དབུ་ཤོག>གསར་འགྱུར།
  • འགྲིམ་འགྲུལ་ཤེས་བྱ་ཁྱབ་གདལ་བཏང་། བདེ་འཇགས་ཕྱིར་སྐྱོད་དྲན་སྐུལ་ཟབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2023-02-27

    892eb3ac-906e-4745-ac6b-279236bc953b.jpg.jpg

    འབྲོག་པ་མང་ཚོགས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་དང་ཤེས་དཔལ་གྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་པའི་རྣམ་པ་ཟབ་མོ་གཏོད་ཆེད། ཉེ་དུས། གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་དང་བར་ཡངས་རུ་འབྲིང་གི་ལས་རོགས་ཉེན་རྟོག་པས་བར་ཡངས་གྲོང་རྡལ་ཀླུ་ཁང་གྲོང་ཚོ་དང་ཧོར་པ་ཤང་ཀུན་བཟང་གྲོང་ཚོར“མཛེས་པའི་གྲོང་གསེབ་ཀྱི་བྱ་སྤྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་འགྲིམ་འགྲུལ་བདེ་འཇགས་ཤེས་བྱའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། འདི་ནི་བྱེད་སྒོ་སྤེལ་ཡུལ་དུ་འགྲིམ་འགྲུལ་ཉེན་རྟོག་པས་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་སྒྲོག་འགྲེལ་བྱེད་བཞིན་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།