དབུ་ཤོག>གསར་འགྱུར།
  • བོད་ཀྱི་མི་འདི་དག་གི་ཁ་གསབ་ཚད་གཞི་མཐོ་རུ་བཏང་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2023-03-14

    དྭ་ཕྲུག་གི་གཞི་རྩའི་འཚོ་བའི་ཁ་གསབ་ཚད་གཞི་མཐོ་རུ་བཏང་བ།

    ཉེ་ཆར།  རང་ལྗོངས་ཀྱི་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་སྲུང་གི་ཆུ་ཚད་སྔར་བས་མཐོ་རུ་དང་དཀའ་ངལ་ཡོད་པའི་བྱིས་པའི་སྐྱིད་སྣང་དང་ཐོབ་སྣང་ཆེ་རུ་གཏོང་ཆེད། བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་དང་ནོར་སྲིད་ཐིང་གིས་མཉམ་དུ《རང་ལྗོངས་ཀྱི་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་སྲུང་ཚད་གཞི་མཐོ་རུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》(བོད་དམངས་ཀྱིས་སྤེལ〔2023〕ཨང་10པ)བཀྲམ་ནས་ལྗོངས་ཡོངས་ཀྱི་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་ཁ་གསབ་ཚད་གཞི་མཐོ་རུ་བཏང་བ་རེད།

    ཞིབ་ཕྲའི་ཚད་གཞི་གཤམ་གསལ། 

    2023ལོའི་ཟླ་1ཚེས་1ཉིན་ནས་བཟུང་། ལྗོངས་ཡོངས་ཀྱི་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་སྲུང་ཚད་གཞི་ས་བབ་རིགས་གཉིས་པའི་ཁུལ་དུ་མི་རེར་ཟླ་རེར་སྒོར་1059ནས་མི་རེར་ཟླ་རེར་སྒོར་1231བར་མཐོ་རུ་བཏང་བ་དང་། ས་བབ་རིགས་གསུམ་པའི་ཁུལ་དུ་མི་རེར་ཟླ་རེར་སྒོར་1271ནས་མི་རེར་ཟླ་རེར་སྒོར་1477བར་མཐོ་རུ་བཏང་བ། ས་བབ་རིགས་བཞི་པའི་ཁུལ་དུ་མི་རེར་ཟླ་རེར་སྒོར་1430ནས་མི་རེར་ཟླ་རེར་སྒོར་1662བར་མཐོ་རུ་བཏང་ཞིང་། ཆ་སྙོམས་བྱས་ན་16.2%འཕར་ཡོད་པ་རེད།

     ད་ཐེངས་ཀྱི་འགན་སྲུང་ཚད་གཞི་མཐོ་རུ་གཏོང་བ་ནི་རང་ལྗོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་འགོ་ཚུགས་ལོའི་དམངས་འཚོའི་དོན་དངོས་21སྒྲུབ་པའི་གྲས་ཤིག་རེད། ལྗོངས་ཡོངས་ཀྱི་བྱིས་པའི་ཕན་བདེ་ལས་ཁུངས་ཀྱིས་མཐའ་སྐྱོང་འགན་སྲུང་གི་ཞབས་ཞུར་དམིགས་ནས་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་སྲུང་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཁོང་ཚོ་འཚོ་བར་སེམས་ཁྲལ་མེད་པ་དང་བདེ་སྐྱིད་ངང་འཚར་ལོངས་ཡོང་བའི་འགན་ལེན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།