ་ཧ་མའི་གྲོས་ཁང་འོག་མའི་གྲོས་དཔོན་ཏེ་ཨའོ། ཏོ་སྨི་ནི་ཁན་གྱི་གྲོས་དཔོན་དབྱི་ས་ཁེ། ཅ་མེ་ཁའི་གྲོས་ཁང་འོག་མའི་གྲོས་དཔོན་ཏར་ལིན་ཕུར—ཧྥེ་ལི་པོ་ཐེ། བྷེ་ཨུ་རུ་སུའི་རྒྱལ་དམངས་གྲོས་ཚོགས་སྤྱི་མཐུན་རྒྱལ་ཁབ་ཁང་གི་ཀྲུའུ་ཞི་ཁོའོ་ཆ་ནོ་ཝ། འཐུས་མི་ཁང་གི་ཀྲུའུ་ཞི་ཨན་ཏེ་ལེ་ཆིན་ཁོའོ། ཏུར་མེན་སི་ཐན་གྱི་རྒྱལ་དམངས་གྲོས་ཚོགས་ཀྱི་ཀྲུའུ་ཞི་མཱ་མེ་ཏུའོ་ཝ། འཇོར་ཇི་ཡའི་གྲོས་དཔོན་ཕ་ཕུའུ་ཨ་ཧྲི་ཝེ་ལི། མོལ་དོ་ཝའི་གྲོས་དཔོན་ཀེ་ལོ་སུའུ། ཝ་ནུ་ཨ་ཐུའི་གྲོས་དཔོན་ཤིས་སྨི་ཨེན། སིང་ཀ་ཕོར་རྒྱལ་དོན་སྲིད་སྐྱོང་ལས་རོགས་དང་རྒྱལ་ཁབ་བདེ་འཇགས་སྤྱི་འདོམས་པུའུ་ཀྲང་གཅིག་ལྕོགས་ཀྲང་ཀྲི་ཞན་བཅས་ཡོད་པ་རེད།
གསུམ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ལ་རྟེན་འབྲེལ་ཞུ་མཁན་གྲས་སུ། ཝེ་ཐེ་ནམ་མེས་རྒྱལ་འཐབ་ཕྱོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཏུའུ་ཝུན་ཀྲན་དང་། ལོ་སིའི་རྒྱལ་འཛུགས་འཐབ་ཕྱོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཤིན་ལ་ཧྥེང་། སི་རི་ཡའི་གྲོས་དཔོན་ས་པ་ཀེ མ་ཏ་ཀ་སི་ཁར་གྱི་གྲོས་ཁང་གོང་མའི་གྲོས་དཔོན་ལ་ཀྲ་ཧྥེ་མཱ་ཧའེ་ཧྥ། ལི་པི་ཡའི་གྲོས་ཁང་འོག་མའི་གྲོས་དཔོན་ཆན་པོ་སི། པ་ཧ་མའི་གྲོང་ཁང་གོང་མའི་གྲོས་དཔོན་ཨ་ཏེ་ལི། ཅ་མེ་ཁའི་གྲོས་ཁང་གོང་མའི་གྲོས་དཔོན་ཐ་ཝ་ལེ་སི—ཧྥན་སེན་བཅས་ཡོད།
བཞི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་ལ་རྟེན་འབྲེལ་ཞུ་མཁན་གྲས་སུ། ལོ་སིའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་པེན་ཐུང་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་པ་ཉི། ནེ་པ་ལའི་ཙུང་ཐུང་གཞོན་པ་ཕུའུ་ཨེན། ཝུ་ཀན་ཏའི་ཙུང་ཐུང་གཞོན་པ་ཨ་ལུའུ་པོ། ལི་པི་ཡའི་ཙུང་ཐུང་གཞོན་པ་ཐའེ་ལེ། སིང་ཀ་ཕོར་གྱི་ཙུང་ལི་གཞོན་པ་དང་ནོར་སྲིད་པུའི་པུའུ་ཀྲང་གཅིག་ལྕོགས་ཧོང་ཞུན་ཚའེ། ཙུང་ལི་གཞོན་པ་དང་དཔལ་འབྱོར་སྲིད་ཇུས་སྤྱི་འདོམས་པུའི་པུའུ་ཀྲང་གཅིག་ལྕོགས་ཝང་རུའེ་ཅེ། རྒྱལ་དོན་སྲིད་སྐྱོང་ལས་རོགས་དང་རྒྱལ་ཁབ་བདེ་འཇགས་སྤྱི་འདོམས་པུའི་པུའུ་ཀྲང་གཅིག་ལྕོགས་ཀྲང་ཀྲི་ཞན་བཅས་ཡིན་པ་རེད།
འགན་འཁུར་རྩོམ་སྒྲིག་པ། 次仁曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣