དབུ་ཤོག>གསར་འགྱུར།
  • 2022ལོའི་ལྷ་ས་གྲོང་ཁྱེར་གྱི་དྲ་ཐོག་ཁྲལ་སྒྲུབ་ཁྱབ་ཚད་98%ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-13

     ཉེ་ཆར། གསར་འགོད་པས་ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2022ལོར་ལྷ་ས་གྲོང་ཁྱེར་གྱིས་དྲ་ཐོག་ནས་ཁྲལ་སྒྲུབ་དངུལ་སྤྲོད་ཞབས་ཞུར་སྐུལ་འདེད་ཤུགས་ཆེན་བཏང་བས། དྲ་ཐོག་ནས་ཁྲལ་སྒྲུབ་བྱེད་ཚད་98%ལས་བརྒལ་ཏེ་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་120.42ཟིན་གྱི་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ཁྲལ་སློག་དང་ཁྲལ་རིན་གཉིས་ཆག་གི་ཁྲལ་དངུལ་རྒྱབ་སྐྱོར་སྲིད་ཇུས་རབ་དང་རིམ་པ་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱས་པ་དང་། དྲ་ཐོག་ནས་ཁྲལ་སྒྲུབ་དངུལ་སྤྲོད་ཞབས་ཞུ་རྒྱ་ཁྱབ་ངང་སྤེལ་ཏེ་དྲ་ཐོག་ཁྲལ་སྒྲུབ་བྱེད་ཚད་98%ལས་བརྒལ་བ་དང་། “དངུལ་ཁང་དང་ཁྲལ་དོན་མཉམ་འགུལ”གྱི་མཉམ་ཤུགས་ནུས་པ་ཆེ་རུ་བཏང་ནས་གྲོང་ཁྱེར་ཡོངས་སུ་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་5ཙམ་བཏང་བས་ཁེ་ལས་370ལྷག་ཙམ་ལ་ཕན་པ་ཐོབ་པ། ཐག་གཅོད་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱེད་པའི་ཤར་བགྲོད་ལམ་བུ་བཏོད་པ་དང“ཁེ་ལས་ཀྱིས་འབྲེལ་གཏུག་ལས་སྒོ་འགན་གཙང་ལེན་པའི”དྲ་མིག་ཅན་གྱི་ཞབས་ཞུ་སྤེལ་ནས་དྲ་ཐོག་ཏུ་དུད་ཚང་ཁྲི་4.14ལ“གཅིག་གཏད་གཅིག”གི་ཞབས་འདེགས་ཞུས་པ། “དྲོ་སྐྱིད་སྦྱིན་པའི་རིག་ནུས་ཁྲལ་དོན”གྱི་ཁྲལ་བསྡུ་ཁྲལ་འཇལ་གྱི་འབྲེལ་གཏུགས་ལས་སྟེགས་བཏོད་པ་དང་། དྲ་ཐོག་གི་གནད་དོན་ཐག་གཅོད་ལམ་སྲོལ་བཟོས་ནས་ཉིན་མཚན་དབྱེར་མེད་ངང་ཁྲལ་དངུལ་ཞབས་འདེགས་ཞུས་ཏེ་ཁེ་ལས་ཁྲི་4ལྷག་ཙམ་ལ་ཁྱབ་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།