དབུ་ཤོག>གསར་འགྱུར།
  • དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་དམིགས་ཚད་དང་ལས་འགན་མངོན་འགྱུར་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-04

    ཟླ་3ཚེས་4ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་པེ་ཅིང་དུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། རིགས་ཁོངས་ཁག་34ནས་ཕེབས་པའི་སྐབས་གསར་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་2100ལྷག་ཙམ་གྱིས་དུས་རབས་གསར་པའི་འུར་འུར་དུ་ལྡང་བའི་ཤར་རླུང་དང་བསྟུན་ཏེ། མི་དམངས་དུང་ཕྱུར་མང་པོའི་རེ་སྒུག་ཆེན་པོ་ཕྲག་ཏུ་ཁུར་ནས་རྒྱལ་སར་ཐུན་མོང་ཐོག་རྒྱལ་ཇུས་མཉམ་གྲོས་བྱེད་པར་འཛོམས་པ་རེད། ང་ཚོས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།

    དུས་རབས་གསར་པའི་ལོ་བཅུ་པོ་སྤྱིར་བཏང་གཏན་ནས་མིན་པའི་ལོ་བཅུ་ཡིན་ཞིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། དཔལ་འབྱོར་བརྟན་པོ་དང་། འཕེལ་རྒྱས་ལ་སྐུལ་འདེད། དབུལ་ཕོངས་ལས་རྒྱལ་བ། འབྱོར་འབྲིང་འཛུགས་སྐྲུན། རིམས་ནད་ཚོད་འཛིན། གེགས་བར་ཆེན་པོ་འགོག་པ། འགྱུར་ལྡོག་ཆེན་པོར་ཁ་གཏད་གཅོག་པ། ཉེན་ཁ་སེལ་བ་བཅས་བྱས་པར། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ་དང་། རང་རྒྱལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་སྐྱོད་པར་སྐུལ་འདེད་བཏང་བ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་ཡོད། ལྷག་པར་དུ་འདས་པའི་ལོ་ལྔར། ང་ཚོས་འཛམ་གླིང་གི་འགྱུར་ལྡོག་ཆེ་རུ་འགྲོ་བ་དང་། ཏོག་གསར་རིམས་ནད་ཀྱི་རྡབ་རྡེག་ཕོག་པ། རྒྱལ་ནང་གི་དཔལ་འབྱོར་འཕར་ཚད་ཆག་པ་སོགས་ཀྱི་ཚོད་བགམ་ཆེན་པོ་མང་པོ་ཉམས་སད་ཐེག་པ་དང་། དབུལ་པོ་དབུལ་ནག་གི་གནད་དོན་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་སྒོ་ནས་ཐག་གཅོད་བྱས་པ། དུས་བཀག་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱས་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཐག་གཅོད་ཀྱི་རང་བཞིན་ལྡན་པའི་རྒྱལ་ཁ་ཆེན་པོ་ཐོབ་པ། མིའི་རིགས་ཀྱི་ཤེས་དཔལ་གྱི་ལོ་རྒྱུས་ཐོག་མི་འབོར་མང་བའི་རྒྱལ་ཁབ་ཆེན་པོ་ཞིག་གིས་རིམས་ནད་མཆེད་རྒྱ་ཆེན་པོ་ནས་གྲུབ་འབྲས་ཐོབ་པའི་ངང་ཐར་བའི་བྱས་རྗེས་ངོ་མཚར་བཏོད་པ། འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་བཏང་ཡོད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འཕོ་འགྱུར་བྱུང་བ་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དཀའ་སྤྱད་འབད་འཐབ་བྱས་པའི་འབྲས་བུ་རེད་ལ། དམངས་གཙོའི་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཚུད་པའི་འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མིས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འབྲས་བུའང་རེད།

    རྒྱལ་ཁབ་ཀྱི་དོན་དུ་འགན་ནུས་བསྒྲུབས་ནས་འགན་སེམས་མངོན་པ་དང་། དམངས་ཀྱི་དོན་དུ་འགན་འཁྲི་ཁུར་ནས་ཐོག་མའི་བསམ་འདུན་ལག་ལེན་བསྟར་ཡོད། ལོ་ལྔའི་རིང་མི་དམངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་དང་། ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ། ལྟེ་བར་དམ་པོར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། དངོས་སྒྲུབ་ནུས་ལྡན་གྱི་སྒོ་ནས་ཆེད་དོན་གྲོས་མོལ་ལས་ཁུངས་འཛུགས་སྐྲུན་བྱེད་ཟབ་ཏུ་གཏོང་བ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་མཉམ་དུ་སྒྲུབ་པ། དུས་བསྟུན་འཕེལ་རྒྱས་ཀྱིས་མི་དམངས་སྲིད་གྲོས་ཀྱི་ལག་ལེན་གསར་གཏོད་དང་། རིགས་པའི་གཞུང་ལུགས་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་སྐུལ་འདེད་བཏང་སྟེ། མི་དམངས་སྲིད་གྲོས་ཀྱི་བྱ་གཞག་ལས་རྣམ་པ་གསར་པ་མངོན་པར་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་ཕུལ་ཡོད།

    ཏང་གི་ཚོགས་ཆེན་ཉི་ཤུ་པས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཆེའི་འཆར་གཞི་བཀོད་པ་དང་། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་དམིགས་ཚད་དང་ལས་འགན་གསལ་པོར་བསྟན་པ། དཔའ་མཛངས་རྟུལ་ཕོད་ཀྱིས་རྒྱང་ལམ་གསར་པར་སྐྱོད་པའི་དུས་རབས་ཀྱི་དུང་བརྡ་བསྒྲགས་ཡོད། དེང་སྐབས་འཛམ་གླིང་དང་། དུས་རབས། ལོ་རྒྱུས་བཅས་སྔར་འབྱུང་མ་མྱོང་བའི་རྣམ་པའི་ཐོག་ནས་འཕོ་འགྱུར་འགྲོ་བཞིན་ཡོད་པ་དང་། རང་རྒྱལ་གྱི་འཕེལ་རྒྱས་དེ་འཐབ་ཇུས་གོ་སྐབས་དང་ཉེན་ཁ་འགྲན་སློང་མཉམ་དུ་གནས་པ་དང་། ངེས་གཏན་མེད་ལ་ཚོད་དཔག་དཀའ་བའི་རྒྱུ་རྐྱེན་མང་དུ་འགྲོ་བའི་དུས་སྐབས་སུ་སླེབས་ཡོད་པས། ངེས་པར་དུ་དྲག་ཆར་རླུང་འཚུབ་དང་ཐ་ན་རྦ་རླབས་འཇིགས་སུ་རུང་བའི་ཚོད་བགམ་ནན་པོ་འཕྲད་སྲིད་པའི་གྲ་སྒྲིག་ཡོད་པ་བྱེད་དགོས། དུས་བབ་རྙོག་འཛིང་ཇི་ཙམ་ཆེ་བ་དང་ལས་འགན་ཇི་ཙམ་དཀའ་ཚེགས་ཆེ་ན། དེ་ཙམ་གྱིས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཆབ་སྲིད་ཀྱི་ལེགས་ཆ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་དེ་བས་བཏོན་ཏེ། བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་གནང་བའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དུ་གཅིག་གྱུར་ཏན་ཏིག་ཡོང་བར་བྱས་ནས། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་དམིགས་ཚད་དང་ལས་འགན་མངོན་འགྱུར་བྱེད་པར་བློ་གྲོས་དང་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་དགོས།

    གྲོས་མོལ་དམངས་གཙོ་ནི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བའི་རྣམ་པ་གལ་ཆེན་ཞིག་དང་། མི་དམངས་སྲིད་གྲོས་ནི་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་ལས་ཁུངས་ཤིག་ཡིན་པས། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་ལ་ཕྱོགས་མང་པོའི་ཐད་ཀྱི་དམིགས་བསལ་གྱི་ལེགས་ཆ་ལྡན་ཡོད། མདུན་སྐྱོད་ཀྱི་ལམ་བུར་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་ཡོང་རྒྱུ་མཐའ་འཁྱོངས། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཟབ་གཏོང་གཉིས་ཕན་ཚུན་འབྲེལ་མཐུད་དང་། སྲིད་དོན་ཇུས་འབུལ། ངོས་འཛིན་གཅིག་མཐུན་བཅས་ཡོང་བར་ཕྱོགས་གཉིས་ནས་ཤུགས་རྒྱག་རྒྱུ་མཐའ་འཁྱོངས། མི་དམངས་སྲིད་གྲོས་ནི་ཆེད་དོན་གྲོས་མོལ་ལས་ཁུངས་ཡིན་པའི་ནུས་པ་འདོན་སྤེལ་བྱེད་པ། ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་སོགས་ཀྱི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གྲོས་མོལ་སྤེལ་རེས་གཏིང་ཟབ་དང་། བསམ་འཆར་གང་ལེགས་མཚོན་པ། ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ཏུ་ཡོང་བ་བཅས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་ལེགས་ཆ་དེ་རྒྱལ་ཁབ་བཅོས་སྐྱོང་གི་ནུས་ཕྱོད་དུ་སྔར་བས་ལེགས་པར་སྒྱུར་དགོས།

    འདི་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་འགོ་ཚུགས་པའི་ལོ་ཞིག་རེད། འགོ་ཚུགས་ནི་སྤྱི་ཡོངས་དང་འབྲེལ་བ་ཡོད་པ་དང་། འགོ་ཚུགས་ཀྱིས་གྲུབ་འབྲས་ཇི་ཡོང་ཐག་གཅོད་བྱེད། དམིགས་ཚད་གསར་པར་ཕྱོགས་ནས་ཞུམ་མེད་མདུན་སྐྱོད་ངང་ཡང་བསྐྱར་རྡོག་ཐོན་བྱེད་དགོས། མི་དམངས་སྲིད་གྲོས་ཀྱི་ལས་འགན་གཟི་བརྗིད་ཆེ་ལ་འགན་འཁྲི་ལྕི་པོ་ཡོད། སྐབས་གསར་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་པ་དང་། ལོ་རྒྱུས་ཀྱི་རང་འགུལ་ཆེ་རུ་གཏོང་བ། ནན་ཏན་ངང་རང་འགན་གཙང་སྒྲུབ་བཅས་བྱས་ནས་རྒྱང་ལམ་གསར་པའི་འགོ་ཡག་པོ་འཛུགས་པར་གྲོས་འགོ་ཡག་པོ་འདོན་པ་དང་། ཐབས་ཇུས་བཟང་པོ་འདོན་པ། བྱ་ཐབས་དངོས་འདོན་པ་བཅས་བྱེད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། གདེང་ཚོད་བརྟན་དུ་གཏོང་བ་དང་། བློ་སེམས་གཅིག་མཐུན། དཀའ་སྤྱད་ལས་སྒྲུབ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་བརྟན་པོ་སྤོས་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས།

    ཚོགས་ཆེན་ཐུགས་གྲ་ལེགས་སྒྲིག་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།