དབུ་ཤོག
  • ཁ་ལོ་བ་ཚོ། མྱུར་ཚད་འཇལ་བའི་མ་ལག་འདི་རིགས་སྤྱོད་གྲབས་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2023-02-13

    བྲག་ཡིབ་ཆུས་ཀྱི་འགྲོ་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་བཏང་སྟེ། འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་སྔོན་འགོག་དང་ཉུང་དུ་གཏོང་བ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན། རྒྱ་ཆེའི་འགྲུལ་བཞུད་པའི་བདེ་འཇགས་སྔོན་འགོག་གི་འདུ་ཤེས་དང་ཁྲིམས་སྲུང་གི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱ་ཆེད། བྲག་ཡིབ་ཆུས་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་རུ་ཆེན་གྱིས་ལས་དོན་དངོས་དང་ཟུང་འབྲེལ་གྱིས་ཁོངས་གཏོགས་ཁུལ་གྱི་རྒྱལ་ལམ་318དང་ཞིང་ཆེན་ལམ་505ཡི་ལམ་དུམ་དུ་བར་མཚམས་ཀྱི་མྱུར་ཚད་ཚད་འཇལ་དང་། དམིགས་འཛུགས་མྱུར་ཚད་ཚད་འཇལ། འགྲིམ་འགྲུལ་བརྡ་གཏོང་གློག་སྒྲོན་ལ་བརྩི་སྲུང་མི་ཞུ་མཁན་པར་ལེན་བཅས་ཀྱི་མ་ལག་སྤྱོད་ཉེར་ཡོད་པས། ད་ལྟ་འབྲེལ་ཡོད་ནང་དོན་ཡོངས་བསྒྲགས་བྱེད་རྒྱུ་གཤམ་གསལ།

    སྤྱོད་འགོ་ཚུགས་པའི་དུས་ཚོད། 

    2023ལོའི་ཟླ་2ཚེས་13ཉིན་གྱི་ཆུ་ཚོད་0ནས་བཟུང་སྤྱོད་འགོ་འཛུགས་རྒྱུ་ཡིན་པ། 

    སྤྱོད་ཡུལ་དང་ཚད་གཞི། 

    1.སྟོང་མཇུག་ནས་ཀླུ་ནང་གྲོང་རྡལ་བར། བར་མཚམས་ཀྱི་ལམ་ཐིག་ཧྲིལ་པོར་སྤྱི་ལེ་32.59ཡོད། དེའི་བར་མཚམས་ནི་རྒྱལ་ལམ་318ལམ་ཐིག་གི་ལམ་དུམ་ཡིན་ཞིང་། རླངས་འཁོར་ཆུང་གྲས(རྐུབ་སྟེགས་དགུ་མན)ཀྱི་མྱུར་ཚད་ཚོད་འཛིན་བྱེད་ཚད་ཆ་སྙོམས་ཆུ་ཚོད་རེར་སྤྱི་ལེ་70(སྐར་མ་27དང་སྐར་ཆ་56)ཡིན་པ་དང་། འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་དང་འབྲིང་གྲས(རྐུབ་སྟེགས་དགུ་ཡན)ཀྱི་མྱུར་ཚད་ཚོད་འཛིན་བྱེད་ཚད་ཆ་སྙོམས་ཆུ་ཚོད་རེར་སྤྱི་ལེ་50(སྐར་མ་39དང་སྐར་ཆ་6)ཡིན་པ་རེད།

    2.ཀླུ་ནང་གྲོང་རྡལ་ནས་ཁམས་རགས་གྲོང་ཚོ་བར། བར་མཚམས་ཀྱི་ལམ་ཐིག་ཧྲིལ་པོར་སྤྱི་ལེ་46.74ཡོད། དེའི་བར་མཚམས་ནི་རྒྱལ་ལམ་318ལམ་ཐིག་གི་ལམ་དུམ་ཡིན་ཞིང་། རླངས་འཁོར་ཆུང་གྲས(རྐུབ་སྟེགས་དགུ་མན)ཀྱི་མྱུར་ཚད་ཚོད་འཛིན་བྱེད་ཚད་ཆ་སྙོམས་ཆུ་ཚོད་རེར་སྤྱི་ལེ་70(སྐར་མ་40དང་སྐར་ཆ་4)ཡིན་པ་དང་། འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་དང་འབྲིང་གྲས(རྐུབ་སྟེགས་དགུ་ཡན)ཀྱི་མྱུར་ཚད་ཚོད་འཛིན་བྱེད་ཚད་ཆ་སྙོམས་ཆུ་ཚོད་རེར་སྤྱི་ལེ་50(སྐར་མ་56དང་སྐར་ཆ་5)ཡིན་པ་རེད།

    3.ཞིང་ཆེན་ལམ་505ཡི་ལམ་དུམ་དུ་བར་མཚམས་ཀྱི་མྱུར་ཚད་ཚད་འཇལ་བྱེད་ས་1ཡོད་ཅིང་། དུ་རགས་ལམ་ནས་སྤྲིན་འཁོར་གྲོང་ཚོའི་ལམ་དུམ(ཕྱོགས་གཉིས་ཀ་ཡིན་པ)བར་ཡིན་པ་དང་། བར་མཚམས་ཀྱི་ལམ་ཐིག་ཧྲིལ་པོར་སྤྱི་ལེ་4.33ཡོད་པ་དང་ཞིང་ཆེན་ལམ་505ལམ་ཐིག་གི་སྤྱི་ལེ་15ཡི་སྨི907གྱི་ས་ནས་སྤྱི་ལེ་20ཡི་སྨི་239ཡི་བར་གྱི་ལམ་དུམ་ཡིན་ཞིང་། རླངས་འཁོར་ཆུང་གྲས(རྐུབ་སྟེགས་དགུ་མན)ཀྱི་མྱུར་ཚད་ཚོད་འཛིན་བྱེད་ཚད་ཆ་སྙོམས་ཆུ་ཚོད་རེར་སྤྱི་ལེ་60(སྐར་མ་4དང་སྐར་ཆ་19)ཡིན་པ་དང་། འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་དང་འབྲིང་གྲས(རྐུབ་སྟེགས་དགུ་ཡན)ཀྱི་མྱུར་ཚད་ཚོད་འཛིན་བྱེད་ཚད་ཆ་སྙོམས་ཆུ་ཚོད་རེར་སྤྱི་ལེ་50(སྐར་མ་5དང་སྐར་ཆ་11)ཡིན་པ་རེད།

    4.ཞིང་ཆེན་ལམ་505ཡི་ལམ་ཐིག་ཏུ་དམིགས་འཛུགས་མྱུར་ཚད་ཚད་འཇལ་བྱེད་ས་3ཡོད་དེ།

    1.ཞིང་ཆེན་ལམ་505ཡི་ལམ་ཐིག་གི་སྤྱི་ལེ་17གྱི་སྨི་771(བོད་རྒྱའི་བརྩེ་བ)གི་སར་འཕྲུལ་སྒུལ་འཁོར་རིགས་ཚང་མ་ཆུ་ཚོད་རེར་སྤྱི་ལེ་60ལས་གཏོང་ཆོག་གི་མེད་པ། 

    2.ཞིང་ཆེན་ལམ་505ཡི་ལམ་ཐིག་གི་སྤྱི་ལེ་15ཡི་སྨི་907(དུ་རགས་ལམ་མདོ)གྱི་སར་འཕྲུལ་སྒུལ་འཁོར་རིགས་ཚང་མ་ཆུ་ཚོད་རེར་སྤྱི་ལེ་60ལས་གཏོང་ཆོག་གི་མེད་པ། 

    3.ཞིང་ཆེན་ལམ་505ཡི་ལམ་ཐིག་གི་སྤྱི་ལེ་20ཡི་སྨི་239(སྤྲིན་འཁོར་གྲོང་ཚོའི་ལམ་མདོ)ཡི་སར་འཕྲུལ་སྒུལ་འཁོར་རིགས་ཚང་མ་ཆུ་ཚོད་རེར་སྤྱི་ལེ་60ལས་གཏོང་ཆོག་གི་མེད་པ།

    རིག་ནུས་པར་ལེན་མ་ལག(གློག་དམར་པོ་དང་ལྗང་ཁུ་7ཡོད་པ)

    1.རྒྱལ་སྨད་ལམ་དང་ཞིང་ཆེན་ལམ་505ཡི་གསུམ་མདོ་ཁའི་ཤར་ནས་ནུབ་ལ་སྐྱོད་སར་ཡོད་པ། 

    2.རྒྱལ་སྨད་ལམ་དང་ཞིང་ཆེན་ལམ་505ཡི་གསུམ་མདོ་ཁའི་བྱང་ནས་ལྷོ་ལ་སྐྱོད་སར་ཡོད་པ།  

    3.རྒྱལ་སྨད་ལམ་དང་ཞིང་ཆེན་ལམ་505ཡི་གསུམ་མདོ་ཁའི་ལྷོ་ནས་བྱང་ལ་སྐྱོད་སར་ཡོད་པ།  

    4.དུ་རགས་ལམ་དང་ཞིང་ཆེན་ལམ་505ཡི་གསུམ་མདོ་ཁའི་ལྷོ་ནས་བྱང་ལ་སྐྱོད་སར་ཡོད་པ།  

    5.འབབ་ཚུགས་ལམ་དང་ཞིང་ཆེན་ལམ་505ཡི་གསུམ་མདོ་ཁའི་ཤར་ནས་ནུབ་ལ་སྐྱོད་སར་ཡོད་པ།  

    6.འབབ་ཚུགས་ལམ་དང་ཞིང་ཆེན་ལམ་505ཡི་ལམ་གསུམ་མདོ་ཁའི་ལྷོ་ནས་བྱང་ལ་སྐྱོད་སར་ཡོད་པ།  

    7.འབབ་ཚུགས་ལམ་དང་ཞིང་ཆེན་ལམ་505ཡི་གསུམ་མདོ་ཁའི་བྱང་ནས་ལྷོ་ལ་སྐྱོད་སར་ཡོད་པ།  

    གོང་གི་རིག་ནུས་མྱུར་ཚད་ཚད་འཇལ་དང་པར་ལེན་མ་ལག་འདི་དག་2023ལོའི་ཟླ་2ཚེས་13ཉིན་གྱི་ཆུ་ཚོད་0ནས་བཟུང་དངོས་སུ་སྤྱོད་འགོ་འཛུགས་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།