ཉེ་ཆར། བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་2023ལོའི་གཙོ་གནད་རྣམ་གྲངས་གཅིག་སྡུད་ལས་འགོ་བསྐྱར་ཚུགས་ཀྱི་མཛད་སྒོ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སློབ་ཆུང་གསུམ་པར་གཉེར་བ་རེད།
ལས་འགོ་བསྐྱར་ཚུགས་ཀྱི་མཛད་སྒོའི་ཐོག ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སློབ་ཆུང་གསུམ་པའི་ལས་གྲྭའི་འགན་འཁུར་བས། འཛུགས་སྐྲུན་གྱི་ལས་འགན་ཁག་ལ་དམ་པོར་དམིགས་ནས། སྟོབས་དང་ལྡན་པའི་ཨར་ལས་ཚོགས་པ་ཞིག་བཙུགས་པ་དང་། ཇུས་འགོད་དང་ལས་ཡུན་གྱི་བླང་བྱར་ནན་པོ་གཞིགས་ཏེ། རྣམ་གྲངས་འཛུགས་སྐྲུན་གྱི་ལས་དོན་ཁག་དོན་འཁྱོལ་ཡག་པོ་བྱས་ནས། ལོ་འཁོར་འདིའི་ནང་རྣམ་གྲངས་ཀྱི་ལས་གྲྭ་གཙོ་བོ་ལེགས་གྲུབ་ཀྱིས་ཐོག་གསོལ་གཏོང་ཐུབ་པའི་འགན་ལེན་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།
ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སློབ་ཆུང་གསུམ་པའི་འཛུགས་སྐྲུན་རྣམ་གྲངས་ལ་ཁྱོན་མུའུ་75ཙམ་ཟིན་པར་བསྡོམས་མ་དངུལ་སྒོར་ཁྲི་11582.22གཏོང་རྩིས་ཡོད་པ་དང་། གསར་དུ་རྒྱག་གྲབས་ཡོད་པའི་སྐྲུན་དངོས་ཀྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་27529.23ཟིན་གྱི་ཡོད་ཅིང་། དེའི་ནང་ཕྱོགས་བསྡུས་ཐོག་བརྩེགས་ཁང་ཆེན་དང་། དགེ་རྒན་གྱི་ཉལ་ཁང་། ཟ་ཁང་། ལུས་རྩལ་ཐང་དང་དེ་བཞིན་ཞོར་གཏོགས་ཀྱི་ལས་གྲྭ་བཅས་ཚུད་ཡོད། མིག་སྔར་རྣམ་གྲངས་དེའི་10%ཙམ་ལེགས་སྒྲུབ་ཟིན་པ་དང་། སྔོན་དཔག་བྱས་ན་2024ལོའི་ཟླ་6པར་ལས་གཞུག་འགྲིལ་ཐུབ་པ་བྱ་རྒྱུ་རེད།