དབུ་ཤོག>གསར་འགྱུར།
  • ཡར་ལངས་ཞིང་བྲན་ཞིག་གི་མི་རབས་བཞི་ལྡན་གྱི་བདེ་སྐྱིད་ལྡན་པའི་ལོ་གསར།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-02-03

    b3dbae643cb547629635217f14c4b35b.jpg

    རྒན་མོ་ཚེ་བརྟན་སྤགས་ཟ་བཞིན་པ། (ཟླ་1ཚེས་22ཉིན་པར་བླངས) པར་ལེན་མཁན། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། སུན་ཧྥའེ།

    བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་བཀྲ་ཤིས་འཛོམས་ཤང་གི་བཙག་གྲོང་ཚོར་གནས་པའི་ཁྱིམ་ན། རྒན་མོ་ཚེ་བརྟན་གྱི་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་ཕྱུང་ཞིང་། ཁྱིམ་གྱི་རྗེས་རབས་པ་རྣམས་ཀྱིས་རེ་རེ་བཞིན་ཁོང་དང་དབུ་གཏུག་བྱས།

    ད་ལོ། གཞིས་ཀ་རྩེའི་སོ་ནམ་ལོ་གསར་དང་དཔྱིད་གསར་དུས་ཆེན་གཉིས་ཉིན་གཅིག་ལ་ཏག་ཏག་འཁེལ། མ་གཞི་ལོ་གསར་གྱི་གོམས་སྲོལ་མི་གཅིག་ཀྱང་ལོ་གསར་གྱི་སྤྲོ་སྣང་ནི་གཉིས་ཀ་ཆེ་མཉམ་དུ་སྣང་། རྒན་མོ་ཚེ་བརྟན་གྱི་བུ་དང་ཚ་བོས་སྔ་ས་ནས་རླངས་འཁོར་བཏང་སྟེ་རྫོང་གྲོང་དུ་བསྐྱོད་ནས་ལོ་གསར་གྱི་ཉོ་ཆ་བརྒྱབ་ཟིན། མནའ་མ་ཚོས་ཀྱང་ཁྱིམ་དུ་ལོ་གསར་སྐབས་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་ཟས་རིགས་ལུག་མགོ་དང་ཕྱེ་མར་སོགས་གྲ་སྒྲིག་བྱས། ཁྱིམ་གྱི་མི་རབས་བཞི་པ་སྟེ། རྒན་མོ་ཚེ་བརྟན་གྱི་ཡང་ཚ་རྣམས་ནི་གཟབ་མཆོར་ལེགས་པར་སྤྲས་ཤིང་གཡུ་བྱུར་གྱིས་བརྒྱན་པའི་མགོ་རྒྱན་བཏགས་ཏེ་ཁྱིམ་ནང་དུ་དགའ་སྤྲོའི་ངང་ཕར་རྒྱུག་ཚུར་རྒྱུག་བྱེད་བཞིན་ཡོད་པ་རེད།

    “འཚོ་བ་དེ་འདྲ་ཞིག་བསྐྱལ་རྒྱུ་བྱུང་བ་ནི་སྔོན་ཆད་རྨི་ལམ་ནང་དུའང་རྨིས་མ་མྱོང་བ་ཞིག་རེད ”1943ལོར་སྐྱེས་པའི་རྒན་མོ་ཚེ་བརྟན་ནི་དམངས་གཙོ་བཅོས་སྒྱུར་མ་བྱས་གོང་ཁྲལ་པ་ཞིག་ཡིན། (ཁྲལ་རྐང་ས་ཞིང་བཏབ་ནས་ཞིང་བྲན་བདག་པོར་ཁྲལ་སྐྱེལ་མཁན)མིང་དང་རྣམ་གྲངས་མི་འདྲ་བའི་ཁྲལ་དང་འུ་ལག་དུ་མ་བསྐྱལ་རྗེས་ཚེ་བརྟན་གྱི་ཁྱིམ་ལ་ལོ་རེར་འཚོ་བ་འཁྱོལ་ཙམ་ལས་ཡོང་གི་མེད།

    སྐབས་དེ་དུས། ཚེ་བརྟན་གྱི་སྡོད་ཁང་ནི་ཆར་རླུང་གང་ཡང་བཀག་མི་ཐུབ་པའི་ས་ཕག་གི་ཁང་རུལ་ཞིག་ཡིན་པས་ཚེ་བརྟན་སེམས་ཁྲལ་ཆེ་ཤོས་ཀྱང་ཁ་བ་དང་ཆར་པ་བབས་མི་ཡོང་ངམ་བསམས་པ་དེ་རེད། གང་ལགས་ཤེ་ན། སྡོད་ཁང་ནང་ཉལ་ཁྲི་མེད་པ་དང་གཉིད་ཉལ་སྐབས་སྤུ་སྔ་ས་ནས་བུད་ཟིན་པའི་གདན་ཧྲལ་ཧྲུལ་ཞིག་ཡོད་པ་དེ་བཏིང་ནས་ཉལ་དགོས་པས། ཆར་པ་བབས་རྗེས། སྡོད་ཁང་ནང་འདམ་རྫབ་ཀྱིས་ཁེངས་ནས་མལ་གདན་ཡང་རྟག་པར་འདམ་བག་གིས་འཚོས་འགྲོ་ཡི་ཡོད།

    རྒན་མོ་ཚེ་བརྟན་གྱིས“ཆུང་དུས་ལོ་གསར་སྐབས་ལུག་མགོ་དང་ཕྱེ་མར་བཟའ་རྒྱུ་ཡོད་ཀྱང་ད་ཆ་དང་ཆེས་མི་འདྲ་ས་ནི་ལོ་གཅིག་རིང་ཁ་ལག་གྲ་རྒྱས་ཤོས་ཀྱི་དུས་སུའང་ང་ཚོར་ཟས་ཁམ་ཙམ་བཟས་ནས་བྲོ་བ་མྱངས་པ་ཙམ་ལས་གྲོད་པ་རྒྱགས་པ་ཤིག་བཟའ་ཐབས་བྲལ”ཞེས་བཤད།

    1959ལོར། བོད་གངས་ཅན་ལྗོངས་སུ་རླབས་ཆེ་བའི་དམངས་གཙོ་བཅོས་སྒྱུར་འགོ་ཚུགས་པ་དང་བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཏང་རྗེས། ཚེ་བརྟན་གྱི་ཁྱིམ་དུའང་སྐྱིད་པའི་ཉི་མ་ཤར།

    “ལྟ་གིན་ལྟ་གིན། འཚོ་བ་ཉིན་རེ་ནས་ཉིན་རེ་མ་བསྡད་པར་ཡག་ཏུ་དང་ཕྱུག་ཏུ་ཕྱིན་སོང” རྒན་མོ་ཚེ་བརྟན་གྱིས་བཤད། ད་ཆ། ཁོང་གི་ཁྱིམ་ནི་མི་རབས་བཞི་ལྡན་གྱི་ཁྱིམ་ཚང་ཞིག་ཡིན་ལ་ཁོང་ཡང་ནང་མི་ལྷན་འཛོམས་ཀྱི་བདེ་སྐྱིད་འཚོ་བར་ལོངས་སུ་སྤྱོད་བཞིན་ཡོད། ཁྱིམ་མི་11ཚང་མ་གསར་དུ་བསྐྲུན་པའི་ཐོག་སོ་གཉིས་ལྡན་གྱི་སྡོད་ཁང་ནང་བསྡད་ཡོད་ལ་འཚོ་བ་ཡང་ཕུན་སུམ་ཚོགས་པས་གངས་ཆར་སད་སེར་གང་དུའང་སྐྲག་དགོས་མེད་ལ། བཀྲེས་སྐོམ་དང་ཉམ་ཐག་གང་གི་སྡུག་བསྔལ་ཡང་མྱང་དགོས་མེད།

    763f26a53c30472485b3e6e492f1cf93.jpg

    རྒན་མོ་ཚེ་བརྟན་དང་ཡང་ཚ་གཉིས་དབུ་གཏུག་བྱེད་བཞིན་ཡོད་པ། (ཟླ་1ཚེས་22ཉིན་པར་བླངས) པར་ལེན་མཁན། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། སུན་ཧྥའེ།

    55d72fcceb6646da8c8fa3b7a1470f40.jpg

    རྒན་མོ་ཚེ་བརྟན་གྱི་བུ་ཕྲུག་ཚོས་སྒྲ་སྙན་དཀྲོལ་གཏོང་དང་ཞབས་བྲོ་འཁྲབ་བཞིན་པ། (ཟླ་1ཚེས་22ཉིན་པར་བླངས) པར་ལེན་མཁན། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། སུན་ཧྥའེ།

    ced6b90edc164a5b87787065f4224c32.jpg

    རྒན་མོ་ཚེ་བརྟན་གྱི་ཡང་ཚ་རྣམས་དགའ་སྤྲོའི་དཔལ་ལ་རོལ་བཞིན་པ། (ཟླ་1ཚེས་22ཉིན་པར་བླངས) པར་ལེན་མཁན། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། སུན་ཧྥའེ།

    b2cca7bbf63045ddb59de63f34179c7c.jpg

    རྒན་མོ་ཚེ་བརྟན་གྱི་ཚ་བོས(གཡོན་ངོས་དང་པོ)ཡང་ཚར་ཆང་ཕུད་གཏོར་སྟངས་སློབ་བཞིན་པ། (ཟླ་1ཚེས་22ཉིན་པར་བླངས)པར་ལེན་མཁན། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། སུན་ཧྥའེ།

    3aee594ef7304eee96a991ef4c459f03.jpg

    རྒན་མོ་ཚེ་བརྟན་གྱི་ཚ་མོས་ནང་མིར་གསོལ་ཆང་འདྲེན་པ། (ཟླ་1ཚེས་22ཉིན་པར་བླངས) པར་ལེན་མཁན། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། སུན་ཧྥའེ། 

    55721f08f7a34642a271f382a02f49ac.jpg

    རྒན་མོ་ཚེ་བརྟན་གྱི་ཡང་ཚ་རྣམས་ཁྱིམ་དུ་རྩེད་འཇོར་རོལ་བ། (ཟླ་1ཚེས་22ཉིན་པར་བླངས) པར་ལེན་མཁན། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། སུན་ཧྥའེ།

    4acd8e8e213246adb2b26aa55e69a6cd.jpg

    རྒན་མོ་ཚེ་བརྟན་གྱི་ཡང་ཚ་ཁྱིམ་དུ་རྩེད་མོ་རྩེ་བཞིན་པ། (ཟླ་1ཚེས་22ཉིན་པར་བླངས) པར་ལེན་མཁན། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། སུན་ཧྥའེ། 

    6c576b29adcc414586a893a58cc8976a.jpg

    རྒན་མོ་ཚེ་བརྟན་གྱི་ཚ་མོས་ནང་མིར་གྲོ་མ་འདྲེན་པ། (ཟླ་1ཚེས་22ཉིན་པར་བླངས) པར་ལེན་མཁན། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། འཇིགས་མེད་རྡོ་རྗེ།

    45e1fc41536146b8a1b39ae22027d7d4.jpg

    རྒན་མོ་ཚེ་བརྟན་གྱི་ཚ་བོས་ཆང་འཐུང་བ། (ཟླ་1ཚེས་22ཉིན་པར་བླངས) པར་ལེན་མཁན། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། འཇིགས་མེད་རྡོ་རྗེ།

    9d846f76240a4b30a28642ea6c725e2a.jpg

    རྒན་མོ་ཚེ་བརྟན་གྱི་ནང་མི་ཚོས་བོད་ཀྱི་སྲོལ་རྒྱུན་རོལ་རྩེད་ཤོ་རྒྱག་བཞིན་པ། (ཟླ་1ཚེས་22ཉིན་པར་བླངས) པར་ལེན་མཁན། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། འཇིགས་མེད་རྡོ་རྗེ།

    2ab581ef6e0f49ab85266b894cfc4081.jpg

    རྒན་མོ་ཚེ་བརྟན་གྱི་ཚ་བོས་ལོ་གསར་སྐབས་མེད་དུ་མི་རུང་བའི་སྲོལ་རྒྱུན་ཞིམ་ཟས་ལུག་མགོ་ཟ་བ། (ཟླ་1ཚེས་22ཉིན་པར་བླངས) པར་ལེན་མཁན། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། འཇིགས་མེད་རྡོ་རྗེ།

    be6b51ac1a0046278ebafd1cebff426d.jpg

    རྒན་མོ་ཚེ་བརྟན་གྱིས་ཚ་མོས་བཀྱག་པའི་ཕྱེ་མར་ཟ་བ། (ཟླ་1ཚེས་22ཉིན་པར་བླངས) པར་ལེན་མཁན། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། འཇིགས་མེད་རྡོ་རྗེ།

    84ebf2a4bf28414bb5a2d825c1f35995.jpg

    རྒན་མོ་ཚེ་བརྟན་ནང་མི་ལྷན་འཛོམས་ཀྱི་འདྲ་པར། (ཟླ་1ཚེས་22ཉིན་པར་བླངས) པར་ལེན་མཁན། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། འཇིགས་མེད་རྡོ་རྗེ།

    de7d7ae4f87747a58d39876f004075cf.jpg

    བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་བཀྲ་ཤིས་འཛོམས་ཤང་བཙག་གྲོང་ཚོར་གནས་པའི་རྒན་མོ་ཚེ་བརྟན་གྱི་ཐོག་སོ་གཉིས་ལྡན་གྱི་སྡོད་ཁང་། (ཟླ་1ཚེས་22ཉིན་མི་མེད་འཕུར་སྐྱོད་འཕྲུལ་ཆས་སྤྱད་དེ་པར་བླངས) པར་ལེན་མཁན། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། འཇིགས་མེད་རྡོ་རྗེ།

    a82b384db34a4f78971a5bd012bc2b88.jpg

    བོད་ལྗོངས་གཞིས་ཀ་རྩེ་་གྲོང་ཁྱེར་ལྷ་རྩེ་རྫོང་བཀྲ་ཤིས་འཛོམས་ཤང་བཙག་གྲོང་ཚོ། (ཟླ་1ཚེས་22ཉིན་མི་མེད་འཕུར་སྐྱོད་འཕྲུལ་ཆས་སྤྱད་དེ་པར་བླངས) པར་ལེན་མཁན། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། འཇིགས་མེད་རྡོ་རྗེ། 

    (ཟླ་བ་ཕུར་སྒྲོན་གྱིས་སྒྱུར། ཚེ་རིང་ཆོས་སྒྲོན་གྱིས་ཞུས།)

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།