དབུ་ཤོག>གསར་འགྱུར།
  • མཐོང་རྒྱུ་ཡོད་པ། ཚོར་རྒྱུ་ཡོད་པ། ཕན་འབྲས་ཐོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-16

    ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱི་རིམ་ཁག་གྲོང་སྡོད་གཞུང་ལས་ཁང་དང་གྲོང་སྡོད་ལས་དོན་རུ་ཁག་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་གཙོ་རྐང་དུ་མཐའ་འཁྱོངས་བྱས་ཏེ། “ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱིས། འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་བྱས་རྗེས་གསར་པ་འཇོག”ཅེས་པའི་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ་བརྒྱུད། མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་འབྲས་ཡོད་པ་བཅས་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཁྲོད་ཀྱི་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་དགེ་མཚན་ལྡན་པའི་ནུས་པ་ཆེ་རུ་བཏང་སྟེ་མི་རིགས་ཁག་སེ་འབྲུའི་རྡོག་པོ་བཞིན་གོང་བུ་གཅིག་ཏུ་སྒྲིལ་བར་སྐུལ་འདེད་བཏང་བ་རེད།

    “མཐོང་རྒྱུ”མངོན་གསལ་དོད་པོ་ཡོང་བར་བྱེད་པ།

    རྩ་འཛུགས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་ཁ་ཕྱོགས་བརྟན་དུ་གཏོང་བར་གཅིག་འདོམས་བྱས་པ།

    ཉེ་ཆར། གསར་འགོད་པ་མངའ་རིས་ས་ཁུལ་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་གཙང་པོ་གྲོང་མི་ཨུ་ལྷན་དུ་སླེབས་པ་ན། དེ་གར་སྡེ་ཁུལ་གྱི་མི་རིགས་མཐུན་སྒྲིལ་གྱི་མཉམ་སྤྲོའི་བྱེད་སྒོ་སྤེལ་བཞིན་འདུག་པ་དང་སྒོ་རའི་ནང་སྤྲོ་སྐྱིད་དང་ཞི་མཐུན་གྱི་ཉམས་བཟང་གིས་ཁེངས།

    ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་མི་ཨུ་ལྷན་དེར་རྒྱ་རིགས་དང་། བོད་རིགས། ཡུ་གུར་རིགས། སོག་རིགས། ཧུད་རིགས་སོགས་མི་རིགས་15འཚོ་བ་སྐྱེལ་གྱི་ཡོད་པ་དང་ཁོངས་གཏོགས་ཁུལ་དུ་རྒྱུན་སྡོད་མི་འབོར་ཁྲི་2ལྷག་ཙམ་ཡོད། ལོ་ལྟར་གྲོང་མི་ཨུ་ལྷན་གྱིས་ལོ་གསར་གྱི་ལྷན་འཛོམས་རྟེན་འབྲེལ་འདུ་ཚོགས་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མིའི་མཉམ་སྤྲོའི་བཞུགས་མོལ་ཚོགས་འདུ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་བར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་འཚོགས་ནས་མི་རིགས་མཐུན་སྒྲིལ་ལས་དོན་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་མཁན་སྔོན་ཐོན་མི་སྒེར་དང་མཉམ་སྡེབ་ལ་གཟེངས་བསྟོད་བྱེད་ཀྱི་ཡོད། གཙང་པོ་གྲོང་མི་ཨུ་ལྷན་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་མཐུན་སྒྲིལ་མཛའ་གྲོགས་ཀྱི་གཏམ་རྒྱུད་ནི་མངའ་རིས་ས་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།

    ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་དེ་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་འགོ་ཁྲིད་ཀྱི་འགན་འཁྲི་མཐོང་རྒྱུ་ཡོད་པ་དང་། ལམ་སྲོལ་ལ་སྐུལ་འདེད་གཏོང་བ་མཐོང་རྒྱུ་ཡོད་པ། ཞིབ་ཕྲའི་བྱ་ཐབས་མཐོང་རྒྱུ་ཡོད་པ་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཁྱབ་ཁོངས་དེ་བས་ཆེ་བ་དང་། ཁྱབ་རྒྱ་དེ་བས་ཡངས་པ། རིམ་པ་དེ་བས་གཏིང་ཟབ་པ་བཅས་ཀྱི་སྒོ་ནས་རྒྱ་སྐྱེད་གཏོང་རྒྱུར་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱས་ཡོད། མིག་སྔའི་བར་མངའ་རིས་ས་ཁུལ་གྱི་གྲོང་ཚོ(སྡེ་ཁུལ)25མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཚོར(སྡེ་ཁུལ)བདམས་པ་དང་། རྫོང་7གྱི་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་སྤྱི་ཁྱབ་རུ་སྣེ་ཁྲིད་མཁན་གྱིས་ས་གནས་ས་ཐོག་ཏུ་བཅར་འདྲི་དང་སྤེལ་རེས་བཞུགས་མོལ་སོགས་ཀྱི་བྱེད་ཐབས་བརྒྱུད། གྲོང་ཚོར་བཅའ་སྡོད་ས་ཚིགས་145ལ་བསྐྱོད་དེ་བརྟག་ཞིབ་ཐེངས་26བྱས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྐུལ་འདེད་དང་མཛུབ་ཁྲིད་བྱས་པ་རེད།

    “ཚོར་རྒྱུ”མངོན་གསལ་དོད་པོ་ཡོང་བར་བྱེད་པ།

    བསམ་བློར་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་མཐུན་ཆ་ཆེ་ཤོས་གཏོད་རྒྱུར་སྣེ་ཁྲིད་བྱས་པ།

    མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ནི་མིག་མཐོང་ལག་ཟིན་ཐུབ་པའི་ལས་དོན་ཞིག་ཡིན་ལ། སྐད་གྲགས་མེད་པར་སྒྲུབ་དགོས་པའི་ལས་དོན་ཞིག་ཀྱང་རེད། མངའ་རིས་ས་ཁུལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང“འདུ་ཤེས་གསུམ”གྱི་དྲིལ་བསྒྲགས་སློབ་གསོར་བརྟེན་ནས་ཏང་དང་སེམས་པ་གཅིག་མཐུན་དང་། མེས་རྒྱལ་དང་བློ་ཁ་གཅིག་མཐུན། མི་དམངས་དང་མཉམ་དུ་འགྲོགས་པ་བཅས་ཀྱི་བསམ་བློའི་ངོས་འཛིན་བརྟན་དུ་བཏང་ཡོད།

    ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ཚུན། མངའ་རིས་ས་ཁུལ་གྱིས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སློབ་གསོ་སོགས་བསྡོམས་ཐེངས་2024རྒྱ་ཁྱབ་ངང་སྤེལ་བ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་ཁག་1921བྱས་པ། “འདུ་ཤེས་གསུམ”གྱི་དྲིལ་བསྒྲགས་སློབ་གསོ་དང“ལོ་ལྔ་ཚན་བརྒྱད་པའི”བཅའ་ཁྲིམས་ཁྱབ་གདལ་སོགས་ཐེངས་966སྤེལ་བ། མི་རིགས་ཁག་གི་མང་ཚོགས་ལ་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུ་དང་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལག་ལེན་ཁྲོད“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱས་ཡོད།

    “ཕན་འབྲས”མངོན་གསལ་དོད་པོ་ཐོན་པར་བྱེད་པ།

    གྲོང་གསེབ་དར་རྒྱས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་གསོན་ཤུགས་འཕེལ་བར་བྱས་པ།

    རུ་ཐོག་རྫོང་རེ་ཅོ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་དང་གྲོང་མིས་མུའུ་1400ལྷག་ཙམ་གྱི་ས་མཐོའི་སྡོང་ཕྲུག་རྟེན་གཞིར་བཏབ་མ་ཐག་པའི་སྡོང་ཕྲུག་ལ་ཆུ་རྒྱག་བཞིན་ཡོད་པ་དང་བྲེལ་བརྩོན་གྱི་རྣམ་པས་ཁེངས།

    ཤེས་རྟོགས་བྱུང་བར་གཞིགས་ན། རེ་ཅོ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཕྱོགས་མང་པོའི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་། གྲོང་ཚོའི“ཨུ་ལྷན་གཉིས”ལ་གཞོགས་འདེགས་བྱས་ཏེ་སེམས་ནུས་ཡོད་རྒུ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་བཞག་ནས་སྡོང་ཕྲུག་རྟེན་གཞི་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་ཇུས་གཞི་འཆར་འགོད་ཞིབ་ཚགས་བྱས་ཤིང་། 2017ལོ་ནས་ལོ་ལྟར་རྣམ་གྲངས་འཛུགས་སྐྲུན་གྱི་མ་དངུལ་བཏང་ནས་སྡོང་ཕྲུག་རྟེན་གཞི་རྒྱུན་མཐུད་སྟོབས་ཆེར་གཏོང་གི་ཡོད། མིག་སྔའི་བར་རེ་ཅོ་གྲོང་ཚོའི་སྡོང་ཕྲུག་རྟེན་གཞིར་རིམ་རྩིས་བྱས་ན་འདེབས་ཁྱོན་མུའུ་1460ལྷག་ཙམ་ཟིན་ནས་གྲོང་ཚོ་དེ་གའི་མང་ཚོགས་ངལ་ནུས་མི་ཐེངས་1000ལྷག་ཙམ་སྤྱད་པར་རིམ་རྩིས་བྱས་ན་འབབ་འཕར་སྒོར་ཁྲི་30ལྷག་ཙམ་བྱུང་བ་རེད།

    ཉེ་བའི་ལོ་འགའི་རིང་། མངའ་རིས་ས་ཁུལ་གྱི་རིམ་ཁག་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་ཁྲོད་ཀྱི“འབྲེལ་ཐག”གི་ནུས་པ་གང་ལེགས་བཏོན་ནས་གྲོང་སྡོད་ལས་བྱེད་པས་ཆ་སྒྲིག་རོགས་སྐྱོར་དང“ཏང་ཡོན་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་ཆ་སྒྲིག་གཉེན་འཚོལ་དང་གྲོགས་སྒྲིག”གི་བྱེད་སྒོ་རྒྱུན་མཐུད་གཏིང་ཟབ་སྤེལ་ཞིང་། ཞིང་འབྲོག་མང་ཚོགས་ཀྱི་དཀའ་ངལ་དང་གནད་དོན་462ཐག་གཅོད་བྱེད་རོགས་བྱས་པ་དང་། འཕེལ་རྒྱས་ཀྱི་བསམ་ཕྱོགས་ཁག་141གསལ་པོ་བཟོས་པ། དཔལ་འབྱོར་གོང་འཕེལ་གྱི་འཆར་འགོད་རྣམ་གྲངས་75ལག་ལེན་བསྟར་བ། གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་57ལ་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་75དང་ཆེད་ལས་མཉམ་ལས་ཁང་73སྐྲུན་རོགས་བྱས་པ། ཞིང་འབྲོག་མང་ཚོགས་ཀྱི་མཁོ་ཆོད་རྩལ་ནུས་གསོ་སྦྱོང་ཐེངས་59གཉེར་རོགས་བྱས་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཐུབ་རྒྱུར་རོགས་རམ་བཅས་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་བར་ནུས་ཤུགས་བཏོན་པ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱེད་པའི་ཐོབ་སྣང་དང་སྐྱིད་སྣང་ལ་བརྟེན་ནས། མི་རིགས་ཁག་གི་མང་ཚོགས་ལ་རང་ཉིད་ཀྱི་མིག་འབྲས་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་དགོས་པ་དང་རང་ཉིད་ཀྱི་ཚེ་སྲོག་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་དགོས་པའི་ཁྲིད་སྟོན་དང་སློབ་གསོ་བརྒྱབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།