དབུ་ཤོག>གསར་འགྱུར།
  • ཕྱར་བ་གྲུ་འདེགས་འགན་འཁྲི་ཕྲག་ཏུ་འཁུར། ངར་སེམས་ཆེར་སྐྱེད་ལེའུ་གསར་པ་བརྩམས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-20

    0b90fb58-3c30-497a-a710-d642289fb00c.jpg.jpg

    འདི་ནི་ལྷོ་ཁ་གྲོང་ཁྱེར་རྩེད་ཐང་གྲོང་ཁྱེར་གྱི་ཟུར་ཞིག་ཡིན་པ།

    ལོ་རྒྱུས་ཀྱི་འཁོར་ལོ་མདུན་ཕྱོགས་སུ་འཁོར་ཞིང་། དུས་རབས་ཀྱི་གོམ་སྟབས་ནམ་ཡང་མཚམས་མི་འཇོག འདས་མ་ཐག་པའི་2022ལོ་ནི་ལྷོ་ཁ་གྲོང་ཁྱེར་གྱི་འཕེལ་རྒྱས་ལོ་རྒྱུས་ཐོག་གི་ངོ་མཚར་ཆེ་བའི་ལོ་ཞིག་རེད།

    2022ལོར་ལྷོ་ཁ་གྲོང་ཁྱེར་ལ་སྔོན་རྩིས་བྱས་ན་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་248ཟིན་ནས་3.4%འཕར་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་38.7ཟིན་ནས་11%འཕར་བ། ལྷག་པར་དུ་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2ཀྱི་འགག་སྒོ་ཆེན་པོ་ལས་གྲོལ་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་རྨང་གཞིའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

    2022ལོར། ལྷོ་ཁ་གྲོང་ཁྱེར་གྱིས“རིམས་ནད་འགོག་པ་དང་། དཔལ་འབྱོར་བརྟན་པོ། འཕེལ་རྒྱས་བདེ་འཇཌ”བཅས་ཀྱི་བླང་བྱ་གལ་ཆེན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས“དོན་ཆེན་བཞི”དང་། “འཛུགས་གཏོད་བཞི” “ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དྲུག”བཅས་ལ་དམིགས་ཏེ་ནད་ཡམས་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ནུས་ལྡན་བྱས་ནས་ནུས་ཤུགས་ཡོད་རྒུས་ནད་ཡམས་ལ་འཐབ་རྩོད་དང་། བདེ་འཇཌ་འགན་ལེན། དཔལ་འབྱོར་བརྟན་པོ། དམངས་འཚོར་ཕན་འདོགས་པ། སྐྱེ་ཁམས་བཟང་བ། མཐའ་མཚམས་སྲུང་བ་བཅས་དཔལ་འབྱོར་དང་སྤྱི་ཚོགས་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་བྱས་ཡོད།

    སེམས་ནུས་གཅིག་ཏུ་བསྒྲིལ་ནས་འཕེལ་རྒྱས་བརྟན་པོ་ཡོང་བར་བྱས།

    2022ལོར་ལྷོ་ཁ་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་ཡིད་ཆེས་བརྟན་དུ་གཏོང་བ་དང་། མ་གནས་དམའ་རུ་གཏོང་བ། ཁྲལ་གྲོན་གཅོག་པ། ཡིད་རྟོན་དངུལ་བུན་མང་དུ་གཏོང་བ་བཅས་བྱས་ཏེ། ཁྲལ་རིན་གཉིས་གཅོག་དང་དཔྱ་ཁྲལ་ཕྱིར་སློག་དང་ནར་འགྱངས་བྱེད་ཚད་བསྡོམས་འབོར་སྒོར་དུང་ཕྱུར་8.65ལས་བརྒལ་བ་དང་། རིམ་པ་དེ་གའི་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་1.8བཏང་སྟེ་ལེ་ལག་ཚང་བའི་བྱེད་ཐབས་བཟོས་ནས་ནད་ཡམས་ཀྱི་ཤུགས་རྐྱེན་ཆུང་དུ་བཏང་བ། སྒོར་ཁྲི་4360ཡི་འཛད་སྤྱོད་འཛིན་ཤོག་སྤྲད་དེ་འཛད་སྤྱོད་ལ་སྐུལ་འདེད་བཏང་བ། ཀུན་ཕན་དངུལ་རྩའི་དངུལ་བུན་སྒོར་དུང་ཕྱུར་19.3བཏང་བ། ནད་ཡམས་ཀྱི་བརྡབ་གསིག་འོག་སྔར་བཞིན་ཁྲོམ་རའི་བྱེད་པོ་3413མང་དུ་བཏང་བས་ཁྲོམ་རའི་བྱེད་པོ་ཁྲི་4.4ཟིན་ཡོད་པ་རེད།

    དེ་དང་ཆབས་ཅིག་ལྷོ་ཁ་གྲོང་ཁྱེར་གྱིས་མ་དངུལ་བརྟན་དུ་གཏོང་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཏུ་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་གཙོ་གནད་རྣམ་གྲངས་42རིམས་ནད་ཐོན་རིང་གདུབ་ཟུམ་ཨར་ལས་བྱས་པ་དང་རྣམ་གྲངས་113དགུན་དུས་སུའང་ལས་མཚམས་བཞག་མེད། གོང་དཀར་གནམ་ཐང་གི་རྒྱུག་ལམ་གཉིས་པ་སྐྲུན་འགོ་འཛུགས་པར་སྐུལ་འདེད་བཏང་བ་དང་། ལྷུན་རྩེའི་ཉིང་ལག་གནམ་ཐང་བསྐྲུན་ནས་གནམ་གྲུ་ཤར་གཏོང་ཐུབ་པར་བྱས་པ། གཅེས་ཞོལ་ཆུ་ཤུགས་གློག་ཁང་དང་མཚོ་སྨད་གྲི་གུ་རླུང་གློག་གི་དུས་ཐེངས་གཉིས་པ་བདེ་བླག་ངང་ལས་འགོ་བཙུགས་པ། ལྷ་ཁང་ཆུ་ཤུགས་གློག་ཁང་གི་འཕྲུལ་ཚན་དང་པོ་ནས་གློག་བཏང་ཐུབ་པ་བཅས་བྱུང་ཡོད། ཁྱད་ལྡན་ཞིང་འབྲོག་ལས་ཀྱི་གཞི་ཁྱོན་ཆེ་རུ་བཏང་བས་སྔོན་དཔག་བྱས་ན་2022ལོར་འབྲུ་རིགས་ཐོན་ཚད་ཏུན་ཁྲི་16.85ཟིན་པ་དང་། ཤ་དང་། སྒོ་ང་། དཀར་ཆུ་བཅས་ཀྱི་ཐོན་ཚད་ཏུན་ཁྲི་2.54དང་། ཏུན་ཁྲི་0.6 ཏུན་ཁྲི་7.36བཅས་སོ་སོར་ཟིན་ཡོད།

    གློ་བུར་དུ་ཐོན་པའི་ཏོག་གསར་རིམས་ནད་ལ་ཁ་གཏད་གཅོག་སྐབས། ལྷོ་ཁ་གྲོང་ཁྱེར་གྱིས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱིའི་ཐབས་ཇུས་དང་སྤྱིའི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་མཐར་ཕྱིན་བསྟར་ཡོད། མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་སེམས་གཅིག་ཏུ་བསྒྲིལ་བ་དང་ཧུའུ་ནན་དང་། ཧུའུ་པེ། ཨན་ཧུའེ་བཅས་ཞིང་ཆེན་གསུམ་དང་ཀྲུང་གོ་འབྲུ་རིགས་ཚོགས་པ་ཚད་ཡོད་ཀུང་སིས་སྒེར་སེམས་མེད་པའི་རོགས་སྐྱོར་བྱས་པར་བརྟེན། ཉིན་19ལ་སྤྱི་ཚོགས་ངོས་གཙང་མ་བཟོ་ཐུབ་པ་དང་ཉིན་24ལ་སྤུས་ཚད་མཐོ་བའི་འགུལ་རྣམ་གཙང་མ་བཟོས་པ། མཐའ་མཚམས་ཁུལ་དུ་འགོ་ནད་མ་ཐོན་པ་དང་། དགོན་སྡེའི་གྲྭ་བཙུན་ལ་འགོ་ནད་མ་འགོས་པ། སློབ་གྲྭའི་ནང་གི་དགེ་སློབ་ལ་འགོ་ནད་མ་འགོས་པ། རྒན་གསོ་ཁང་སོགས་ལ་འགོ་ནད་མ་འགོས་པ། རིམས་ནད་ཀྱི་ཉེན་ཁ་མ་ཐོན་པ། ནད་གཞི་ཚབས་ཆེན་ཕོག་མཁན་དང་ཤི་མཁན་གཅིག་ཀྱང་མ་བྱུང་བའི་གྲུབ་འབྲས་བཟང་པོ་ཐོབ་ཡོད་པ་རེད།

    དམངས་འཚོར་ཕན་བཏགས་ནས་དམངས་སེམས་དྲོ་བར་བྱས།

    2022ལོར་ལྷོ་ཁ་གྲོང་ཁྱེར་གྱིས་ཡོང་འབབ་འཕར་བ་བྱ་རྒྱུ་དེ་དམངས་འཚོའི་འདུ་འགོད་དང་པོ་དང་ལྡོག་མེད་ཀྱི་ལས་འགན་ལ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་སྲིད་ཇུས་དང་། ཐོན་ལས། ལས་ཞུགས་བཅས་ཀྱི་མཐུན་སྦྱོར་འབབ་འཕར་ལ་ཤུགས་སྣོན་བརྒྱབ་ནས་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་འབབ་འཕར་ཐབས་ལམ་བཏོད་དེ་སྔོན་དཔག་བྱས་ན་གྲོང་ཁྱེར་དང་གྲོང་རྡལ་དང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་47410དང་སྒོར་20740སོ་སོར་ཟིན་ནས་ལོ་གོང་མ་ལས་སྒོར་4310དང་སྒོར་2305སོ་སོར་འཕར་ཡོད།

    ལྷོ་ཁ་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་ཆེར་བཏང་སྟེ་དུད་ཚང་167དང་མི་543ལ་དབུལ་ལོག་གི་ཉེན་ཁ་བསལ་བས་དབུལ་སྒྲོལ་མི་འབོར་གྱི་ཡོང་འབབ་དང་ཡུལ་གཞན་དུ་གནས་སྤོས་མང་ཚོགས་ཀྱི་ཡོང་འབབ་འཕར་ཚད་14.8%དང་17.7%སོ་སོར་ཟིན་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་པའི་ཡོང་འབབ་འཕར་ཚད་ལས་མཐོ་བའི་དམིགས་ཚད་མངོན་འགྱུར་བྱུང་ཡོད། མཐོ་སློབ་སློབ་ཐོན་སློབ་མའི་སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་སྤེལ་གཏོང་བའི་བྱ་སྤྱོད་སྤེལ་ནས་ལོ་འདི་གའི་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་98%ཟིན་ཡོད། ཞིང་འབྲོག་པ་སྒྲིག་འཛུགས་ཅན་གྱི་ལས་ཞུགས་གཞན་སྒྱུར་གྱི་བྱ་སྤྱོད་སྤེལ་ནས་མི་ཁྲི་11ལས་ཞུགས་གཞན་སྒྱུར་བྱས་པར་ཡོང་འབབ་སྒོར་དུང་ཕྱུར་11.3བྱུང་ནས་རང་སྐྱོང་ལྗོངས་ཀྱི་གཤམ་སྤྲོད་ལས་འགན་གྱི་137.5%དང་161.4%སོ་སོར་ལེགས་སྒྲུབ་བྱས་ཡོད། ས་བབ་མཐོ་བའི་སློབ་གྲྭའི་དྲོད་རླངས་མཁོ་འདོན་འདུ་འགོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་སློབ་གསོའི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་བས་མཐོ་རྒྱུགས་ལ་ཞུགས་ཚད་93.15%ཟིན་པ་དང་། གཙོ་གནད་དངོས་གཞིའི་ཚན་ཁག་ལ་ཚུད་ཚད་བརྒྱ་ཆའི་གྲངས་2.21འཕར་ཡོད།

    སྤྱི་འདོམས་མཐུན་སྦྱོར་གྱིས་སྐུལ་འདེད་ལ་ཤུགས་སྣོན་བརྒྱབ།

    2022ལོར་ལྷོ་ཁ་གྲོང་ཁྱེར་གྱིས་ས་ཁོངས་དང་གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་ལྷ་ས་དང་ལྷོ་ཁ་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་མགྱོགས་པོ་བཏང་ཡོད། གྲོང་ཁྱེར་རྒྱ་སྐྱེད་དང་སྤུས་ཚད་མཐོ་རུ་མགྱོགས་སུ་བཏང་སྟེ་རྩེད་ཐང་གྲོང་ཁུལ་གྱི་ལམ་དྲ་སྒྱུར་བཀོད་དང་ཕྱོགས་བསྡུས་མདོང་ལམ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད།

    ལྷོ་ཁ་གྲོང་ཁྱེར་གྱིས“ཞིང་པའི་ཆེད་དུ་གྲོང་གསེབ་དར་རྒྱས་བཏང་བ་དང་ཞིང་པའི་ཆེད་དུ་གྲོང་གསེབ་འཛུགས་སྐྲུན”བྱས་ཡོད། 2022ལོར་གྲོང་ཁྱེར་དེས་མཛེས་སྡུག་ལྡན་ལ་སྡོད་མལ་ལ་འཚམ་པའི་གྲོང་གསེབ་ཀྱི་དཔེ་སྟོན་ས་ཚིགས་58སྐྲུན་མགྱོགས་སུ་བཏང་བ་དང་སྲིད་འཛིན་གྲོང་ཚོ་23ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེའི་མིང་གཞུང་ཁག་དྲུག་པར་ཚུད་ཡོད་པ་རེད། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་5.1དང“འགྲམ་བཞིར”ཤིང་རྐང་ཁྲི་77.1བཙུགས་ཡོད། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་མཁའ་རླུང་སྤུས་ཚད་ལེགས་ཚད་དང་། གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ས་ཁུལ་དང་གཙང་པོ་དང་མཚོ་མཚེའུ་ཡི་ཆུ་སྤུས་ལོན་ཚད་ཚང་མ་100%ཟིན་ཡོད།

    གཞན་ཡང་ལྷོ་ཁ་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་མཐའ་འཁྱོངས་ཀྱིས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་གཏིང་ཟབ་ཏུ་བཏང་བ་དང་། “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”དང“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་བྱེད་སྒོའི་ཟླ་བ”སོགས་རིམ་སྤེལ་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བས། མཉམ་སྡེབ་དང་མི་སྒེར་32རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ལ་བདམས་ཡོད།

    2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་འགོ་ཚུགས་པའི་ལོ་ཞིག་ཡིན་ལ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་ལེན་བསྟར་བའི་འགག་རྩའི་ལོ་ཞིག་ཀྱང་ཡིན། ལྷོ་ཁ་གྲོང་ཁྱེར་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ནས་ནང་མཁོ་རྒྱུན་མཐུད་དང་ནུས་ལྡན་ངང་ཆེ་རུ་གཏོང་བ་དང་། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། ལྷོ་ཁའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷོ་ཁ་གསར་པ་ཕྱོགས་ཡོངས་ནས་སྐྲུན་ཆེད་འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།