དབུ་ཤོག>གསར་འགྱུར།
  • མི་རབས་ནས་མི་རབས་རྒྱུད་འཛིན་བྱས་པ། གངས་ལྗོངས་ཀྱི་གྲགས་ཅན་བོད་གྲི།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-21

    འདི་ནི་ལྷ་རྩེ་རྫོང་སླེའུ་ཤང་རྫི་ལུང་གྲོང་ཚོར་ཚེ་བརྟན་དབང་རྒྱལ(གཡས)གྱིས་ཚ་བོར་བོད་གྲི་བཟོ་སྟངས་སློབ་བཞིན་པ།

    འདི་ནི་ཚེ་བརྟན་དབང་རྒྱལ་གྱིས་བོད་གྲི་བཟོ་བཞིན་པ།

    གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གི་བོད་གྲི་བཟོ་བའི་ལག་རྩལ་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། འདི་ལོ་ལོ་73ལ་སླེབས་པའི་ཚེ་བརྟན་དབང་རྒྱལ་ནི་ལྷ་རྩེའི་རྫི་ལུང་བོད་གྲི་བཟོ་མཁན་ལག་ཤེས་པ་མི་རབས་དྲུག་པ་རེད། ལོ་བརྒྱ་ཕྲག་ཁ་ཤས་རྡུང་བཟོ་བྱས་པ་བརྒྱུད་རྫི་ལུང་བོད་གྲི་དེ་དམིགས་བསལ་གྱི་ལག་ཤེས་བཟོ་རྩལ་ཞིག་ཏུ་གྱུར་བ་མ་ཟད། རྡུང་བཟོ་ཡང་ཡང་བྱས་པའི་བོད་གྲི་ཧ་ཅང་རྣོ་པོ་ཡོད་པས་ཐོན་སྐྱེད་དང་འཚོ་བའི་ཐད་སྤྱོད་པ་ཕུད། ད་དུང་གྲི་གཞན་ཡང་བརྡར་ཆོག་གི་ཡོད།

    2008ལོར་བོད་རིགས་ཀྱི་ལྕགས་བཟོའི་ལག་རྩལ(བོད་གྲི་རྡུང་བཟོའི་ལག་རྩལ)རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་གཞག་གི་མིང་གཞུང་ཁག་གཉིས་པའི་ནང་ཚུད་ཡོད། ད་ཆ་ཚེ་བརྟན་དབང་རྒྱལ་གྱི་བུ་དང་ཚ་བོས་ཀྱང་ལག་རྩལ་དེ་རྒྱུད་འཛིན་བྱས་པས་བོད་གྲི་རྡུང་བཟོའི་ལག་རྩལ་བྱང་ཆུབ་པོ་ཡོད། རྫི་ལུང་གི་བོད་གྲི་གྲོང་ཚོ་ནས་ཐོན་ཏེ་གངས་ལྗོངས་ས་མཐོར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།