དབུ་ཤོག
  • ལྷ་ཀླུ་འདམ་རའི་ཉེ་འགྲམ་ནས་སྤྲེལ་ཕྲུག་གཅིག་རྙེད་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2023-02-16

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་བཅིངས་འགྲོལ་མངགས་གཏོང་ཁང་སྡེ་ཁུལ་ཉེན་དོན་ཡན་ལག་རུ་ཁག་བཞི་པའི་བརྒྱད་གཅིག་བྱང་ལམ་ཉེན་དོན་ས་ཚིགས་ལ། གྲོང་མི་ཞིག་ལ་ལྷ་ཀླུ་འདམ་རའི་ཉེ་འགྲམ་ནས་སྤྲེལ་ཕྲུག་གཅིག་རྙེད་འདུག་པས་ཉེན་དོན་ས་ཚིགས་ཀྱི་ལས་རེས་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་འཕྲལ་དུ་ཡུལ་དངོས་སུ་བརྟག་དཔྱད་ལ་འགྲོ་དགོས་ཀྱི་འདུག་ཅེས་110བཀོད་འདོམས་ལྟེ་གནས་ཀྱི་སྙན་སེང་འབྱོར་བ་རེད། གནས་ཚུལ་ཤེས་རྟོགས་བྱས་པར་གཞིགས་ན། སྙན་སེང་ཞུ་མཁན་གྲོང་མི་ཚེ་ལགས་ལྷ་ས་གྲོང་ཁྱེར་ནུབ་འདབས་བདེ་སྡོད་གླིང་གི་ཁ་སྤྲོད་ནས་འགྲོ་སྐབས། འདམ་རའི་འགྲམ་ན་ལུས་ཡོངས་རློན་པ་ཆགས་པའི་སྤྲེལ་ཕྲུག་གཅིག་མཐོང་བས་ཇི་ལྟར་བྱེད་དགོས་མིན་མ་ཤེས་པར་ཉེན་རྟོག་པར་སྙན་སེང་ཞུས་པ་རེད།

    11.png

    ཉེན་དོན་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་ཡུལ་དངོས་སུ་བརྟག་དཔྱད་རགས་ཙམ་བྱས་པ་བརྒྱུད། སྤྲེལ་ཕྲུག་དེའི་ལུས་རློན་པ་ཆགས་པ་མ་གཏོགས་རྨས་སྐྱོན་ཕོག་མེད་པ་རེད། དེ་འཕྲལ་མི་དམངས་ཉེན་རྟོག་པས་སྤྲེལ་ཕྲུག་དེ་ཉེན་དོན་ས་ཚིགས་སུ་ཁྲིད་དེ་སྟབས་བདེའི་དྲོ་ཇུས་བྱས་པ་དང་ཆབས་ཅིག་འབྲེལ་ཡོད་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་སྡེ་ཚན་དང་འབྲེལ་བ་བྱས། ཆུ་ཤུར་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ལྟེ་གནས་ཀྱི་ལས་དོན་པས་སྤྲེལ་ཕྲུག་དེ་ནི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཡིན་པ་དང་གཟུགས་པོར་རྨས་སྐྱོན་གང་ཡང་མེད་པའི་གཏན་འཁེལ་བྱས་པ་རེད།

    22.png

    ངོ་སྤྲོད་བྱས་པར་གཞིགས་ན། སྤྲེའུ་དེ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཡིན་ཞིང་སྤྲེལ་སེར་ཞེས་ཀྱང་འབོད། 《ཀྲུང་གོའི་སྟོངས་ཉེར་ཡོད་པའི་སྲོག་ཆགས་ཀྱི་རྒྱབ་ཤ་དམར་པོའི་དེབ.གཅན་གཟན་རིགས་ཀྱི་བམ་པོའི》ནང་སྟོངས་སླ་བའི་སྲོག་ཆགས་ཀྱི་ཁོངས་སུ་བཅུག་ཡོད། ཟས་རིགས་དཀོན་པའི་དུས་སུ་སྤྲེའུ་ཡིས་ཉེ་འགྲམ་གྱི་གྲོང་མིའི་ཁྱིམ་དུ་ཟས་འཚོལ་བར་འགྲོ་གི་ཡོད་པས། སོ་དང་སྦར་འབྲད་རྒྱག་པ་སོགས་ཀྱི་སྣང་ཚུལ་ཐོན་སྲིད་པས་གནས་ཚུལ་དེ་རིགས་འཕྲད་ཚེ་འཕྲལ་དུ་ཉེན་དོན་སྙན་སེང་ཞུ་དགོས།

    ཤ་ཚའི་དྲན་སྐུལ།

    ལྷ་སའི་ཉེན་རྟོག་པས་དྲན་སྐུལ་བྱས་དོན། གལ་ཏེ་རི་སྐྱེས་སྲོག་ཆགས་རྙེད་ཚེ་འཕྲལ་དུ་ནགས་ལས་སྡེ་ཚན་ནམ་ཡང་ན་110ལ་སྙན་སེང་ཞུས་ཏེ་ཆེད་ལས་མི་སྣར་རོགས་སྐྱོབ་རེ་ཞུ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།