གནམ་དཔྱད་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་བྱེད་པ།
ཟླ་2ཚེས་10ཉིན། ལྷ་ས་གྲོང་ཁྱེར་གྱི་བོད་ཡུལ་སྐར་མའི་གོ་ལའི་གནམ་དཔྱད་ཉམས་ལེན་ཁང་དངོས་སུ་སྒོ་འབྱེད་སླར་གསོ་བྱས་པ་དང་། འགྲེམས་སྟོན་དང་། འཆད་འགྲེལ། བཟོ་དབྱིབས། ཉམས་ལེན། སྤེལ་རེས་བཅས་ཀྱི་བྱ་ཐབས་ལ་བརྟེན་ནས་གནམ་དཔྱད་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་བ་བརྒྱུད་གནམ་དཔྱད་ལ་དགའ་པོ་ཡོད་མཁན་མི་ཉུང་བ་ཞིག་གི་ཡིད་དབང་འཕྲོག་ཡོད།
འདི་ནི་གྲོང་མི་དང་ཡུལ་སྐོར་བས་བོད་ཡུལ་སྐར་མའི་གོ་ལའི་གནམ་དཔྱད་ཉམས་ལེན་ཁང་དུ་ལྟ་སྐོར་བྱེད་བཞིན་པ།