དབུ་ཤོག>གསར་འགྱུར།
  • མི་སེར་གྱི“བདེ་སྐྱིད་བརྟན་པོ”སྲུང་སྐྱོང་གང་ལེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-12

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། རང་ལྗོངས་ཀྱིས་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་དང་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་གཏོང་བ་ལས་དོན་ཁག་སྒྲུབ་པའི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩིས་ནས་དམངས་འཚོར་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ་དང་། དམངས་འཚོའི་ཞན་ཆ་གང་མགྱོགས་བསལ་བ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ་མི་སེར་ཚོར་འགྱུར་ལྡོག་དངོས་འབྲེལ་མྱོང་ཚོར་ཐུབ་པ་དང་ཕན་པ་དངོས་ཐོབ་པར་བྱས་པས། མི་སེར་ཚོའི“བདེ་སྐྱིད་བརྟན་པོ”སྲུང་སྐྱོང་གང་ལེགས་ཐུབ་ཡོད།

    ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་གྲུབ་ཆའི་རང་བཞིན་གྱི་ལས་ཞུགས་ཀྱི་འགལ་ཟླ་ཞི་ལྷོད་དུ་བཏང་བ་དང་། མི་ཤུགས་ཐོན་ཁུངས་ཁྲོམ་རའི་ཞབས་ཞུའི་མ་ལག་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ། རྒྱུན་རྣམ་ཅན་གྱི“དྲ་ཐོག་དང་དྲ་ཕྱིའི”ལས་མི་བསྡུ་བའི་འབྲེལ་མཐུད་ལས་སྟེགས་བསྐྲུན་ནས་གྲོང་ཁྱེར་ཡོངས་ཀྱི་ལས་ཞུགས་བསྡོམས་འབོར་དང་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ཡན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཐུབ་ཡོད། “སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་ལམ་བུར་ལས་ཞུགས་ཀྱི་ལས་དོན་ནམ་ཡང་ཚར་དུས་མེད། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་མུ་མཐུད་གོ་སྐབས་ལ་དམ་འཛིན་དང་དཀའ་ངལ་ལ་མ་འཛེམས་པར་གྲོང་ཁྱེར་ཡོངས་ཀྱི་ལས་ཞུགས་བརྟན་དུ་གཏོང་བའི་ལས་དོན་ལ་ཕན་འབྲས་སྔར་ལས་ཆེ་བ་འཐོབ་པར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་ཆབ་མདོ་གྲོང་ཁྱེར་མི་སྤྱི་ཅུས་ཀྱི་ཅུས་ཀྲང་གཞོན་པ་སུང་པིན་གྱིས་བརྗོད།

    “རིམས་ནད་ཀྱི་གནས་ཚུལ་ཛ་དྲག་པའི་འོག་གྲོང་ལྷོ་ཁྲོམ་གཞུང་ཏང་དོན་ཨུ་ལྷན་གྱིས་སྲིད་ཇུས་ཀྱི་ཐ་སྐྱོང་དང་། ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་སྒྲོག་འགྲེལ། ལས་ཞུགས་ལས་གནས་འོས་སྦྱོར། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས། སྤྱི་དབང་མིན་པའི་ཁེ་ལས་ཀྱིས་ལས་ཀར་བསྡུ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་བཏང་བར་ཕན་འབྲས་གསར་པ་ཐོབ་ཡོད། སླད་ཕྱིན་ལས་དོན་སྤེལ་རིང་། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་ལྟར་ལས་ཞུགས་ཆ་འཕྲིན་གྱི་ཞབས་འདེགས་རྒྱུན་མཐུད་ལེགས་པོ་ཞུ་བ་དང་། མཐོ་སློབ་སློབ་ཐོན་སློབ་མ་སྡེ་ཁུལ་ཁག་གི་མཉམ་སྡེབ་དཔལ་འབྱོར་གྱི་ལས་དོན་ལ་ཧུར་ཐག་ཞུགས་པར་སྐུལ་ལྕག་དང་། ཁོ་ཚོས་རང་ངོས་ཀྱི་ལས་ཞུགས་ཐག་གཅོད་ཐུབ་པ་དང་དུས་མཚུངས་སློབ་ཐོན་སློབ་མ་གཞན་དང་མང་ཚོགས་ལས་ཞུགས་ཐུབ་པར་ཁྲིད་སྟོན་བྱེད་ཀྱི་ཡིན”ཞེས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གྲོང་ལྷོ་ཁྲོམ་གཞུང་ཏང་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ལི་ཀྲའོ་ཤིན་གྱིས་བཤད།

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གཏམ་ཤུལ་སྡེ་ཁུལ་གྱིས་ས་བབ་དང་འགྲིམ་འགྲུལ་གྱི་ལེགས་ཆར་བརྟེན་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་གྲོང་ཚོའི་མཉམ་སྡེབ་ཀྱི་བེད་མེད་ཐོན་ཁུངས་བེད་སྤྱད་དེ། ལམ་རྒྱུད་དུ་ཚོང་ཁང་34བསྐྲུན་པས་2022ལོར་སྡོད་ཁང་བོགས་གཏོང་གི་ཡོང་འབབ་ཁོ་ནར་སྒོར་ཁྲི་30ལྷག་ཙམ་བྱུང་ཡོད། དེས་མ་ཚད་གཏམ་ཤུལ་སྡེ་ཁུལ་གྱི་བྱེ་རྡོ་ར་བས་ལོ་གསུམ་རིང་མཉམ་སྡེབ་དཔལ་འབྱོར་རྣམ་པའི་གཉེར་སྐྱོང་དོ་དམ་བྱས་པ་བརྒྱུད། དཔལ་འབྱོར་གྱི་ཕན་འབྲས་ཡག་པོ་བྱུང་ནས་ལོ་གཉིས་བསྟུད་མར་བྲིན་ཚོང་བསྡོམས་འབོར་སྒོར་ཁྲི་62ཟིན་ནས་གྲོང་ཚོའི་མཉམ་སྡེབ་ཡོང་འབབ་མང་དུ་སོང་བ་མ་ཟད། ད་དུང་དབུལ་གྲོལ་དུད་ཚང་ལ་ལས་ཞུགས་ལས་གནས་མཁོ་འདོན་བྱས་ནས་ས་གནས་དེ་གའི་མང་ཚོགས་ཕ་ཡུལ་ནས་འབྲལ་མི་དགོས་པར་ལས་ཞུགས་འབབ་འཕར་མངོན་འགྱུར་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།