@ཁྱིམ་བདག་ཚོ། ཕྲུ་གུས་ཁ་པར་བལྟས་པའི་གནོད་པ་འདི་དག་ཤེས་ན་ལེགས།
ཁ་པར་སོགས་གློག་རྡུལ་ཐོན་རྫས་ཀྱིས་ཕྲུ་གུར་གནོད་པ་གང་དག་ཡོད་དམ།
རུས་པ་འཚར་བར་ཤུགས་རྐྱེན་བཟོ་བ།
བྱིས་དུས་ནི་ཕྲུ་གུའི་གཟུགས་པོའི་རུས་པ་འཚར་ལོངས་ཡོང་དང་ཡོང་བཞིན་པའི་དུས་ཡིན་པ་དང་། ཕྲུ་གུ་མང་པོས་ཁ་པར་ལྟ་སྐབས་མགོ་བོ་སྒུར་ནས་རྩེད་པ་དང་། འབོལ་ཁྲིའི་སྟེང་ཉལ་ནས་རྩེད་པ། ཡང་ན་གཟུགས་པོ་ཀྱོག་ཀྱོག་བྱས་ནས་རྩེད་པ་སོགས་བྱེད་ཀྱི་ཡོད། སྡོད་སྟངས་དེ་དག་གིས་ཕྲུ་གུའི་མཇིང་པ་དང་ཕྲག་པ། སྒལ་ཚིགས་སོགས་འཚར་ལོངས་ཡོང་བར་ཤུགས་རྐྱེན་བཟོ་གི་ཡོད།
མིག་ཤེད་ཉམས་པ།
རང་གཅུན་གྱི་ནུས་པ་ཤོར་བ།
གཤིས་ཀར་ཤུགས་རྐྱེན་ཐེབས་པ།
ཡུན་རིང་ཁ་པར་ལ་མགོ་འཁོར་ནས་ཕ་མ་བུ་ཕྲུག་དབར་དང་ན་མཉམ་གྱི་ཕྲུ་གུ་གཞན་དབར་གླེང་མོལ་བྱ་རྒྱུ་ཉུང་དུ་ཕྱིན་ནས། གཞན་དང་ཁ་བརྡ་བྱེད་མི་འདོད་པའམ་མི་དང་མིའི་དབར་འབྲེལ་འདྲིས་བྱེད་པའི་ནུས་པ་རིམ་བཞིན་ཞན་དུ་འགྲོ་གི་ཡོད།
སེམས་ཁམས་ལ་ཤུགས་རྐྱེན་ཐེབས་པ།
ཁ་པར་གྱིས་བསྐྲུན་པའི་རྟོག་བཟོའི་འཇིག་རྟེན་ལ་ཡུན་རིང་མགོ་འཁོར་བས་ཕྲུ་གུའི་སེམས་ཁམས་འཚར་ལོངས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཞིབ་འཇུག་ལས་ཤེས་རྟོགས་བྱུང་བར། ཁ་པར་ལ་དབྱིངས་ཞུགས་མཁན་ཕྲུ་གུ་རྣམས་ན་མཉམ་གྱི་ཕྲུ་གུ་གཞན་ལས་སེམས་ཁམས་མི་བདེ་བ་དང་གཉིད་ཡག་པོ་མི་ཁུག་པ། རླུང་ལངས་བ་སོགས་དེ་བས་ཚབས་ཆེ་བ་ཡོད།
ཕྲུ་གུ་ཞིག་འཕྲོ་བརླག་གཏོང་འདོད་ན། ཁ་པར་གཅིག་སྤྲད་ན་འགྲིག སྐད་ཆ་འདི་ནི་སྒྲོ་འདོགས་དང་འཇིགས་སྐུལ་བྱས་པ་ཞིག་གཏན་ནས་མིན། གློག་རྡུལ་ཐོན་རྫས་ཀྱིས་ཕྲུ་གུར་གནོད་པ་ཆེན་པོ་འདི་འདྲ་ཡོད་དུས་ང་ཚོས་ཇི་འདྲ་བྱེད་དགོས་སམ་ཞེ་ན།
ཁ་པར་ལྟ་ཡུན་ཐུང་དུ་གཏོང་བ།
འགན་འཁུར་རྩོམ་སྒྲིག་པ། 尼玛曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣