ཕོ་བྲང་པོ་ཏ་ལའི་བརྡ་ཁྱབ་གསར་ཤོས།
རྒྱ་ཆེའི་གནས་མཇལ་བ་དང་ཡུལ་སྐོར་བ་ལྷན་རྒྱས།
ཕོ་བྲང་པོ་ཏ་ལ་གནམ་གང་ཉིན་མོར(ཟླ་2ཚེས་20ཉིན)གཟིམ་སྒོ་རྒྱག་རྒྱུ་དང་། བོད་ཀྱི་ལོ་གསར་ཚེས་གཅིག(ཟླ་2ཚེས་21ཉིན)གི་ཐོ་རེངས་ཆུ་ཚོད་5པར་གཟིམ་སྒོ་འབྱེད་རྒྱུ་དང་། ཚེས་གཉིས(ཟླ་2ཚེས་22ཉིན)ཉིན་གཟིམ་སྒོ་རྒྱག་རྒྱུ་ཡིན། དེ་དང་ཆབས་ཅིག སྒྲིག་ལམ་སྲུང་བདེ་བ་དང་འཚང་ཁ་བརྒྱབ་སྟེ་ཕན་ཚུན་རྡོག་རྫིས་ཐེབས་པ་སོགས་ཀྱི་གནས་ཚུལ་མི་ཐོན་ཆེད། ཕོ་བྲང་རྒྱུད་དུ་མི་འགྲོ་སྐྱོད་ཀྱི་ར་སྐྱོར་འགྲོ་ལམ་བཀོད་སྒྲིག་བྱས་ཡོད་པས། རང་འགུལ་ངང་བང་བསྒྲིགས་ནས་ར་སྐྱོར་འགྲོ་ལམ་བརྒྱུད་ཕོ་བྲང་དུ་སྐྱོད་དགོས། ལོ་གསར་ཚེས་གཅིག་ཉིན་ཡུལ་སྐོར་བ་དང་འགྲུལ་པ་ཚོས་སྤ་སེ་སྔོན་མངགས་བྱེད་དགོས་མེད།
ཁྱེད་ཀྱི་རྒྱབ་སྐྱོར་དང་གཞོགས་འདེགས་གནང་བར་ཐུགས་རྗེ་ཆེ།
ཆེད་དུ་བརྡ་ཐོ་འདི་བཏང་།
ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ནས།
2023ལོའི་ཟླ་2ཚེས་15ཉིན།
ནོར་བུ་གླིང་ཁའི་གསར་འགྱུར་གསར་ཤོས།
ཉེ་དུས། “ནོར་བུ་གླིང་ཁའི་དོ་དམ་ཁྲུའུ”ཡིས་བོད་ཀྱི་ལོ་གསར་རིང་ནོར་བུ་གླིང་ཁ་གཟིམ་སྒོ་འབྱེད་པའི་དུས་ཚོད་ནི་ཟླ་2ཚེས་21ཉིན་ནས་ཚེས་27ཉིན་བར་ཡིན་པ་དང་། སྔ་དྲོའི་ཆུ་ཚོད་9:30ནས་ཕྱི་དྲོའི་ཆུ་ཚོད་16:00བར་དང་། ཉིན་ལྟར་གྱི་ཆུ་ཚོད་16:00ལ་གཟིམ་ཆུང་ཚང་མ་གཟིམ་སྒོ་བརྒྱབ་ནས་བདེ་འཇགས་ཞིབ་བཤེར་དང་གཙང་བཤེར་གྱི་ལས་དོན་སྤེལ་རྒྱུ། དེ་བཞིན་ལྟ་སྐོར་དུ་ཡོང་མཁན་ཚོས་རང་འགུལ་ངང་ལས་དོན་པར་གཞོགས་འདེགས་བྱས་ཏེ། “མིང་ངོ་མའི་ཐོ་འགོད”ལམ་ལུགས་ལག་བསྟར་བྱེད་དགོས་པ་མ་ཟད། ད་དུང་རབས་གཉིས་པའི་གྲོང་མིའི་ཐོབ་ཐང་ལག་ཁྱེར་སྟོན་དགོས་པ་ཁྱབ་བསྒྲགས་བྱས་འདུག
ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་ལོ་གསར་ཚེས་གཅིག(ཟླ་2ཚེས་21ཉིན)ཉིན་ནོར་བུ་གླིང་ཁས་མི་10ལས་གྲུབ་པའི་ཚོགས་པ་དང་ཚོགས་ཆུང(ཚོགས་པ་དང་ཚོགས་ཆུང་ཚང་མར་མི་15ལས་བརྒལ་མི་རུང་བ)ལ་རིན་མེད་ངང་འགྲེལ་བཤད་རྒྱག་པའི་ལས་སྒོ་གཉེར་རྒྱུ་དང་སྔོན་མངགས་ཁ་པར་13908907626ཡིན་པ་རེད།