ད་ཕན་ལོ་ཤས་རིང་། ཁྲུང་ཁྲུང་སྐེ་ནག་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཙོ་གནད་ས་ཁོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་གིས་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ཨང་དང་པོར་བཞག་པས་ལོ་ལྟར་ཁྲུང་ཁྲུང་སྐེ་ནག་ཁྱུ་བོད་བྱང་ཐང་ནས་ལྷ་ས་སྐྱིད་ཆུའི་ཉེ་འདབས་སུ་ཟས་འཚོལ་བར་ཡོང་གི་ཡོད། འདི་ནི་མཁའ་དབྱིངས་སུ་འཕུར་བཞིན་པའི་ཁྲུང་ཁྲུང་སྐེ་ནག་ཡིན་པ།