དབུ་ཤོག>གསར་འགྱུར།
  • ར་འོག་གྲོང་ཚོའི་དཔྱིད་གསར་གྱི“ལག་རྟགས་ཆེན་པོ”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-04

    “ཁྱིམ་དུད་རེ་རེའི་འཐུས་མིས་སྔོན་ལ་ཅ་དངོས་དབོར་རོགས་ཞེས་པ་སོགས”ཉིན་ཤས་གོང་། ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ར་འོག་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་སྒོ་འགྲམ་དུ་དགའ་སྤྲོའི་རྣམ་པས་ཁེངས་ནས་ཧ་ཅང་འཁྲུག་ཆ་དོད་པོ་ཡོད། གྲོང་མིའི་ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་ཚང་མས་བང་ཡག་པོ་བསྒྲིགས་ནས་དཔྱིད་གསར་གྱི“ལག་རྟགས་ཆེན་པོ”ལེན་རྩིས་བྱེད་ཀྱི་ཡོད་པ་རེད།

    ཉེ་ལམ་ལོ་ཤས་རིང་། ར་འོག་གྲོང་ཚོའི་ཏང་ཀྲི་པུས་ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱེད་པ་དང་། ཐོན་ལས་དམ་འཛིན་བྱ་གཞིར་བྱས་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་རྒྱུ་དོན་ཆེན་ཨང་དང་པོར་བརྩིས་ཏེ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། རྒྱ་ཆེའི་གྲོང་མི་ཚོར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁེ་སྤོགས་ཐོབ་པར་བྱ་ཆེད། ར་འོག་གྲོང་ཚོའི་ཏང་ཀྲི་པུས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་མཉམ་སྡེབ་དཔལ་འབྱོར་གྱི་དངོས་ཟོག་སྤྲོད་པའི་འཛད་སྒོ་འཚོགས་ཡོད་པ་རེད།

    མཛད་སྒོའི་ཐོག་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མ་ཚེ་རིང་གིས་གྲོང་མི་ཚོར་2022ལོའི་ལོ་འཁོར་གྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གཏོང་ཡོང་གི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་འབྲེལ། ཡུལ་མིས་གོ་རིམ་ལྡན་པའི་ངང་མིང་རྟགས་འགོད་ནས་དུད་ཚང་རེ་རེ་བཞིན་དངོས་ཟོག་ལེན་དུ་བཅུག་ཡོད་པ་རེད།

    “ད་ཐེངས་ཀྱི་དངོས་ཟོག་སྤྲོད་པའི་བྱེད་སྒོའི་ནང་གྲོང་ཚོ་ཡོངས་ཀྱི་དུད་ཚང་99ཡི་གྲོང་མིར་ཁྱོན་སྒོར་ཁྲི་27རི་བའི་འབྲས་དང་གྲོ་ཞིབ་སོགས་ཀྱི་དངོས་ཟོག་སྤྲད་ཡོད”ཅེས་ཉི་མ་ཚེ་རིང་གིས་བརྗོད།

    དངོས་ཟོག་སྤྲོད་ཡུལ་དུ་གྲོང་མི་ཚོས་ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ཇེ་མང་དུ་འགྲོ་གི་འདུག་ལ་གྲོང་ཚོ་ལོ་རེ་བཞིན་འཕེལ་རྒྱས་འགྲོ་གི་འདུག ད་ཐེངས་ཀྱི་ཁེ་སྤོགས་བགོ་བཤའ་བརྒྱབ་པ་ལས་ཚང་མའི་འཕེལ་རྒྱས་ཀྱི་ཡིད་ཆེས་དེ་བས་བརྟན་དུ་ཕྱིན་སོང་། སླད་ཕྱིན་ང་ཚོ་མི་སེར་ཚོས་གྲོང་ཚོ“ཨུ་ལྷན་གཉིས”དང་མཉམ་དུ་བསམ་བློ་གཅིག་ཏུ་གཏོང་བ་དང་ཤུགས་མཉམ་དུ་བརྒྱབ་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་ཀྱིས་གྲོང་ཚོ་འཛུགས་སྐྲུན་ཧུར་ཐག་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།