དབུ་ཤོག>གསར་འགྱུར།
  • རང་ལྗོངས་ཀྱིས《མ་མཐའི་འཚོ་བའི་འགན་ལེན་གྱི་ལག་བསྟར་བྱ་ཐབས》ལ་བཟོ་བཅོས་བརྒྱབ་ནས་བཀྲམ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-06

    རང་ལྗོངས་ཀྱི་མ་མཐའི་འཚོ་བའི་འགན་ལེན་གྱི་ལས་དོན་སྔར་བས་ཚད་ལྡན་དང་འཐུས་སྒོ་ཚང་དུ་གཏོང་ཆེད། ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས《མ་མཐའི་འཚོ་བའི་འགན་ལེན་གྱི་ལག་བསྟར་བྱ་ཐབས》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)ལ་བཟོ་བཅོས་བརྒྱབ་ནས་བཀྲམ་པ་རེད། 《བྱ་ཐབས》དེར་ཁྱོན་ལེའུ་དགུ་དང་དོན་ཚན་དོན་གསུམ་ཡོད་ཅིང་། ཐོབ་ཐང་གི་ཆ་རྐྱེན་དང་། འགན་ལེན་གྱི་ཚད་གཞི། རེ་ཞུ་བདག་སྤྲོད། ཁྱིམ་ཚང་གི་འབྱོར་འཁོས་བརྟག་དཔྱད། ཞིབ་བཤེར་གཏན་འཁེལ། མ་དངུལ་འགན་ལེན། དོ་དམ་ལྟ་སྐུལ་སོགས་ཀྱི་ནང་དོན་གསལ་དུ་བཏང་ཡོད་པ་དང་2023ལོའི་ཟླ་1ཚེས་20ཉིན་ནས་བཟུང་ལག་བསྟར་བྱས་པ་རེད།

    མ་མཐའི་འཚོ་བའི་འགན་ལེན་གྱི་མཐར་ལུས་ཁྱིམ་ཚང་ཞེས་པ་ནི་མ་མཐའི་འཚོ་བའི་འགན་ལེན་གྱི་ཆ་རྐྱེན་དང་མི་མཐུན་པ་དང་། ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་ས་གནས་དེ་གའི་མ་མཐའི་འཚོ་བའི་འགན་ལེན་གྱི་ཚད་གཞི་ལས་ལྡབ་1.5ཡིས་དམའ་བ་ཡོད་ལ། རྒྱུ་ནོར་གྱི་གནས་ཚུལ་འབྲེལ་ཡོད་གཏན་འབེབས་དང་མཐུན་པའི་ཁྱིམ་ཚང་ལ་ཟེར། མ་མཐའི་འཚོ་བ་འགན་ལེན་ལམ་ལུགས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་འདོམས་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་ཆེད། གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ལ“མ་མཐའི་འཚོ་བ་འགན་ལེན”ཞེས་བརྗོད་པ་དང་། རེ་ཞུ་བདག་སྤྲོད་དང་། ཞིབ་དཔྱད་གཏན་འཁེལ། ཞིབ་དཔྱད་བརྒྱུད་རིམ། ལམ་ལུགས་འཆར་འགོད་བཅས་ཀྱི་ཐད་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་འདོམས་མངོན་འགྱུར་བྱུང་ཡོད། བཟོ་བཅོས་གསར་པ་བརྒྱབ་པའི་ཞིབ་བསྡུར་བྱེད་ཐབས་ཐད“ཞིབ་བསྡུར་བྱེད་པ་ལས་གཏན་འཁེལ་མི་བྱེད་པའི”བླང་བྱར་དམིགས་ནས། 《བྱ་ཐབས》ནང་ཁྱིམ་ཚང་གི་འབྱོར་འཁོས་ལ་བརྟག་དཔྱད་བྱེད་པའི་ཐད་ཁྱིམ་ཚང་གི་ཡོང་འབབ་ནང་ཚུད་པའི་ནང་དོན་དང་། ཁྱིམ་ཚང་གི་ཡོང་འབབ་ཏུ་མི་བརྩི་བའི་གནས་ཚུལ། དུད་ཚང་དུ་བསྐྱོད་ནས་བརྟག་དཔྱད་བྱེད་པའི་བརྒྱུད་རིམ་སོགས་ཀྱི་དོན་ཚན་ཁ་གསལ་བཏོན་ཡོད་པ་མ་ཟད། སྔར་བས་ཚད་ལྡན་དང་འཐུས་སྒོ་ཚང་དུ་བཏང་ཡོད།

    《བྱ་ཐབས》ནང་ཤང་དང་གྲོང་རྡལ(ཁྲོམ་གཞུང་དོན་གཅོད་ཁྲུའུ)གྱི་མ་མཐའི་འཚོ་བ་འགན་ལེན་གྱི་རེ་ཞུ་བདག་སྤྲོད་ལས་དོན་ཚད་ལྡན་དུ་བཏང་ནས། རེ་ཞུ་བྱེད་མཁན་གྱི་ཐེམ་ཐོ་གནས་སའི་ཚན་པར་རེ་ཞུ་བདག་སྤྲོད་བྱེད་དགོས་མེད་པར་བཟོས་པ་དང་ཆབས་ཅིག རྒྱུན་སྡོད་བྱེད་སའི་ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང(ཁྲོམ་གཞུང་དོན་གཅོད་ཁྲུའུ)ལ་ཡིག་ཐོག་གི་རེ་ཞུ་འདོན་དགོས་པ་ཁ་སྣོན་བྱས་ཡོད། “རྒྱལ་ཁབ་བམ་ས་གནས་ཀྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་བརྒྱུད་དཔྱད་ཡིག་བཙལ་འཚོལ་དང་ལེན་ཆོག་པ་དང་བསྐྱར་དུ་འབུལ་མི་དགོས་པར”ཁ་གསལ་བཏོན་ནས་རེ་ཞུ་བདག་སྤྲོད་ཀྱི་གོ་རིམ་སྔར་བས་སྟབས་བདེ་རུ་བཏང་ཡོད། མ་མཐའི་འཚོ་བའི་འགན་ལེན་གྱི་རེ་ཞུ་འབུལ་སྐབས་རེ་ཞུ་འབུལ་མཁན་ཁྱིམ་ཚང་དུ་མཉམ་དུ་འཚོ་བ་སྐྱེལ་མཁན་གྱི་ཁོངས་མི་ཞིག་རེ་ཞུ་འབུལ་མཁན་ལ་གཏན་འཁེལ་བྱས་ནས། ཐེམ་ཐོ་གནས་ཡུལ་ལམ་ཡང་ན་རྒྱུན་སྡོད་ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང(ཁྲོམ་གཞུང་དོན་གཅོད་ཁྲུའུ)ལ་ཡིག་ཐོག་རེ་ཞུ་འབུལ་དགོས་པ་དང་། ཆ་རྐྱེན་འཛོམས་པའི་ས་ཆར་དྲ་སྦྲེལ་བརྒྱུད་རེ་ཞུ་འབུལ་ཆོག མཉམ་དུ་འཚོ་བ་སྐྱེལ་མཁན་ཁྱིམ་ཚང་གི་ཁོངས་མིས་རེ་ཞུ་བྱེད་པར་དཀའ་ངལ་འཕྲད་ཚེ་ཐེམ་ཐོ་གནས་སའི་གྲོང་ཚོའི(གྲོང་མི)ཨུ་ཡོན་ལྷན་ཁང་ལ་མངགས་བཅོལ་བྱས་ནས་རེ་ཞུ་བྱེད་ཆོག མངགས་བཅོལ་བྱས་པའི་རེ་ཞུར་བབ་བསྟུན་གྱི་མངགས་བཅོལ་འགྲོ་ལུགས་གཉེར་དགོས། མ་མཐའི་འཚོ་བ་འགན་ལེན་གྱི་རེ་ཞུ་བྱེད་སྐབས་རེ་ཞུ་བྱེད་མཁན་གྱིས་མཉམ་དུ་འཚོ་བ་སྐྱེལ་མཁན་གྱི་ནང་མིའི་གྲོང་མིའི་ཐེམ་ཐོ་དང་གྲོང་མིའི་ཐོབ་ཐང་ལག་ཁྱེར་སོགས་ལག་ཁྱེར་མཁོ་འདོན་བྱེད་དགོས་པ་མ་ཟད། རེ་ཞུ་རོགས་སྐྱོབ་ཀྱི་གྲོང་མིའི་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་རྩད་ཞིབ་ཀྱི་དབང་སྤྲོད་ཡི་གེར་མིང་རྟགས་ཀྱང་བཀོད་ནས་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་བརྟག་དཔྱད་ལ་གཞོགས་འདེགས་བྱེད་དགོས།

    《བྱ་ཐབས》ནང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་སྐྱོན་ལག་ཁྱེར་ཡོད་པའི་རིག་ནུས་དབང་སྐྱོན་དང་སེམས་ཁམས་དབང་སྐྱོན་དང་དེ་བཞིན། དབང་སྐྱོན་རིམ་པ་དང་པོ་དང་གཉིས་པའམ་ཡང་ན་ཚབས་ལྕིའི་དབང་སྐྱོན་དང་། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་སྡེ་ཚན་གྱིས་གཏན་འཁེལ་བྱས་པའི་མ་མཐའི་འཚོ་བའི་འགན་ལེན་གྱི་མཐར་ལུས་ཁྱིམ་ཚང་གི་ནད་གཞི་ལྕི་རིགས་དང་ཆེས་ལྕི་རིགས་ཕོག་མཁན། ཁྱིམ་ཚང་དང་བྲལ་ནས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་ལོ་3(ལོ་3ཚུད་པ)ཡན་སྡོད་མཁན་གྱི་འཚོ་བར་དཀའ་ངལ་ཡོད་པའི་ཆོས་ལུགས་ལས་དོན་མི་སྣ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཚན་གྱིས་གཏན་འབེབས་བྱས་པའི་དམིགས་བསལ་དཀའ་ངལ་ཡོད་པ་གཞན་བཅས་ཀྱིས་མ་མཐའི་འཚོ་བའི་འགན་ལེན་གྱི་རེ་ཞུ་ལོགས་སུ་འབུལ་ཆོག་ལ་མི་གཅིག་གི་ཁྱིམ་དུད་གཞིར་བཟུང་མ་མཐའི་འཚོ་བ་འགན་ལེན་གྱི་ཁོངས་སུ་འཇུག་དགོས་པ་ཁ་གསལ་བཏོན་ཡོད།

    གཞན་ཡང་རོགས་སྐྱོབ་ཀྱི་ལས་ཕྱོད་ཆེ་རུ་གཏོང་ཆེད། མ་མཐའི་འཚོ་བ་འགན་ལེན་གྱི་འགྲོ་ལུགས་དེ་བདག་སྤྲོད་བྱས་ཉིན་ནས་བཟུང་གི་ལས་ཀའི་ཉིན་30ནང་ཚུན་དུ་སྒྲུབ་དགོས་པ་དང་དམིགས་བསལ་གནས་ཚུལ་འོག་ལས་ཡུན་ཉིན་45བར་ནར་འགྱངས་བྱེད་ཆོག་པའི་བླང་བྱ་བཏོན་ཡོད་ལ། ལྷུ་ཚིགས་ཁག་གི་དུས་བཅད་ཀྱང་གསལ་དུ་བཏང་ཡོད། 《བྱ་ཐབས》ནང་དམངས་གཙོའི་དཔྱད་བསྡུར་དམིགས་སུ་བྱེད་མི་དགོས་པ་དང་། ཡོངས་བསྒྲགས་བྱེད་རིང་བསམ་འཆར་ཡོད་པའི་མ་མཐའི་འཚོ་བའི་འགན་ལེན་རེ་ཞུ་བྱེད་མཁན་ལ་དམངས་གཙོའི་དཔྱད་བསྡུར་བྱེད་དགོས་པ་ཁ་གསལ་བཏོན་ཡོད། 《བྱ་ཐབས》ནང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། ལས་དོན་མི་སྣའི་འགན་འཁྲི་ཁ་གསལ་བཟོ་བ། ཆ་འཕྲིན་ཡོངས་བསྒྲགས་ཡག་པོ་བྱེད་པ། ཐེར་འདོན་ཞིབ་བསྡུར་བྱེད་པ། ཁེ་དབང་གུན་གསབ་སོགས་ནས་མ་མཐའི་འཚོ་བ་འགན་ལེན་གྱི་ལྟ་སྐུལ་ཞིབ་བཤེར་ལས་དོན་ལ་གཏན་འབེབས་ཁ་གསལ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།