དབུ་ཤོག
  • (བོད་A**000—བོད་A**999) མོ་ཊའི་ཨང་རྟགས་གསར་པ་ཁག་གཅིག་འདོན་རྒྱུ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2023-02-28

    “ལྷ་སའི་འགྲིམ་འགྲུལ་ཉེན་རྟོག”གི་གནས་ཚུལ་ལ་གཞིགས་ན། སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཆ་འཕྲིན་མ་ལག་རིམ་སྤོར་གྱི་བླང་བྱ་གཞིར་བཟུང་། ལྷ་སའི་མོ་ཊའི་ཨང་རྟགས་འདེམས་པའི་དོན་དངོས་དང་ཟུང་འབྲེལ་བྱས་ནས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་འཁོར་རིགས་དོ་དམ་སུའོ་ཡིས་2023ལོའི་ཟླ་2ཚེས་27ཉིན་ནས་བཟུང་། སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཕྱོགས་བསྡུས་བཀོལ་སྤྱོད་ལས་སྟེགས་དང་དྲ་སྦྲེལ་འགྲིམ་འགྲུལ་དོ་དམ་ཕྱོགས་བསྡུས་བཀོལ་སྤྱོད་ལས་སྟེགས་མ་ལག་ཏུ་སྐབས་བསྟུན་ངང་ཚོང་གཉེར་མིན་པའི་འཁོར་རིགས་ཆུང་གྲས་ཀྱི་ཨང་རྟགས་འདོན་རྒྱུ་ཡིན་ཞིང་ཞིབ་ཕྲའི་གནས་ཚུལ་གཤམ་གསལ།

    གཅིག འགྲིམ་འགྲུལ་བདེ་འཇགས་ཕྱོགས་བསྡུས་ཞབས་ཞུའི་དོ་དམ་ལས་སྟེགས(དྲ་སྦྲེལ)སུ་ཚོང་གཉེར་མིན་པའི་འཁོར་རིགས་ཆུང་གྲས་ཀྱི་ཨང་རྟགས་གསར་པ་འདོན་རྒྱུ།

    (གཅིག) ཨང་རྟགས་གསར་པ།

    བོད་ALR000ནས་བོད་ALR999བར།

    བོད་ALT000ནས་བོད་ALT999བར།

    བོད་ALU000ནས་བོད་ALU999བར།

    བོད་ALW000ནས་བོད་ALW999བར།

    བོད་ALX000ནས་བོད་ALX999བར།

    བོད་ALY000ནས་བོད་ALY999བར།

    བོད་ALZ000ནས་བོད་ALZ999བར།

    (གཉིས) ཨང་རྟགས་འདེམས་སྟངས། 

    འཁོར་བདག་གིས་འགྲིམ་འགྲུལ་བདེ་འཇགས་ཕྱོགས་བསྡུས་ཞབས་ཞུའི་དོ་དམ་ལས་སྟེགས(xz.122.gov.cn)སམ་ཡང་ན་འགྲིམ་འགྲུལ་དོ་དམ་གྱི་12123APPནས་ཚོང་གཉེར་མིན་པའི་འཁོར་རིགས་ཆུང་གྲས་ཀྱི་ཨང་རྟགས་འདེམས་ཆོག

    གཉིས། འགྲིམ་འགྲུལ་དོ་དམ་ཕྱོགས་བསྡུས་བཀོལ་སྤྱོད་ལས་སྟེགས(སྤྱི་བདེའི་དྲ་བ)སུ་ཚོང་གཉེར་མིན་པའི་འཁོར་རིགས་ཆུང་གྲས་ཀྱི་ཨང་རྟགས་གསར་པ་འདོན་རྒྱུ།

    (གཅིག) ཨང་རྟགས་གསར་པ།

    བོད་A00C00ནས་བོད་A99C99བར།

    བོད་A00E00ནས་བོད་A99E99བར།

    (གཉིས) ཨང་རྟགས་འདེམས་སྟངས། 

    འཁོར་བདག་གིས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་འཁོར་རིགས་དོ་དམ་སུའོ་ཡི་ཨང་རྟགས་འདེམས་སའི་སྐར་ཁུང་དང་། རྫོང་རིམ་པ་ཁག་གི་འཁོར་རིགས་དོ་དམ་སུའོ་ཡི་ཨང་རྟགས་འདེམས་སའི་སྐར་ཁུང་། ཞབས་ཞུའི་ས་ཚིགས་ཁག་གི་ཨང་རྟགས་འདེམས་སའི་སྐར་ཁུང་བཅས་དང་དེ་བཞིན་ལག་བརྒྱུད་མོ་ཊ་ཉོ་ཚོང་ཁྲོམ་རའི་ཨང་རྟགས་འདེམས་སའི་སྐར་ཁུང་ནས་ཚོང་གཉེར་མིན་པའི་འཁོར་རིགས་ཆུང་གྲས་ཀྱི་ཨང་རྟགས་འདེམས་ཆོག

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།