དབུ་ཤོག>གསར་འགྱུར།
  • མི་རིགས་མཐུན་སྒྲིལ་གྱི་མཐུན་ཆ་ཆེ་ཤོས་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-25

    2022ལོ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་གཙོ་རྐང་དུ་བྱས་ནས། ཀྲུང་དབྱང་དང་། ལྗོངས་ཏང་ཨུད། གཞིས་རྩེ་གྲོང་ཨུད་བཅས་ཀྱི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སློབ་གསོ་སྤྱོད་པར་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ“མཉམ་འདྲེས་བཞི་དང་མངོན་པ་བཞིའི”ལས་ཀའི་བྱེད་ཐབས་གསར་གཏོད་ཀྱིས་མི་རིགས་མཐུན་སྒྲིལ་གྱི་མཐུན་ཆ་ཆེ་ཤོས་བཏོད་པ་རེད།

    རིག་རྩལ་གསར་རྩོམ་ལས་རིག་གནས་མཉམ་འདྲེས་མངོན་པར་བྱས་ཤིང་། 2022ལོ་ནས་བཟུང་། རྣམ་གླིང་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་དང་སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་མི་དམངས་ཀྱི་ཁྲོད་དུ་སྐྱོད་པ་དང་། མི་དམངས་དང་འབྲེལ་འདྲིས་བྱེད་པ། མི་དམངས་གནས་བབ་མཐོ་ཤོས་སུ་འཇོག་པ་བཅས་མཐའ་འཁྱོངས་ཀྱིས་མི་དམངས་ཀྱི་བློ་ཡིད་ཚིམ་མིན་དེ་རིག་རྩལ་བརྩམས་ཆོས་ལ་ཞིབ་བཤེར་བྱེད་པའི་ཚད་གཞི་མཐོ་ཤོས་སུ་བྱས་ཏེ། བརྗོད་བྱ་ཁ་གསལ་བ་དང་མི་རིགས་ཀྱི་ཁྱད་ལྡན་རིག་གནས་ཀྱིས་ཕྱུག་པའི་རིག་རྩལ་བརྩམས་ཆོས་17སེམས་ནུས་ཡོད་རྒུས་གསར་རྩོམ་བྱས་པ་ལས་རྫོང་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དུས་རབས་གསར་པར་སྐྱོད་པའི་བརྒྱུད་རིམ་གྱི་བསམ་བློའི་འདུ་ཤེས་དང་། བསམ་པའི་རིག་གནས། འཚོ་བ་སྐྱེལ་སྟངས་བཅས་ཀྱི་འགྱུར་ལྡོག་མཚོན་པར་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སློབ་གསོ་བརྟན་དུ་གཏོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། མིག་སྔའི་བར་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་བརྗོད་དོན་གཙོ་བོའི་རིག་རྩལ་སྐོར་སྐྱོད་འཁྲབ་སྟོན་ཐེངས་45བྱས་པར་མང་ཚོགས་མི་ཐེངས་ཁྲི་2ཞུཌ་ཡོད།

    རིག་གནས་དམངས་ཕན་ལས་བསམ་བློ་མཉམ་འདྲེས་མངོན་པར་བྱས་ཤིང་། 2022ལོ་ནས་བཟུང་། མི་དམངས་མང་ཚོགས་ཀྱི་བསམ་པའི་དཔལ་ཡོན་གྱི་དགོས་མཁོ་གསར་པ་དང་རེ་སྒུག་གསར་པ་རྒྱུན་ཆད་མེད་པར་བསྐངས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཟམ་མི་ཆད་པར་ཆེ་རུ་གཏོང་ཆེད། རྣམ་གླིང་རྫོང་གིས་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་དང་། གློག་བརྙན་རུ་ཁག སྲིད་འཛིན་གྲོང་ཚོ་ཁག་གི་རིག་རྩལ་འཁྲབ་སྟོན་རུ་ཁག་བཅས་ཀྱི་ནུས་པ་གང་ལེགས་བཏོན་ནས་རིག་རྩལ་འཁྲབ་སྟོན་ཐེངས་345བྱས་པར་མང་ཚོགས་མི་ཐེངས་ཁྲི་4ཞུགས་པ་དང་། བརྗོད་དོན་གཙོ་བོའི་གློག་བརྙན་ཐེངས་500བསྟན་པར་ལྟ་མཁན་མི་ཐེངས་ཁྲི་3ཟིན་ཡོད། དེ་དང་ཆབས་ཅིག་ཞིང་པའི་དཔེ་དེབ་ཁང་དང་དགོན་སྡེའི་དཔེ་དེབ་ཁང་ལ་དཔེ་དེབ་སྡེབ་སྐྱེལ་བྱེད་ཚད་100%ཟིན་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་སྤྱོད་ཞིང་འབྲོག་མང་ཚོགས་ལ་ཁྱབ་པ་དང་དེར་ཚ་རླབས་ཤིག་འཕྱུར་བར་སྐུལ་འདེད་བཏང་བས། མང་ཚོགས་དེ་བས་མང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་པ་དང་བསམ་པའི་ཞིང་ཁམས་བརླན་པ་དང་ཆབས་ཅིག ཀྲུང་ཧྭ་མི་རིཌ་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཀྱང་ཟབ་ཏུ་ཕྱིན་ཡོད། མིག་སྔའི་བར་སྐད་འཕྲིན་སྤྱི་རྟགས་དང་ཁྱུག་དབྱིངས་ནས《རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་བའི》ཆེད་སྒྲིག་ལེ་ཚན་དུས་ཐེངས་33བཏོན་པར་ལྟ་གྲངས་ཁྲི་1ཟིན་པ་དང་། བརྗོད་དོན་གཙོ་བོའི་བཅར་འདྲི་དུས་ཐེངས་200ལྷག་ཙམ་བྱས་པར་མོས་བསྟོད་བྱེད་ཚད་ཁྲི་145.1དང་ལྟ་གྲངས་ཁྲི་5453ཟིན་ཡོད།

    དྲིལ་བསྒྲགས་དང་སྒྲོག་འགྲེལ་ལས་འདུ་ཤེས་མཉམ་འདྲེས་མངོན་པར་བྱས་ཤིང་། 2022ལོ་ནས་བཟུང་། རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་སྔར་བས་བརྟན་པོར་བཙུགས་ཏེ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མང་ཚོགས་ཀྱི་བསམ་བློའི་རྨང་གཞི་དང་མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་བར་སློབ་གསོ་དང་ཁྲིད་སྟོན་བྱ་ཆེད། རྣམ་གླིང་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་ཏུ་གཏོང་དགོས”པའི་ཆེད་སྒྲིག་ལེ་ཚན་བཏོད་པ་དང་། “སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཤེས་རྟོགས་ཀྱི་འདུ་འགོད”ལག་ལེན་བསྟར་ནས་བརྗོད་དོན་གཙོ་བོའི་ཟུར་ཟའི་རི་མོའི་ལོ་ཐོ་ཁྲི་1.7ལྷག་ཙམ་སྤྲད་དེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི“གཤམ་སྐྱོད་དགུ”ཡི་དམིགས་ཚད་བླང་བྱ་དོན་འཁྱོལ་ནུས་ལྡན་ཐུབ་པར་བྱས་པ་དང་དུས་མཚུངས། “ལྟ་བ་ལྔ”དང“སྨྲ་བ་གཉིས”ཀྱི་སློབ་གསོ་དང་། “ཁ་འབྲལ་ཐབས་མེད་པ་གསུམ”དང“འདུ་ཤེས་གསུམ”སོགས་ཀྱི་དྲིལ་བསྒྲགས་སློབ་གསོ་ཟབ་ཏུ་བཏང་སྟེ། མི་རིགས་མཐུན་སྒྲིལ་གྱི་ལེ་དབར་བརྒྱ་ཡི་བར་ཁྱམས་དང་བརྗོད་དོན་གཙོ་བོའི་ཁྲོམ་གཞུང་བཏོད་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི“མོས་སེམས་ལྔ”ཟམ་མི་ཆད་པར་ཟབ་ཏུ་བཏང་ཡོད། མིག་སྔའི་བར་ཆེད་སྒྲིག་ལེ་ཚན་དུ་བརྗོད་དོན་གཙོ་བོའི་རྩོམ་ཡིག་60སྤེལ་བ་དང་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་ཐེངས་9434བྱས་པར་མང་ཚོགས་མི་ཐེངས་ཁྲི་11ཞུགས་ཡོད།

    ཤེས་དཔལ་ལག་ལེན་ལས་སྟོབས་ཤུགས་མཉམ་འདྲེས་མངོན་པར་བྱས་ཤིང་། 2022ལོ་ནས་བཟུང་། བསམ་པའི་དཔལ་ཡོན་སྲོལ་གཏོད་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཉམ་འདྲེས་མཉམ་སྐུལ་ལ་རྒྱུན་ཆད་མེད་པར་སྐུལ་འདེད་དང་། དུས་རབས་གསར་པའི་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཁོར་ཡུག་བཟང་པོ་སྐྲུན་པ་དང་། བསམ་བློའི་ངོས་འཛིན་གཅིག་མཐུན། བསམ་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་ཀྱི་ཆེད་དུ། རྣམ་གླིང་རྫོང་གིས“3·28”དང“6·2”མི་རིགས་མཐུན་སྒྲིལ་ཉིན་མོ་དང་ཟླ་9པའི་མི་རིགས་མཐུན་སྒྲིལ་ཟླ་བ་སོགས་དུས་ཚིགས་གལ་ཆེན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། “ང་ཚོའི་དུས་ཆེན”དང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དུས་བཞིའི་སྤུས་རྟགས་བྱེད་སྒོ་དང་མི་རིགས་མཐུན་སྒྲིལ་གྱི་སྤུས་རྟགས་བྱེད་སྒོ་གཏིང་ཟབ་སྤེལ་ནས། རྫོང་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་སེ་འབྲུའི་རྡོག་ལྟར་གཅིག་ཏུ་བསྒྲིལ་ཡོད། མིག་སྔའི་བར་རྫོང་ཡོངས་ཀྱི་དང་བླངས་པ་5084ཡིས་དང་བླངས་ཞབས་འདེགས་བྱེད་སྒོ་ཐེངས་900ལྷག་ཙམ་སྤེལ་ནས་མང་ཚོགས་ལ་དཀའ་ངལ་དངོས་ཁྲི་1.9ལྷག་ཙམ་སེལ་རོགས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།