དབུ་ཤོག>གསར་འགྱུར།
  • བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་མི་འབོར་ལ་ཁྱབ་ཚད་100%ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-02-15

     ཉེ་ཆར་གསར་འགོད་པར་བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་ནས་ཤེས་རྟོགས་བྱུང་བར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལྗོངས་ཀྱིས་ཞིང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་འགན་སྲུང་བྱེད་ནུས་རྒྱུན་མཐུད་ཆེ་རུ་བཏང་ཞིང་། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་55.18དོན་འཁྱོལ་བྱས་ནས་གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭ་ཁྲི་1.79ལྷག་ཙམ་ལག་བསྟར་བྱས་པ་དང་། ལྗོངས་ཡོངས་སུ་གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭ་ཁྲི་2.79ལྷག་ཙམ་བསྐྲུན་ནས་མི་འབོར་ཁྲི་279ལ་ཁྱབ་སྟེ་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་མི་འབོར་ལ་ཁྱབ་ཚད་100%ཟིན་པ་དང་མང་ཚོགས་ཀྱི་འཐུང་ཆུ་དཀོན་པའི་གནད་དོན་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཐག་གཅོད་ཐུབ་ཡོད།

    ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གིས་ས་བབ་མཐོ་བའི་ས་ཁུལ་དུ་ནམ་དུས་རང་བཞིན་གྱི་ཆུ་ཆད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པར་དམིགས་ནས་ཞིང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་རྒྱུན་མཐུད་བརྟན་དུ་བཏང་ཡོད། 2022ལོར་གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭའི་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་7.86དོན་འཁྱོལ་བྱས་ནས་ལས་གྲྭ་ཁག་1169ལག་བསྟར་བྱས་པས་མི་འབོར་ཁྲི་26.7ལ་ཕན་པ་ཐོབ་ཡོད་པ་རེད། དེ་དང་དུས་མཚུངས《བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་ལས་གྲྭའི་འཁོར་སྐྱོད་དོ་དམ་བྱ་ཐབས》འདོན་པར་སྐུལ་འདེད་བཏང་སྟེ་ལུགས་མཐུན་གྱི་ཆུ་རིན་ལམ་སྲོལ་དང་ཆུ་རིན་བསྡུ་ལེན་ལམ་སྲོལ་བཙུགས་ཏེ་ཞིང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་ལས་གྲྭའི་འཁོར་སྐྱོད་བདག་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་། སྐབས་བསྟུན་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་ཀྱི་འཐུང་ཆུའི་གནད་དོན་མགྱོགས་མྱུར་ཤེས་རྟོགས་དང་དང་ལེན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཆུ་མཁོ་འདོན་གྱི་གནད་དོན་སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་ཐག་གཅོད་ཐུབ་པའི་འགན་ལེན་དང་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་སྐབས་བསྟུན་གཙང་བཟོ་རྒྱུན་འཁྱོངས་བྱས་ཏེ་ཞིང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བསྲུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།