ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱི་རིམ་ཁག་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་གསེབ་དར་རྒྱས་ལས་དོན་ཁྲོད་ཀྱི་སྒྲོག་ཐག་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་57ལ་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་75དང་ཆེད་ལས་མཉམ་ལས་ཁང་73གཉེར་རོགས་བྱས་པས། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་ཕྱིན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཡོང་རྒྱུར་རམ་འདེགས་བྱུང་ཡོད། འདི་ནི་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་མ་མིག་ཤང་ཚྭ་མཚོ་གྲོང་ཚོའི་འབྲོག་ཁུལ་སྒྱུར་བཅོས་མཉམ་ལས་ཁང་གི་བགོ་འགྲེམས་མཛད་སྒོ་འཚོག་ཡུལ་ཡིན་པ།