2023ལོའི་འགོ་ཁྲིད་ལས་བྱེད་པ“གཞི་རིམ་དུ་བསྐྱོད་ནས་ཞུ་ཉན་བྱས་ཏེ་བྱ་བ་དངོས་སྒྲུབ་པའི”བྱེད་སྒོའི་སྐོར་གྱི་ལྷ་ས་གྲོང་ཁྱེར་གྱི་སྤྱི་བསྒྲགས།
“སྤྱོད་ཚུལ་འཛུགས་སྐྱོང་ལོའི”ལས་དོན་གཏིང་ཟབ་སྤེལ་ཆེད། ལྷ་ས་གྲོང་ཁྱེར་གྱིས་ཟླ་3ཚེས་1ཉིན་ནས་བཟུང་འགོ་ཁྲིད་ལས་བྱེད་པ“གཞི་རིམ་དུ་བསྐྱོད་ནས་ཞུ་ཉན་བྱས་ཏེ་བྱ་བ་དངོས་སྒྲུབ་པའི”བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཏེ“འབྲེལ་གཏུག་བཞི་དང་འགན་གཙང་ལེན་བཞིའི”ལས་ཀའི་ལམ་སྲོལ་རྒྱུན་མཐུད་ངང་ལག་ལེན་བསྟར་བ་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པ་སྒྲིག་འཛུགས་ཀྱིས་གཞི་རིམ་གྱི་འཐབ་ས་དང་པོ་དང་རྒྱ་ཆེའི་མང་ཚོགས་ཁྲོད་བསྐྱོད་ནས། རང་འགུལ་གྱིས་ཞུ་ཉན་དང་། རང་འགུལ་གྱིས་ཁ་ཆད་བཅར་འདྲི། དུས་བཀག་ལྟར་གཤམ་སྐྱོད་བཅར་འདྲི། དངོས་སྡོད་བརྟག་ཞིབ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་རེ་འདུན་རྒྱ་ཁྱབ་བསྡུ་ལེན་བྱས་ནས་མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་ཁྲིམས་ལྟར་དུས་ཐོག་ཏུ་རང་ས་ནས་ཐག་གཅོད་བྱེད་ཀྱི་ཡོད། རྒྱ་ཆེའི་མང་ཚོགས་ཚོས་ཁྲིམས་ལྟར་རིམ་པ་བཞིན་ཡིག་སྐུར་ངོ་བཅར་དང་། ཇི་མ་ཇི་བཞིན་དང་དོན་དངོས་དང་མཐུན་པའི་སྒོ་ནས་རེ་འདུན་ཞུ་དགོས། རིམ་ཁག་ལས་བྱེད་པའི་འབྲེལ་གཏུག་དང་འགན་གཙང་ལེན་ཡུལ་དང་འབྲེལ་བ་བྱེད་སྟངས་རྫོང(ཆུས)དང་བྱེད་ནུས་ཁུལ་སོ་སོས་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པས་དོ་སྣང་གནང་རོགས།
གྲོང་ཨུད་སྤྱོད་ཚུལ་འཛུགས་སྐྱོང་གཞུང་ལས་ཁང་གི་ལྟ་སྐུལ་ཐེར་འདོན་ཐད་སྦྲེལ་ཁ་པར་ནི། 0891-6677011ཡིན་པ་དང་། རྫོང(ཆུས)དང་བྱེད་ནུས་ཁུལ་གྱི་སྤྱོད་ཚུལ་ལྟ་སྐུལ་ཐབས་ལམ་ཟུར་དུ་བཀོད་ཡོད་པས་རྒྱ་ཆེའི་མང་ཚོགས་ཚོས་ལས་བྱེད་པའི་ལས་དོན་སྤེལ་ཚུལ་ལ་ལྟ་སྐུལ་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།
ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས)ཁག་དང་བྱེད་ནུས་ཁུལ་གྱི་ལྟ་སྐུལ་ཐེར་འདོན་ཁ་པར་དང་སྦྲག་སྒམ་ཟུར་དུ་བཀོད་ཡོད།
ཀྲུང་གུང་ལྷ་ས་གྲོང་ཨུད་སྤྱོད་ཚུལ་འཛུགས་སྐྱོང་གཞུང་དོན་ཁང་གིས།
2023ལོའི་ཟླ་3ཚེས་1ཉིན།
ཟུར་བཀོད།