དབུ་ཤོག>གསར་འགྱུར།
  • བོད་ལྗོངས་ཀྱིས་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་སྲུང་ཚད་གཞི་མཐོ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2023-03-20

    ཉེ་ཆར། རང་སྐྱོང་ལྗོངས་དམངས་སྲིད་ཐིང་དང་ནོར་སྲིད་ཐིང་གིས་མཉམ་དུ《རང་ལྗོངས་ཀྱི་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་སྲུང་ཚད་གཞི་མཐོ་རུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། ལྗོངས་ཡོངས་ཀྱི་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་སྲུང་ཚད་གཞི་མཐོ་རུ་བཏང་བ་རེད།

    《བརྡ་ཐོའི》ནང་། 2023ལོའི་ཟླ་1ཚེས་1ཉིན་ནས་བཟུང་། ལྗོངས་ཡོངས་ཀྱི་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་སྲུང་ཚད་གཞི་རིགས་གཉིས་པའི་ཁུལ་དུ་མི་རེར་ཟླ་རེར་སྒོར་1059ནས་མི་རེར་ཟླ་རེར་སྒོར་1231བར་མཐོ་རུ་བཏང་བ་དང་། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) རིགས་གསུམ་པའི་ཁུལ་དུ་མི་རེར་ཟླ་རེར་སྒོར་1271ནས་མི་རེར་ཟླ་རེར་སྒོར་1477བར་མཐོ་རུ་བཏང་བ། རིགས་བཞི་པའི་ཁུལ་དུ་མི་རེར་ཟླ་རེར་སྒོར་1430ནས་ཟླ་རེར་སྒོར་1662བར་མཐོ་རུ་བཏང་ཞིང་། ཆ་སྙོམས་16.2%སྤོར་དགོས་པའི་བླང་བྱ་བཏོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2015ལོ་ནས་བཟུང་། རང་ལྗོངས་ཀྱི་དྭ་ཕྲུག་ཚང་མ་ས་ཁུལ་དང་གྲོང་ཁྱེར་རིམ་པའི་བྱིས་པའི་ཕན་བདེའི་སྒྲིག་གཞིར་གཅིག་སྡུད་ཐོག་གསོ་ཉར་བྱས་པ་དང་དྭ་ཕྲུག་གི་གཞི་རྩའི་འཚོ་བ་དང་། སློབ་གསོ། སྨན་བཅོས་སོགས་འགན་ལེན་ནུས་ལྡན་ཐུབ་ཡོད། ད་ཐེངས་ཀྱི་འགན་སྲུང་ཚད་གཞི་མཐོ་རུ་གཏོང་རྒྱུ་ནི་རང་ལྗོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་འདིའི་དམངས་འཚོའི་དོན་དངོས་21གི་གྲས་ཤིག་རེད། ལྗོངས་ཡོངས་ཀྱི་བྱིས་པའི་ཕན་བདེའི་སྒྲིག་གཞིས་མཐའ་སྐྱོང་འགན་སྲུང་ཞབས་ཞུར་དམིགས་ཏེ་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་སྲུང་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས་ཁོང་ཚོའི་འཚོ་བར་སེམས་ཁྲལ་མེད་པ་དང་སྤྲོ་སྣང་ངང་འཚར་ལོངས་ཡོང་བའི་འགན་ལེན་གང་ལེགས་བྱ་རྒྱུ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།