དབུ་ཤོག>གསར་འགྱུར།
  • ཉང་ཆུ་གཙང་འགྲམ་ངོགས་སུ་དངུལ་རྩའི་ཞབས་ཞུའི་འབྲས་བུ་སྨིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-13

    དངུལ་རྩ་ནི་དངོས་ཚན་དཔལ་འབྱོར་གྱི་ཁྲག་རྩ་ལྟ་བུ་ཡིན་པས། དཔལ་འབྱོར་དར་ན་དངུལ་རྩ་དར་བ་དང་། དངུལ་རྩར་གསོན་ཤུགས་འཕེལ་ན་དཔལ་འབྱོར་གསོན་ཤུགས་རྒྱས་ངེས། ཉེ་བའི་ལོ་ཤས་རིང་། གཞུང་ཁོངས་ཚོང་ལས་དངུལ་ཁང་ཆེ་གྲས་ཤིག་ཡིན་པའི་ཞིང་ལས་དངུལ་ཁང་ཉིང་ཁྲི་ཡན་ལག་དངུལ་ཁང་གིས“དོན་ཆེན་བཞིར”དམིགས་ནས“ཤུགས་རྒྱག་དགོས་པ་དྲུག་དང་ལྗོངས་ཡོངས་ཀྱི་ཞིང་ལས་དངུལ་ཁང་གི་མདུན་གྲལ་དུ་སླེབས་པ་དྲུག”དམིགས་ཚད་དུ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཡག་པོ་ཞུ་བ་དང་། བཟོ་སྐྲུན་ལས་རིགས་དང་ས་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། ཀུན་ཕན་དངུལ་རྩ་དང་ལྗང་མདོག་དངུལ་རྩ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ས་ཁོངས་ཀྱི་དངོས་ཚན་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་དངུལ་རྩས་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་རེད།

    རྒྱལ་ཁབ་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་ཞབས་འདེགས་ཞུས་པ།

    ཞིང་ལས་དངུལ་ཁང་ཉིང་ཁྲི་ཡན་ལག་དངུལ་ཁང་གིས་དངུལ་རྩའི་ཞབས་ཞུའི་དངོས་ཚན་དཔལ་འབྱོར་གྱི་གཙོ་ཤུགས་དངུལ་ཁང་ཡིན་པའི་ཁྲོམ་རའི་གནས་བབ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་དེ་བཞིན་རང་སྐྱོང་ལྗོངས་དང་ཉིང་ཁྲི་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལ་དམིགས་ཏེ། ནུས་ཤུགས་ཡོད་རྒུས་ཁྲོན་བོད་ལྕགས་ལམ་སོགས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས་ཞིབ་ཆར་དམ་འཛིན་དང་། ཐོན་རྫས་དང་ཞབས་ཞུར་ཤུགས་རྒྱག་པ། ནུས་ཤུགས་ཡོད་རྒུས་མཁོ་སྤྲོད་འཁོར་འབྲེལ་གྱི་གོང་འོག་ཁེ་ལས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ནས་ས་ཁོངས་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་ཡོད་པ་རེད།

    “འགན་ལེན་eམཉམ་འདྲེས”ནི་ཞིང་ལས་དངུལ་ཁང་གིས་ལྟེ་བའི་ཁེ་ལས་གོང་འོག་གི་ཚོང་ཟོག་ཉོ་ཚོང་དང་ངལ་ནུས་ཞབས་ཞུར་གཞིགས་ཏེ་ཐོན་པའི་རྩིས་ཁྲའི་དུས་ཚོད་ངེས་ཅན་ཞིག་ནང་བསྡུ་དགོས་ངེས་དང་སྤྲོད་དགོས་ངེས་ཀྱི་མ་དངུལ་རྣམ་གྲངས་ཡིན་ཞིང་། དྲ་ཐོག་མཁོ་སྤྲོད་འཁོར་འབྲེལ་གྱི་མ་དངུལ་བསྡུ་སྒྲིལ་གྱི་ཞབས་ཞུ་བྱས་པ། དེས་གཙོ་བོ་མཁོ་སྤྲོད་འཁོར་འབྲེལ་གོང་འོག་གི་ཕྲན་ཚེགས་ཁེ་ལས་ཀྱི་བསྡུ་དགོས་ངེས་ཀྱི་རིན་པ་མགྱོགས་མྱུར་དངུལ་སྨར་ལ་འདོན་ཐབས་བྲལ་བ་དང་དེ་བཞིན་སྲོལ་རྒྱུན་གྱི་མཁོ་སྤྲོད་འཁོར་འབྲེལ་གྱི་མ་དངུལ་བསྡུ་སྒྲིལ་ལས་སྒོ་ལས་བསྒྲོལ་ཐབས་བྲལ་བའི་གནད་དོན་གཙོ་བོར་ཐག་གཅོད་བྱེད་ཀྱི་ཡོད།

    ཞིང་ལས་དངུལ་ཁང་ཉིང་ཁྲི་ཡན་ལག་དངུལ་ཁང་གིས་དངུལ་རྩའི་ཚན་རྩལ་གྱི་ནུས་པར་བརྟེན་ནས“འགན་ལེན་eམཉམ་འདྲེས”ཀྱི་ཐོན་རྫས་ལེགས་ཆ་དང་ཟུང་འབྲེལ་བྱས་ནས། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་དང་ཐོན་ལས་འཁོར་འབྲེལ་འཕེལ་རྒྱས་ལ་གཞི་ཚུགས་པ་དང་། ཐོན་ལས་འཁོར་འབྲེལ་གྱི་མཁོ་མཁན་གྱི་མ་དངུལ་བསྡུ་སྒྲིལ་དགོས་མཁོ་དང་། ལྟེ་བའི་ཁེ་ལས་དང་གོང་འོག་མཁོ་མཁན་བར་གྱི་མཉམ་ལས་བྱེད་ཚད། མཁོ་སྤྲོད་འཁོར་འབྲེལ་གྱི་འབྲེལ་བ་སོགས་ཟུར་ཚད་མང་པོ་ནས་དབྱེ་ཞིབ་གཏིང་ཟབ་བྱེད་པ། ལྟེ་བའི་ཁེ་ལས་རེར་ཐབས་ཇུས་རེ་ཡོད་པར་དམིགས་ནས་ཞབས་ཞུའི་ཇུས་གཞི་བཟོ་བ་བཅས་བྱས་ཏེ་དངུལ་རྩའི་ཞབས་ཞུ་གནད་སྨིན་ཅན་དང་། རང་སོའི་ཁྱད་ཆོས་ཅན། ཇུས་གཞི་ཅན་བཅས་ཡོང་བར་བྱས་པ་དང་། མཁོ་སྤྲོད་འཁོར་འབྲེལ་གྱི་ཕྲན་ཚེགས་ཁྱུ་ཚོགས་ཀྱི་མཁོ་མཁན་ལ་ཕྱོགས་བསྡུས་དངུལ་རྩའི་ཞབས་འདེགས་ཞུས་ཏེ། ལས་རིགས་མི་འདྲ་བའི་མཁོ་སྤྲོད་འཁོར་འབྲེལ་གྱི་མཁོ་མཁན་གྱི་བར་ཁྱད་ཅན་གྱི་མ་དངུལ་བསྡུ་སྒྲིལ་དགོས་མཁོ་ནུས་ཤུགས་ཡོད་རྒུས་བསྐངས་པ་རེད། 2022ལོའི་ལོ་མཇུག་བར་རིམ་རྩིས་བྱས་ན། དངུལ་ཁང་དེས་གཙོ་གནད་རྣམ་གྲངས་ལ་དངུལ་བུན་སྒོར་དུང་ཕྱུར་23བཏང་བ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་ཚོང་ལས་ཁུལ་2བསྐྲུན་ནས། རྣམ་གྲངས་གལ་ཆེན་གྱི་ལྟེ་བའི་ཁེ་ལས་ཀྱི་མཁོ་སྤྲོད་འཁོར་འབྲེལ་ཁྲོད་མཁོ་སྤྲོད་ཚོང་པ་གོང་མར“འགན་ལེན་eམཉམ་འདྲེས”ཀྱི་ལས་སྒོ་ཁག་104གཉེར་བར་མ་དངུལ་བསྡོམས་འབོར་སྒོར་ཁྲི་7336ཟིན་ནས་ཞིང་ལས་དངུལ་ཁང་ཉིང་ཁྲི་ཡན་ལག་དངུལ་ཁང་གི་མཁོ་སྤྲོད་འཁོར་འབྲེལ་གྱི་མ་དངུལ་བསྡུ་སྒྲིལ་ལ་སླར་ཡང་ཚད་བརྒལ་གསར་པ་ཞིག་བྱུང་བ་རེད།

    བཟོ་སྐྲུན་ལས་རིགས་དང་ས་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ།

    ཉིང་ཁྲི་གྲོང་ཁྱེར་དུ་གནས་པའི་བོད་སྨན་ཐོན་སྐྱེད་ཁེ་ལས་ཤིག་གིས་བོད་སྨན་ཐོན་སྐྱེད་དང་ཞིབ་སྤེལ་བྱས་ཤིང་། དེ་ནི་རྒྱལ་ཁབ་ཀྱིས་ཁག་དང་པོར་ངོས་འཛིན་གཏན་འཁེལ་བྱས་པའི“གསར་གཏོད་རྣམ་པའི་ཁེ་ལས”ཤིག་ཡིན་ལ་རྒྱལ་ཁབ་རིམ་པའི་ཁེ་ལས་ལག་རྩལ་ལྟེ་གནས་དང་། དེ་བཞིན་བོད་སྨན་ཕྱི་སྤྱོད་སྨན་རྫས་དང་བོད་སྨན་གྱི་སྲ་གཟུགས་སྨན་རྫས་ཀྱི་རྒྱལ་ཁབ་དང་ས་གནས་མཉམ་འབྲེལ་ལས་གྲྭའི་ཚོད་ལྟ་ཁང་གཉིས་ཡོད་པ་མ་ཟད། ཐོན་རྫས་རྩེ་གྲའི་ཐད་ཟུག་འཇོམས་སྦྱར་སྨན་དང་གུར་གུམ་བསམ་འཕེལ་སོགས་ཚུད་པ་དང་། 2009ལོར་ཁྲོམ་རར་བདེ་བླག་ངང་བཏོན་ཡོད། དེ་ནི་ལྗོངས་ནང་ཁུལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་ཤིག་རེད།

    ཁེ་ལས་རྒྱ་སྟོབས་ཆེ་རུ་གཏོང་དགོས་ན། ཞིབ་སྤེལ་གསར་གཏོད་དང་ཁ་འབྲལ་ཐབས་མེད། 2022ལོར་བོད་སྨན་ཐོན་སྐྱེད་ཁེ་ལས་དེས་ཐོན་ལས་གླིང་བསྐྲུན་ནས་ཞིབ་སྤེལ་གྱི་ནུས་པ་ཆེ་རུ་གཏོང་བ་དང་ལས་སྒོ་འཕེལ་རྒྱས་རྒྱ་སྐྱེད་གཏོང་རྩིས་བྱེད་པར་རྣམ་གྲངས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་ཆེ་ཙམ་ཡོད་པ་རེད། ཞིང་ལས་དངུལ་ཁང་ཉིང་ཁྲི་ཡན་ལག་དངུལ་ཁང་གིས་གནས་ཚུལ་དེ་ཤེས་རྗེས་འཕྲལ་མར་ལས་སྒོའི་ཆེད་དོན་ཚན་ཁག་བཙུགས་ནས་དེ་མ་ཉིད་དུ་རྣམ་གྲངས་གླིང་ཁུལ་བསྐྲུན་པའི་ཡུལ་དངོས་ལ་བརྟག་དཔྱད་བྱས་ཏེ་ཁེ་ལས་ཀྱི་དགོས་མཁོར་གཞིགས་ནས་མ་དངུལ་བསྡུ་སྒྲིལ་གྱི་ཞབས་ཞུའི་ཇུས་གཞི་བཟོས་ནས་འཐུས་སྒོ་ཚང་དུ་བཏང་བར་ཁེ་ལས་ཀྱི་ཚད་མཐོའི་གདེང་འཇོག་ཐོབ། རྣམ་གྲངས་དོན་འཁྱོལ་ཡག་པོ་ཡོང་ཆེད། དངུལ་ཁང་དེས་རིམ་མང་མཉམ་འགུལ་དང་། ལས་སྒོའི་བརྒྱུད་རིམ་ཤར་བགྲོད། ལས་སྒོ་དོན་འཁྱོལ་མགྱོགས་སུ་གཏོང་བ་བཅས་བྱས་པས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་དགོས་མཁོ་མགྱོགས་མྱུར་བསྐངས་ཏེ་རྣམ་གྲངས་ཀྱི་འཕེལ་རིམ་ལ་འགན་ལེན་ནུས་ལྡན་ཐུབ་ཡོད།

    “ལས་སྒོ་འདི་མགྱོགས་མྱུར་དོན་འཁྱོལ་བྱུང་བ་ནི་ང་ཚོའི་སྔོན་དཔག་ལས་བརྒལ་བ་དང་། ང་ཚོའི་རྣམ་གྲངས་འཛུགས་སྐྲུན་ཐད་རོགས་རམ་ཆེན་པོ་ཐུབ་ཡོད། རྣམ་གྲངས་བསྐྲུན་རྗེས་ང་ཚོའི་བོད་སྨན་ཞིབ་སྤེལ་དང་གསར་གཏོད་ཀྱི་ནུས་པ་ཆེ་རུ་ནུས་ལྡན་འགྲོ་རྒྱུ་དང་། ཕུལ་བྱུང་གི་བོད་ལུགས་གསོ་རིག་གི་རིག་གནས་འགྲེམས་སྟོན་ལས་སྟེགས་མཁོ་འདོན་ཐུབ་རྒྱུ། བོད་ལུགས་གསོ་རིག་གི་ཁྱད་ལྡན་དྲག་སྐྱེད་ལྟེ་གནས་གཏོད་པ་བཅས་ཀྱི་ཐོག་ནས་ང་ཚོའི་ཁེ་ལས་འཕེལ་རྒྱས་ཀྱི་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་རམ་འདེགས་ཐུབ་རྒྱུ་རེད”ཅེས་བོད་སྨན་ཐོན་སྐྱེད་ཁེ་ལས་ཀྱི་འགན་འཁུར་བས་བཤད། 2022ལོའི་ལོ་མཇུག་བར་ཞིང་ལས་དངུལ་ཁང་ཉིང་ཁྲི་ཡན་ལག་དངུལ་ཁང་གིས་ལོ་ལྟར་རིམ་རྩིས་བྱས་ན་འཐབ་ཇུས་ཀྱི་ཐོན་ལས་གསར་པ་དང་བཟོ་སྐྲུན་ལས་རིགས་ལ་དངུལ་བུན་སྒོར་དུང་ཕྱུར་4དང་སྒོར་དུང་ཕྱུར་1སོ་སོར་བཏང་བ་རེད།

    ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་རམ་འདེགས་བྱས་པ།

    ཉིང་ཁྲིའི་ཆུ་ཤུགས་གློག་ཁང་གི་ས་ཁོངས་སུ། འོད་ཤུགས་གློག་ཁང་གི་ལས་ཡུལ་དུ་ཚ་ཚ་འུར་འུར་ངང་འཛུགས་སྐྲུན་བྱེད་བཞིན་ཡོད་ཅིང་། རྣམ་གྲངས་དེ་ནི་ཆུ་ཤུགས་གློག་ཁང་གི་བེད་མེད་ས་སྟོང་དུ་ཁ་ཐོར་རྣམ་པའི་འོད་ཤུགས་གློག་ཁང་བསྐྲུན་ནས་ཆུ་དང་འོད་ཤུགས་གསབ་རེས་དང་ལྗང་མདོག་གློག་ཤུགས་ནུས་རྒྱུ་ཁ་གསབ་མངོན་འགྱུར་བྱེད་པ་ཞིག་རེད། འོད་ཤུགས་གློག་ཁང་དེའི་དུས་ཐེངས་དང་པོ་བསྐྲུན་ཟིན་རྗེས་སྔོན་དཔག་བྱས་ན་ལོར་ཐཱན་འབུད་ཉུང་གཏོང་བྱེད་ཚད་ཏུན་39ཟིན་ནས་ཉིང་ཁྲི་གྲོང་ཁྱེར་གྱི་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་རླུང་ཁམས་ཆེ་མོའི་སྦགས་བཙོག་ཉུང་དུ་བཏང་ནས“སྐྱེ་ཁམས་ཤེས་དཔལ་གྱི་སྣེ་ཁྲིད་ཁུལ”གཏོད་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ངེས་ཡིན་ལ“རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་གྱི་གྲས་ཤིག་ཀྱང་རེད།

    རྣམ་གྲངས་དེ་བདེ་བླག་ངང་ལག་བསྟར་བྱེད་པར་རམ་འདེགས་བྱ་ཆེད། ཞིང་ལས་དངུལ་ཁང་ཉིང་ཁྲི་ཡན་ལག་དངུལ་ཁང་གིས་ཆེད་དོན་བགྲོ་གླེང་དང་དབྱེ་ཞིབ་བྱས་ནས་ཏང་ཀྲུང་དབྱང་གིས་གནང་བའི་གཟིགས་སྐྱོང་སྲིད་ཇུས་བེད་སྤྱོད་ཡག་པོ་བྱས་ཏེ། ཉིང་ཁྲི་གྲོང་ཁྱེར་གྱིས“སྐྱེ་ཁམས་ཤེས་དཔལ་གྱི་སྣེ་ཁྲིད་ཁུལ”གཏོད་པའི་འཐབ་ཇུས་བཀོད་སྒྲིག་གི་སྒྲོམ་གཞིའི་འོག་གྲུབ་འབྲས་ཐོབ་པའི་ངང་ཆེད་དོན་དངུལ་བུན་བསྐྱར་མའི་གྲངས་འབོར་རེ་ཞུ་བྱས་ནས་རྣམ་གྲངས་འཛུགས་སྐྲུན་ལ་དངུལ་རྩའི་འགན་ལེན་གང་ལེགས་བྱས་པ་རེད། 2022ལོའི་ལོ་མཇུག་བར་དངུལ་ཁང་དེས་རིམ་རྩིས་བྱས་ན་ལྗང་མདོག་ཡིད་རྟོན་དངུལ་བུན་ལས་རིགས་ཁྱབ་ཁོངས་ཀྱི་དངུལ་བུན་སྒོར་དུང་ཕྱུར་19.86བཏང་བ་དང་ལྷག་གྲངས་སྒོར་དུང་ཕྱུར་37.46ཟིན་པ་དེས་དངུལ་ཁང་དེའི་དངུལ་བུན་ཁག་གི་25.94%བཟུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།