དབུ་ཤོག
  • སྨན་རིན་འདི་རྩིས་ཞུ་བྱེད་པར་སྲིད་ཇུས་གསར་པ་ཞིག་བཏོན་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2023-02-10

    ཉེ་ཆར་གསར་འགོད་པར་ཤེས་རྟོགས་བྱུང་བར། “རིགས་ཁ་པའི་དོ་དམ་བྱེད་ཐབས་ཁ་པའི”སྤྱིའི་ཇུས་གཞིའི“བདེ་ཐང་འགན་ལེན་དང་ནད་གཞི་ལྕི་རིགས་འགོག་པའི”བླང་བྱ་གཞིར་བཟུང་། མི་དམངས་མང་ཚོགས་བློ་བདེ་པོ་ཡོང་ཆེད། རང་ལྗོངས་ཀྱི་སྨན་བཅོས་འགན་སྲུང་སོགས་སྡེ་ཚན་གྱིས“རིགས་ཁ་པའི་དོ་དམ་བྱེད་ཐབས་ཁ་པའི”ཏོག་དབྱིབས་ནད་དུག་གསར་པ་འགོ་མཁན་གྱི་སྨན་བཅོས་འགྲོ་གྲོན་ལ་དམིགས་ནས་འབྲེལ་ཡོད་ཀྱི་སྨན་བཅོས་འགན་སྲུང་ལེགས་སུ་གཏོང་བའི་སྲིད་ཇུས་བཏོན་པ་རེད།

    སྲིད་ཇུས་ཀྱི་གཏན་འབེབས། 

    རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བྱེད་ལས་བཟོ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་རིམ་པ་གཉིས་པ་མན་གྱི་དམིགས་བཙུགས་སྨན་བཅོས་སྒྲིག་གཞིར་ཕྱིན་ནས་ཏོག་དབྱིབས་ནད་དུག་གསར་པ་འགོ་མཁན་གྱི་འབྲེལ་ཡོད་སྒོ་བསྟེན་སྨན་ཁང་དང་དོས་དྲག་ཁང་དུ་སྨན་བཅོས་བྱས་པའི་སྨན་རིན་རྩིས་ཞུ་མཐོ་དམའ་ལ་མ་བལྟོས་པར་གཅིག་གྱུར་ཐོག་80%རྩིས་ཞུ་བྱེད་ཀྱི་ཡོད་པ་རེད།

    སྨན་བཅོས་འགན་བཅོལ་ལ་ཞུགས་པའི་ནད་པ་ས་ཆ་གཞན་དུ་སྒོ་བསྟེན་སྨན་བཅོས་དང་དོས་དྲག་སྨན་བཅོས་ཀྱི་སྨན་རིན་མི་སྒེར་གྱི་སྔོན་ལ་སྤྲད་ནས། ཕྱིས་སུ་རང་ཉིད་ཞུགས་ཡུལ་གྱི་འགན་བཅོལ་གཏན་འབེབས་གཞིར་བཟུང་རྩིས་ཞུ་བྱེད་ཀྱི་ཡོད།

    གནས་སྐབས་རིང་རང་ལྗོངས་ཀྱི་ཏོག་དབྱིབས་ནད་དུག་གསར་པའི་སྨན་གྱི་སྣ་ཁ་མང་དུ་བཏང་བ་དང་། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་དཀར་ཆག་ནང་ཚ་བ་རྒྱས་པ་དང་གློ་རྒྱག་པ་སོགས་ཏོག་དབྱིབས་ནད་དུག་གསར་པ་བཅོས་པའི་སྨན་རྫས་དང་། རྒྱལ་ཁབ་ཀྱི《ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་སྨན་བཅོས་སྐོར་གྱི་ཇུས་གཞི》 དེ་བཞིན《བོད་རང་སྐྱོང་ལྗོངས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་ཀྲུང(བོད)ལུགས་གསོ་རིག་གི་འགོག་བཅོས་ཇུས་གཞིའི》སྨན་རྫས་ཚང་མ་རང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་གཏོང་སྤྲོད་ཀྱི་ཁྱབ་ཁོངས་སུ་བཅུག་པའི་རྨང་གཞིའི་ཐོག སྨན་རྫས་མཁོ་སྤྲོད་འདང་ངེས་གང་ལེགས་ཡོང་ཆེད། གནས་སྐབས་རང་བཞིན་གྱི་སྒོ་ནས་རང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་ཀྱི་སྨན་རྫས་དཀར་ཆག་གི་གཞི་ཁྱོན་ཆེ་རུ་བཏང་བ་མ་ཟད། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ནང་བཅུག་པ་རེད།

    ལག་བསྟར་དུས་ཚོད།

    སྲིད་ཇུས་འདི་ད་ལོའི་ཟླ་1ཚེས་8ཉིན་ནས་ཟླ་3ཚེས་31ཉིན་བར་ལག་ལེན་བསྟར་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།