དབུ་ཤོག>གསར་འགྱུར།
  • རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་གཉིས་པའི་སྐོར་གཟིགས་བྱ་ཡུལ་ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-17

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་གཉིས་པའི་སྐོར་གཟིགས་ཀྱིས་ཆབ་མདོ་གྲོང་ཁྱེར་དང་དེ་བཞིན་དེའི་ཁོངས་གཏོགས་ཀྱི་ཁ་རུབ་ཆུས་དང་། བྲག་གཡབ་རྫོང་། འཇོ་མདའ་རྫོང་། གོ་འཇོ་རྫོང་། སྨར་ཁམས་རྫོང་། མཛོ་སྒང་རྫོང་། དཔའ་ཤོད་རྫོང་། ལྷོ་རོང་རྫོང་། དཔལ་འབར་རྫོང་། སྟེང་ཆེན་རྫོང་། རི་བོ་ཆེ་རྫོང་བཅས་དང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་དང་། ལྗོངས་སྲིད་གཞུང་གཞུང་རྒྱུ་ཨུ་ལྷན། བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་སི། བོད་ལྗོངས་འཛུགས་སྐྲུན་ལས་གྲྭ་རྒྱུ་ཆ་ཚོགས་པ་ཚད་ཡོད་ཀུང་སི། བོད་ལྗོངས་གསར་སྤེལ་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སི། བོད་ལྗོངས་རྒྱལ་སྤྱིའི་ཡུལ་སྐོར་རིག་གནས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སི། བོད་ལྗོངས་ཞིང་འབྲོག་ཐོན་ལས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སི། བོད་ལྗོངས་བདུད་རྩི་རྟགས་ཅན་བོད་སྨན་ཐོན་ལས་ཚོགས་པ་ཚད་ཡོད་ཀུང་སི། བོད་ལྗོངས་འགྲིམ་འགྲུལ་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་སི། བོད་ལྗོངས་ཀྲུང་ཤིང་ཚོང་དོན་ཟོག་འགྲེམས་ཐོན་ལས་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་སི། བོད་ལྗོངས་ཀའོ་ཁྲེ་ཚན་རྩལ་ཆ་འཕྲིན་ཐོན་ལས་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སི། བོད་ལྗོངས་ཧྲེང་ཡོན་གཏེར་ལས་ཚོགས་པ་ཚད་ཡོད་ཀུང་སི། བོད་ལྗོངས་བདེ་སྐྱིད་ཁྱིམ་གཞིས་མ་འཇོག་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སི་སོགས་ས་གནས་དང་ཚན་པའི་ཏང་རྩ་འཛུགས་ལ་རྒྱུན་གཏན་གྱི་སྐོར་གཟིགས་ལས་དོན་སྤེལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།