དབུ་ཤོག>གསར་འགྱུར།
  • ནག་ཆུའི་ཁྲལ་དོན་སྡེ་ཚན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུཌ་གཏོད་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-25

     ཉེ་བའི་ལོ་ཤས་རིང་ནག་ཆུའི་ཁྲལ་དོན་གྱིས་མི་རིགས་མཐུན་སྒྲིལ་ཐོག་མཐའ་བར་གསུམ་དུ་ཁྲལ་བསྡུའི་ལས་དོན་ཡག་པོ་སྒྲུབ་པའི་རྨང་གཞིའི་རང་བཞིན་དང་ཕུགས་ཕན་རང་བཞིན་གྱི་ལས་འགན་ཞིག་ཏུ་བརྩིས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་ཏན་ཏིག་སྤེལ་བར་བརྟེན། 2022ལོའི་ཟླ་12པར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ”ཀྱི་གཟི་བརྗིད་མཚན་སྙན་སྤྲད་པ་རེད།

    ནག་ཆུ་གྲོང་ཁྱེར་ཁྲལ་དོན་ཅུས་ཏང་ཨུད་ཀྱིས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། མི་རིགས་མཐུན་སྒྲིལ་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་ནང་དོན་གལ་ཆེན་ཞིག་ལ་བརྩིས་ཏེ། རིམ་ཁག་ཏང་རྩ་འཛུགས་ཀྱི་ཉིན་རེའི་གྲོས་རིམ་གལ་ཆེན་དུ་བཅུག་ནས། ཡུན་རིང་གི་འཆར་འགོད་དང་ལོ་འཁོར་གྱི་ལས་དོན་ཟུང་འབྲེལ་མཐའ་འཁྱོངས་བྱས་པ་དང་། ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་དང་། ཀློག་ལྟའི་འཛིན་གྲྭ ཀྲི་པུའུ་བཅས་ཀྱི“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”སོགས་ཀྱི་རྣམ་པར་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཤེས་བྱ་སློབ་སྦྱོང་བྱས་པ། དྲིལ་བསྒྲགས་ལག་དེབ་སྤྲོད་པ་དང་འཕྲེད་འགེལ་ཡི་གེ་འགེལ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་སྤེལ་བ་རེད།

    ནག་ཆུའི་ཁྲལ་དོན་སྡེ་ཚན་གྱིས་ཁྲལ་དོན་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་གཏིང་ཟབ་སྤེལ་བར་སྐུལ་འདེད་བཏང་སྟེ་ཏང་གཤིས་སློབ་གསོ་དང་། སྲིད་གཙང་སློབ་གསོ། མི་རིགས་མཐུན་སྒྲིལ་སློབ་གསོ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་བསྡུས་པའི“ཁྲལ་དོན་རིག་གནས་ཁང”བསྐྲུན་ཏེ། སྔ་རྗེས་སུ་འབྲེལ་ཡོད་ཚན་པའི་ལས་དོན་པ་དང་མང་ཚོགས་མི་ཐེངས་2000ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། གྲངས་ཉུང་མི་རིགས་ཀྱི་གོམས་སྲོལ་ལ་བརྩི་འཇོག་གང་ལེགས་བྱས་པ། མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་ཕུན་སུམ་ཚོགས་སུ་ཧུར་ཐག་བཏང་ནས། མི་རིགས་ཀྱི་གླུ་གར་དང་རི་འཛེག་སོགས་རྣམ་གྲངས་10ལྷག་ཙམ་གྱི་སྤྲོ་སྣང་ཚོགས་ཆུང་བཙུགས་ཏེ། མི་རིགས་ཁག་གི་ལས་བྱེད་པ་དང་ལས་བཟོར་བྱེད་སྒོར་ཞུགས་རིང་བསམ་འཆར་བརྗེ་རེས་དང་མཛའ་གྲོགས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་བཅུག་ནས་དཔུང་ཁག་གི་མཉམ་ཤུགས་སྔར་བས་གཅིག་འགྲིལ་ཐུབ་པར་བྱས་ཡོད་པ་རེད།

    ནག་ཆུ་ཁྲལ་དོན་སྡེ་ཚན་གྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་བ་འབྲེལ་མཐུད་ནུས་ལྡན་ཐུབ་པར་འདེགས་སྐྱོར་བྱས་ནས་དམངས་ཕན་བྱེད་སྒོར་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་ལ་ཤུགས་སྣོན་དང་། མང་ཚོགས་ཀྱི་བསམ་བློར་ཁྲིད་སྟོན་བྱེད་པའི་ལས་དོན་ལ་སྣང་ཆེན། འབྲེལ་ཡོད་འགོ་ཁྲིད་ཀྱིས་གྲོང་ཚོར་བཅའ་སྡོད་བྱ་ཡུལ་མང་ཚོགས་ལ་ཚོགས་འདུའི་དགོངས་དོན་གལ་ཆེན་གཅིག་སྡུད་སྒྲོག་འགྲེལ་བཅས་བྱས་པ་དང་། དང་བླངས་ཞབས་ཞུའི་བྱེད་སྒོར་ཧུར་ཐག་ཞུགས་ནས་རྒྱུན་གཏན་གྱི་དང་བླངས་ཞབས་ཞུའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། ལོ་རེར་ཆ་སྙོམས་དང་བླངས་ཞབས་ཞུའི་བྱེད་སྒོ་ཐེངས་12ཡན་སྤེལ་ནས་མི་ཚང་མས་དང་བླངས་ཞབས་ཞུར་དགའ་ཞེན་དང་མི་ཚང་མ་དང་བླངས་ཞབས་ཞུར་ཞུགས་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

    ནག་ཆུ་ཁྲལ་དོན་སྡེ་ཚན་གྱིས་ལས་བྱེད་པའི་དཔུང་ཁག་སྤྱི་ཡོངས་ཀྱི་བྱང་ཚད་ལ་མཐོང་ཆེན་བྱས་ནས། གྲངས་ཉུང་མི་རིགས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ལས་དོན་ལ་མུ་མཐུད་ཤུགས་སྣོན་དང་སློབ་གསོ་གསོ་སྦྱོང་དང་ཁྲལ་བསྡུའི་ལས་དོན་དབར་གྱི་འབྲེལ་བར་མཐུན་སྦྱོར་ཡག་པོ་བྱས་ཏེ། སློབ་སྦྱོང་ལ་ཕན་འབྲས་ཐོན་པ་དང་ལས་དོན་ལ་གྲུབ་འབྲས་དངོས་ཐོབ་པའི་འགན་ལེན་བྱས་ཡོད། ལོ་ལྟར་ཅུས་ཡོངས་ཀྱི་གྲངས་ཉུང་མི་རིགས་ལས་བྱེད་པ་60%ལྷག་ཙམ་གསོ་སྦྱོང་ལ་ཞུགས་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།