འདི་ནི་རྒྱལ་རྩེ་རྫོང་རྩེ་ཆེན་ཤང་སྤང་ཡུལ་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་འཁྲབ་སྟོན་བྱེད་བཞིན་པ།
འདི་ནི་ཡུལ་མིས་དྲིལ་བསྒྲགས་དཔྱད་ཡིག་གི་ནང་དོན་ལྟ་ཀློག་ནན་ཏན་བྱེད་བཞིན་པ།
འདི་ནི་ལས་དོན་མི་སྣས་མང་ཚོགས་ལ་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་བཞིན་པ།
ཉེ་ཆར“ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་བརྒྱུད་བསྒྲགས་བྱེད། དུས་རབས་གསར་པར་བྱས་རྗེས་འཇོག་པར་འབད་པའི”རྒྱལ་རྩེ་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་སྟེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་དང་2023ལོའི“གཤམ་སྤེལ་གསུམ”གྱི་བྱེད་སྒོ་སྔ་རྗེས་སུ་ཤང་དང་གྲོང་རྡལ་19རུ་སྤེལ་ནས་མང་ཚོགས་ལ་བསམ་པའི་རིག་གནས་ཀྱི་སྟོན་མོ་བཤམས་ཡོད་པ་རེད།
བྱེད་སྒོ་སྤེལ་རིང་། མང་ཚོགས་ལ་དཔེ་དེབ་སྣ་ཚོགས་དང་། དྲིལ་བསྒྲགས་ཤོག་ལྷེ། དྲིལ་བསྒྲགས་ལག་དེབ། དྲིལ་བསྒྲགས་དངོས་པོ་སོགས་ཁྱོན་30000ལྷག་ཙམ་དང་། ནང་མི་མཉམ་འཛོམས་ཀྱི་འདྲ་པར་100ལྷག་ཙམ། “བཀྲ་ཤིས་བདེ་ལེགས”བྲིས་པའི་ཆ་ཡིག་500ལྷག་ཙམ་བཅས་སྤྲད་པ་དང་འབྲེལ་གློག་བརྙན་ཐེངས་19བསྟན་པ་རེད།