དུས་ཆེན་རིང་། ཆང་རག་བཏུངས་རྗེས་མི་མང་པོ་ཞིག་ལ་གཟུགས་པོ་མི་བདེ་བའི་ཚོར་སྣང་ཡོང་གི་ཡོད། གཤམ་ལ་རྩོམ་སྒྲིག་པས་ཐབས་ཤེས་ཁ་ཤས་ངོ་སྤྲོད་ཞུ་རྒྱུ་ཡིན་པས། གལ་ཏེ་ཁྱེད་ཀྱིས་འདི་ལྟར་གནང་ན། གཟུགས་པོ་བདེ་རུ་འགྲོ་སྲིད།
སྦྲང་རྩི།
ཆུ་དྲོ་འཇམ་ལ་སྦྲང་རྩི་ཏོག་ཙམ་བླུགས་ནས་བཏུངས་ན་མགོ་མི་ན་བར་ཕན། ཆེད་ལས་མཁས་ཅན་གྱིས་ཞིབ་འཇུག་བྱས་པར་གཞིགས་ན། སྦྲང་རྩིར་དམིགས་བསལ་གྱི་མངར་རྒྱུ་ཞིག་ཡོད་པས། དེས་གཟུགས་པོའི་ཨ་རག་ཉིང་ཁུ་བསལ་ནས་ཆང་ནད་སེལ་ཐུབ། གཞན་ཡང་སྦྲང་རྩིར་གཉིད་ཁུག་པའི་ནུས་པ་ལྡན་པས། དགོང་མོ་སྦྲང་རྩི་བཏུངས་ན་ཉིན་གཉིས་པར་མགོ་མི་ན་བ་ཡོང་ཐུབ།
ཞོ།
ཆང་རག་བཏུངས་རྗེས་ཞོ་འཐུང་དགོས། ལྷག་པར་དུ་ཨ་རག་དཀར་པོ་བཏུངས་རྗེས་ཞོ་བཏུངས་ན་ཕོ་བར་སྲུང་སྐྱོབ་ཐུབ། ཞོ་ལ་ད་དུང་འཚོ་བཅུད་ཀལ་མང་པོ་འདུས་ཡོད་པས། དེའི་ནུས་པས་སེམས་འཚབ་པ་དང་གནས་བཟོད་མི་བདེ་བའི་ཚོར་སྣང་འཇགས་ཐུབ།
ཀྲོ་མ་ཀྲུའི་ཁུ་བ།
ཀྲོ་མ་ཀྲུའི་ཁུ་བར་མངར་རྒྱུ་མང་པོ་འདུས་པས་ཨ་རག་གི་ཉིང་ཁུ་བསལ་ནས་མགོ་ཡུ་འཁོར་བ་དང་། ཞེ་མེར་ལངས་པའི་སྣང་ཚུལ་འགོག་ཐུབ།
རྒུན་འབྲུམ།
རྒུན་འབྲུམ་སོས་པ་བཟས་ཚེ་བཟི་དྭངས་བར་ཕན་ཐོགས་ཡོད་ལ། ཞེ་མེར་ལངས་པ་ཡང་སེལ་ཐུབ། གལ་ཏེ་ཆང་རག་མ་བཏུངས་གོང་རྒུན་འབྲུམ་བཟས་ན། ར་མ་བཟི་བར་ཕན་པ་ཆེ།
ཇིན་ཚལ་གྱི་ཁུ་བ།
ཆང་རག་བཏུངས་རྗེས་ཕོ་བ་མི་བདེ་བ་བྱུང་ན། ཇིན་ཚལ་གྱི་ཁུ་བ་འཐུང་དགོས། གང་ཡིན་ཟེར་ན། ཇིན་ཚལ་ལ་འཚོ་བཅུད་Bམང་པོ་ཡོད་པས། དེས་ཕོ་བར་སྲུང་སྐྱོབ་བྱེད་ཐུབ། གཞན་ཡང་ཇིན་ཚལ་གྱི་ཁུ་བས་ངོ་གདོང་དམར་པོར་འགྱུར་བ་སེལ་ཐུབ།
ཤིས་ཀྭ་ཡི་ཁུ་བ།
ཤིས་ཀྭ་ཡི་ཁུ་བ་བཏུངས་ན་ཁོག་པའི་ནང་གི་ཨ་རག་ཉིང་ཁུ་མྱུར་དུ་གཅིན་ལམ་བརྒྱུད་ཕྱི་རུ་འབུད་ཐུབ། ཤིས་ཀྭ་ཡི་ཁུ་བར་ད་དུང་ཁོག་ནང་གི་ཚད་པ་འཇོམས་པའི་ནུས་པ་ལྡན་ཞིང་། དེས་ཆང་རག་གིས་བཟོས་པའི་གཟུགས་པོའི་ཚ་བ་གཅོག་ཐུབ།