ཟླ་3ཚེས་18ཉིན། 2023ལོའི་ཀྲུང་གོའི་རྒྱལ་སྒྲོལ་དྲ་ཐོག་ཚོང་འདུས་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། སྐབས་འདིའི་འགྲེམས་ཚོགས་ཐོག“རྒྱལ་སྒྲོལ་ས་ཁོངས་ཚང་མར་སྦྲེལ་མཐུད་ཀྱིས། དྲ་ཐོག་ཚོང་དོན་སྐྱེ་ཁམས་གསར་པ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། ཕྱི་ཕྱོགས་ཚོང་དོན་གྱི་རྣམ་པ་གཏོད་རྒྱུ་ཐུན་མོང་ཐོག་འཚོལ་ཞིབ་བྱས་ནས་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་འཕེལ་རྒྱས་ཀྱི་ལས་སྟེགས་གསར་པ་གཏོད་རོགས་བྱས་ཡོད། འདི་ནི་ཕ་ཁི་སི་ཐན་ནས་ཡིན་པའི་ཧྲའོ་དབྱི་མན་གྱིས་འགྲེམས་གནས་སུ་ཐད་གཏོང་བྱེད་བཞིན་པ།