དབུ་ཤོག>གསར་འགྱུར།
  • དུས་རབས་གསར་པའི་གྲོང་གསེབ་དར་རྒྱས་ལ་བཀྲག་མདངས་བསྣན་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-10

    འདས་ཟིན་པའི་ལོ་གཅིག་ནང་། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གྲོང་གསེབ་དར་རྒྱས་ཅུས་ཀྱིས“ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་ཡ་རབས། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག”བཅས་ཀྱི་སྤྱིའི་བླང་བྱ་ལྟར། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་བའི་རྨང་གཞིའི་ཐོག་གྲོང་གསེབ་དར་རྒྱས་ཀྱི་བྱ་སྤྱོད་ནུས་ཤུགས་ཡོད་རྒུས་སྤེལ་ནས། ཞིང་ལས་དང་གྲོང་གསེབ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་རེད།

    དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་བསྐྱེད་བཏང་བ།

    2022ལོར། སྟོད་ལུང་བདེ་ཆེན་ཆུས་ཀྱིས་དབུལ་པོ་བསྐྱར་ལོག་སྔོན་འགོག་ལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལས་དོན་ཏན་ཏིག་ངང་སྤེལ་ཞིང་། འབྲེལ་ཡོད་སྲིད་ཇུས་རང་བཞིན་གྱི་ཡིག་ཆའི་བླང་བྱ་གཞིར་བཟུང་། ན་ནིང་སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཆེད་དམིགས་འཛིན་གྲྭ་བཙུགས་ནས་ཆུས་ཡོངས་ཀྱི་དུད་ཚང་12414དང་གྲོང་གསེབ་དང་དེ་བཞིན་གྲོང་གསེབ་ཏུ་རྒྱུན་སྡོད་མི་འབོར་39500ལ་ཕྱོགས་ཡོངས་ནས་མཐིལ་རྟོགས་གྲལ་བཤེར་ཐེངས་གཉིས་བྱས་པ་རེད། མཐིལ་རྟོགས་གྲལ་བཤེར་བྱས་པ་བརྒྱུད། སྟོད་ལུང་བདེ་ཆེན་ཆུས་ཀྱིས་ལྟ་ཞིབ་ཚད་ལེན་བྱ་ཡུལ་དུད་ཚང་18དང་མི་53གསར་དུ་བཅུག་པའི་ནང་མཐར་ལུས་དུད་ཚང་15དང་མི་46ཡོད་པ་དང་མཐར་ལུས་དུད་ཚང་དང་དབུལ་སྒྲོལ་བརྟན་པོ་མེད་པའི་དུད་ཚང་3དང་མི་7ཡོད་པ་རེད། གསར་དུ་འཕར་བའི་ལྟ་ཞིབ་ཚད་ལེན་བྱ་ཡུལ་དུད་ཚང་རེ་རེ་བཞིན་ལ་རོགས་རམ་བྱེད་མཁན་འགན་འཁུར་བ་རེ་གཏན་འཁེལ་བྱས་ནས་རྒྱུན་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་བྱས་པ་དང་ལྟ་ཞིབ་ཚད་ལེན་ལས་དོན་གྱི་རྩིས་ཐོ་བཟོས་པ་རེད།

    དེ་དང་ཆབས་ཅིག་སྟོད་ལུང་བདེ་ཆེན་ཆུས་ཀྱིས་བྱེད་ཐབས་སྣ་མང་སྤྱད་དེ་་དབུལ་སྒྲོལ་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ལས་དོན་ཏན་ཏིག་སྤེལ་ཞིང་། མིག་སྔའི་བར། སྟོད་ལུང་བདེ་ཆེན་ཆུས་ཀྱིས་ལས་གནས་1374ཁ་གསབ་བྱས་པ་དང་། ཁ་གསབ་མ་དངུལ་སྒོར་ཁྲི་450.55སྤྲད་པ། ལས་ཞུགས་ལས་གནས་ཀྱི་ཁ་གསབ་དངུལ་སྒོར་ཁྲི་48སྤྲད་ཡོད། དེས་མ་ཟད《ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་གནད་སྨིན་དབུལ་སྐྱོར་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་ཡོང་འབབ་དམའ་བའི་ཚོགས་སྤྱིའི་ཁྱིམ་ཚང་གི་ལས་ཞུགས་དབུལ་སྒྲོལ་ལྕག་སྐུལ་ལམ་སྲོལ》ལ་གཞིགས་ནས་ཆ་རྐྱེན་འཛོམས་པའི་མི་300ལྷག་ཙམ་ལ་བྱ་དགའ་དངུལ་སྒོར་ཁྲི་120ལྷག་ཙམ་སྤྲད་པ་རེད།

    གྲོང་གསེབ་ཀྱི་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ།

    2022ལོར། སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཀྲུང་དབྱང་དང་། རང་སྐྱོང་ལྗོངས། ལྷ་ས་གྲོང་ཁྱེར། རིམ་པ་འདི་ག་བཅས་ཀྱི་ཞིང་འབྲེལ་མ་དངུལ་སྒོར་ཁྲི་30185.80བསྡུ་སྒྲིལ་བྱས་ནས་ཆུས་ཡོངས་ཀྱི་ཐོན་སྐྱེད་འཕེལ་རྒྱས(ཐོན་ལས་རྣམ་གྲངས་ཚུད་པ)རིགས་དང་། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་རིགས། སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་རིགས། དབུལ་སྐྱོར་དངུལ་བུན་སྐྱེད་གསབ་བཅས་ཁྱོན་རྣམ་གྲངས་ཁག་14ལ་སྤྱད་པ་རེད།

    དེའི་ནང་ཐོན་སྐྱེད་འཕེལ་རྒྱས(ཐོན་ལས་རྣམ་གྲངས་ཚུད་པ)ཀྱི་རིགས་ལ་ཁྱོན་མ་དངུལ་སྒོར་ཁྲི་11300བཏང་ནས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཁག་5བསྐྲུན་པ་དང་། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་རིགས་ལ་ཁྱོན་མ་དངུལ་སྒོར་ཁྲི་16119.15བཏང་ནས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་རྣམ་གྲངས་ཁག་5དང་དེ་བཞིན་གཞུང་ལམ་སྒྱུར་བཀོད་རྣམ་གྲངས་ཁག་1ལག་བསྟར་བྱས་པ། སྐྱེ་ཁམས་དབུལ་སྒྲོལ་ལས་གནས་སུ་མ་དངུལ་སྒོར་ཁྲི་555.45བཏང་ནས་སྐྱེ་ཁམས་ལས་གནས་1587བཀོད་སྒྲིག་བྱས་པ། དབུལ་སྐྱོར་དངུལ་བུན་སྐྱེད་གསབ་ལ་མ་དངུལ་སྒོར་ཁྲི་2211.2བཏང་བ་དག་ཐོན་ལས་དབུལ་སྐྱོར་གྱི་དངུལ་བུན་སྐྱེད་གསབ་དང་དབུལ་སྐྱོར་གྲངས་ཉུང་ཡིད་རྟོན་དངུལ་བུན་སྐྱེད་གསབ་ཐད་སྤྱད་པ་རེད། མིག་སྔའི་བར་ལས་འགོ་ཚུགས་པའི་རྣམ་གྲངས་ཁག་13ཡོད་པ་དང་ལས་འགོ་ཚུགས་ཚད་93%ཟིན་ཡོད་པ་རེད། རིམ་རྩིས་བྱས་ན་ཞིང་འབྲེལ་མ་དངུལ་སྒོར་ཁྲི་17115.83བཏང་བ་དང་མ་དངུལ་གཏོང་ཚད་57%ཟིན་ཡོད་པ་རེད།

    “དམངས་འཚོའི་རྣམ་གྲངས་ཆེ་གྲས་བཅུར”གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།

    2022ལོར། སྟོད་ལུང་བདེ་ཆེན་ཆུས་ཀྱིས“མཛེས་སྡུག་ལྡན་པའི་གྲོང་གསེབ·བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”འཛུགས་སྐྲུན་གྱི་བྱ་སྤྱོད་འཆར་གཞི་དམ་འཛིན་བྱ་གཞིར་བྱས་ནས་ནུས་ཤུགས་ཡོད་རྒུས་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་གྲོང་ཚོ་དང་། མཛེས་སྡུག་ལྡན་ལ་སྡོད་མལ་ལ་འཚམ་པའི་གྲོང་ཚོ། སྲ་བརྟན་མཐོར་གཏོང་གྲོང་ཚོ་བཅས་རྣམ་གྲངས་འཛུགས་སྐྲུན་ཡག་པོ་བྱས་ཏེ། 2021ལོར་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་གྲོང་ཚོ་2བསྐྲུན་པ་རེད།

    སྟོད་ལུང་བདེ་ཆེན་ཆུས་ཀྱི“མཛེས་སྡུག་ལྡན་པའི་གྲོང་གསེབ·བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”ཀྱི་བདེ་འཇགས་འཐུང་ཆུའི་རྣམ་གྲངས་ལག་ལེན་བསྟར་ཞིང་། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་ཁྲི་3124.60བཏང་བ་དང་མིག་སྔར་ལས་འབོར་གྱི་30%ལེགས་གྲུབ་ཟིན་པ་དང་། མ་དངུལ་སྒོར་ཁྲི་990.656བཏང་བ་དང་མ་དངུལ་གཏོང་ཚད་32%ཟིན་ཡོད། རྣམ་གྲངས་དེས་སྔོན་ཐོན་ལག་རྩལ་ལ་བརྟེན་ནས་འཁྱག་འགོག་དང་། ཆུ་གྲོན་ཆུང་གི་སྒྲིག་བཀོད། ཆུ་སྤུས་ལེགས་གཏོང་གི་སྒྲིག་བཀོད་བཅས་ཀྱི་གནད་དོན་ཐག་གཅོད་བྱས་པ་རེད། གཞན་ཡང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས་མི་ཕྱུགས་ལོགས་དབྱེའི་ཆ་རྐྱེན་དང་མཐུན་པའི་ལས་དོན་སྤྱིར་ན་ལེགས་སྒྲུབ་བྱས་ཟིན་པ་རེད།

    ཞིང་འབྲོག་པའི་རྣམ་པ་གསར་པའི་ཕུགས་ཕན་ལམ་སྲོལ་བཙུགས་པ།

    2022ལོར། སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཞིང་འབྲོག་པའི་རྣམ་པ་གསར་པའི་བྱ་སྤྱོད་ཀྱི་ཕུགས་ཕན་ལམ་སྲོལ་བཙུགས་ཏེ། དཔེ་མཚོན་མིག་དཔེ་འདེམས་ཤུགས་ཆེ་རུ་བཏང་བ་དང་། ལྡོག་ཕྱོགས་ཀྱི་དཔེ་མཚོན་དམར་རྗེན་དུ་འདོན་ཤུགས་ཆེ་རུ་བཏང་བ། དང་བླངས་ཞབས་ཞུའི་བྱེད་སྒོ་གཏིང་ཟབ་སྤེལ་བ་རེད།

    སྟོད་ལུང་བདེ་ཆེན་ཆུས་གྲོང་གསེབ་དར་རྒྱས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས“གོམ་སྟབས་རྗེས་མར། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་པའི་ཞབས་ཞུའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། དུས་རབས་གསར་པའི་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་ཞིག་འདིང་གི་ཡིན”ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།