དབུ་ཤོག>གསར་འགྱུར།
  • “སྔོ་ཚལ”ལ་བརྟེན་ནས་ཕྱུག་འགྱུར་ལམ་བུ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-28

    3c372d68-101a-4af8-957a-87f38c83c005.jpg.jpg

    འདི་ནི་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་དགྲ་ལྷ་གྲོང་ཚོའི་གྲོང་མིས་ཚལ་ཞིང་ལ་གཡོག་བྱེད་བྱེད་བཞིན་པ།

    90b09948-010d-42a8-b2d7-30ca28daeb6c.jpg.jpg

    འདི་ནི་མཉམ་ལས་ཁང་གིས་བསྡུ་ཉོ་བྱས་པའི་སྔོ་ཚལ་དང་ཤིང་ཏོག་ཡིན་པ།

    རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་གྱིས་བསམ་བློའི་འཆིང་རྒྱ་ལས་གྲོལ་བ་དང་། “དམངས”སེམས་གཅིག་སྡུད་ཀྱིས་ཡུལ་བབ་དང་བསྟུན་ནས། “བོད་ལྗོངས་རྫ་ཡུལ་གྱི་མུའུ་གཅིག་གི་ཞིང་ས་གཤིན་པོ་འདེབས་འཛུགས་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང”གི་ཡུལ་དེའི་ཁྱད་ལྡན་སྤུས་རྟགས་བཏོད་དེ། “གྲོང་ཚོ་མཉམ་སྡེབ་+མཉམ་ལས་ཁང+ ཕྱུག་འགྱུར་སྣེ་ཁྲིད་པ+མང་ཚོགས”བཅས་ཟུང་དུ་འབྲེལ་བའི་མཉམ་སྡེབ་དཔལ་འབྱོར་གྱི་འཕེལ་རྒྱས་གཏོང་སྟངས་གསར་པར་བརྟེན་ནས། “བསམ་བློར་འགྱུར་ལྡོག་གཏོང་བ་དང་། འབབ་འཕར་དང་ཕན་འབྲས་ཆེ་རུ་གཏོང་བ། ཐོན་ཁུངས་བསྡུ་སྒྲིལ་བྱེད་པ། འགན་འཁྲི་ཕྲག་ཏུ་འཁུར་བ་བཅས་བྱས་ཏེ། ཡུལ་དེའི་སྔོ་ཚལ་ཡུལ་དེ་རང་དུ་འདེབས་པ་དང་བྲིན་ཚོང་ཐུབ་པ་མ་ཟད། ཕ་ཡུལ་བྲལ་མི་དགོས་པར་ཕྱུག་འགྱུར་ཐུབ་པའི་རྩ་དོན་མཐའ་འཁྱོངས་ཀྱིས“སྔོ་ཚལ”ལ་བརྟེན་ནས་ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་གསར་པ་ཞིག་བཤངས་ཡོད།

    1 མ་དངུལ་བསྡུ་རུབ་དང་མ་རྐང་ནང་ཞུགས་ནས་བསམ་བློར་འགྱུར་ལྡོག་བཏང་བ།

    དུས་ཡུན་རིང་པོ་ཞིག་གི་ནང་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་གྲོང་འདབས་སུ་གནས་ཀྱང་མང་ཚོགས་ཀྱི་སྒོ་རའི་ནང་བཏབ་པའི་ཤིང་འབྲས་དང་སྔོ་ཚལ་ཚོང་ཟོག་ཅན་དང་སྤུས་རྟགས་ཅན་དུ་འགྱུར་ཚད་དམའ་པོ་ཡིན་པས་ལྟེ་བའི་འགྲན་རྩོད་ནུས་པ་འདང་གི་མེད་པ་རེད། ཞིང་འབྲོག་མང་ཚོགས་ཀྱི་འདེབས་འཛུགས་ཆུ་ཚད་ཞན་པ་དང་། ཚལ་འདེབས་པའི་ཧུར་སེམས་ཆེན་པོ་མེད་པ་མ་ཟད། སྲིད་ཇུས་རང་བཞིན་གྱི་ཁ་གསབ་དང་དམངས་ཕན་ཁ་གསབ་ལ་བརྟེན་པའི“སྒུག་བརྟེན་སློང་གསུམ”གྱི་བསམ་བློ་ལྡན་པས་མང་ཚོགས་ཕྱུག་པོ་ཆགས་ཐབས་བྲལ།

    མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་རྙིང་པར་འགྱུར་ལྡོག་གཏོང་བ་དང་མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་འཕེལ་བར་བྱ་ཆེད། འགྲོ་བ་དགོན་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་གིས“གོམ་སྟབས་གསུམ”ལ་དབྱེ་ནས། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་བསམ་བློར་བཅིངས་འགྲོལ་གཏོང་རོགས་ལ་སྐུལ་འདེད་ནུས་ལྡན་བྱས་ཡོད། ཞིང་འབྲོག་མང་ཚོགས་དངོས་སུ་“ཕྱིར་བསྐྱོད”རོགས་བྱ་ཆེད། འགྲོ་བ་དགོན་གྲོང་རྡལ་གྱིས་དགྲ་ལྷ་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་བཅས་ནང་སར་གཅིག་སྡུད་གསོ་སྦྱོང་བྱེད་པར་སྒྲིག་འཛུགས་བྱས་ཏེ། ཞིང་འབྲོག་ལས་སྤེལ་སྟངས་དང་། འདེབས་འཛུགས་གསོ་ཚགས་ལག་རྩལ། སྔོན་ཐོན་ཉམས་མྱོང་བཅས་སློབ་སྦྱོང་དང་དཔྱད་གཞིར་འཛིན་ནས་མཐོང་རྒྱ་ཡངས་སུ་དང་བསམ་ཕྱོགས་རྒྱ་ཆེར་བཏང་ཡོད། གཅིག་སྡུད་སློབ་གསོ་དང་དུད་ཚང་དུ་བསྐྱོད་དེ་དྲིལ་བསྒྲགས་ཁྲིད་སྟོན་སོགས་ཀྱི་བྱེད་ཐབས་བརྒྱུད། མང་ཚོགས་ཀྱི་བསམ་བློའི་ཁུར་པོ་འབེབས་ཐུབ་པ་བྱུང་ཡོད། མང་ཚོགས་ཀྱི་བསམ་བློ་གཅིག་གྱུར་བྱུང་རྗེས་དགྲ་ལྷ་གྲོང་ཚོས་མ་དངུལ་བསྡུ་རུབ་ཀྱིས་མ་རྐང་ནང་ཞུགས་རྒྱུར་སྐུལ་སློང་བྱས་ཏེ། མང་ཚོགས་དུད་ཚང་72སྐུལ་སློང་བྱས་ནས་མ་དངུལ་གྲབས་གསོག་བྱས་ཏེ། “བོད་ལྗོངས་རྫ་ཡུལ་གྱི་མུའུ་གཅིག་གི་ཞིང་ས་གཤིན་པོ་འདེབས་འཛུགས་གསོ་ཚགས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང”བཙུགས་པ་མ་ཟད། ལྟ་སྐུལ་ལས་འཛིན་ལྷན་ཚོགས་དང་། ནོར་དོན། ལག་རྩལ། ངལ་ནུས། བྲིན་ཚོང་སོགས་ཀྱི་ཆེད་བསྐོས་དཔུང་ཁག་ཀྱང་བཙུགས་ཏེ། མ་རྐང་ནང་ཞུགས་པ་དང་མ་རྐང་ནས་ཕྱིར་དོན་པ་དང་། ལས་རྗེས་དཔྱད་ཞིབ་ལམ་སྲོལ་ཞིབ་འཇུག་བྱས་ནས་བཟོས་པས། གཞི་ཁྱོན་ཅན་དང་ལམ་ལུགས་ཅན་གྱི་འཕེལ་རྒྱས་ལམ་བུ་གསར་པ་ཞིག་ཏུ་བསྐྱོད་ཐུབ་ཡོད།

    “ནང་སའི་ཆེད་ལས་ཅན་གྱི་བྱེད་སྟངས་ལ་ལད་ཟློས་བྱེད་ཀྱི་ཡོད་པ་ཐོས་སྐབས་ང་ཚོ་ཚང་མར་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ། ང་ཚོའི་གྲོང་ཚོའི་འབྱུང་འགྱུར་འཕེལ་རྒྱས་ལའང་ཡིད་ཆེས་ཆེན་པོ་སྐྱེས་བྱུང་། ང་མཉམ་ལས་ཁང་ལ་མ་རྩ་གཏོང་འདོད་ཡོད། གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་གི་སྣེ་ཁྲིད་འོག་ང་ཚོའི་ཡོང་འབབ་མང་དུ་འགྲོ་ངེས་རེད” 2021ལོའི་ལོ་མཇུག་ཏུ། རྐང་དངུལ་སྤྲོད་པར་ཡོང་མཁན་མང་ཚོགས་མང་པོ་བྱུང་བས་མཐར་མཉམ་ལས་ཁང་བདེ་བླག་ངང་གོམ་པ་དང་པོ་སྤོས་ཐུབ་པ་རེད།

    2 ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ་འབབ་འཕར་དང་ཕན་འབྲས་ཆེ་རུ་བཏང་བ།

    དེ་སྔ་དགྲ་ལྷ་གྲོང་ཚོའི་དྲོད་ཁང་ཆེན་པོ་དང་ས་ཞིང་གྱི་བེད་སྤྱོད་བྱེད་ཚད་ཉུང་ཉུང་ཡིན་ཞིང་། དྲོད་ཁང་ཆེན་པོ་ཁག་གཅིག་བེད་མེད་དུ་བསྐྱུར་བ་དང་རྙིང་པ་ཆགས་ཡོད་ལ། ས་གཤིས་ཞན་པས་དྲོད་ཁང་ཆེན་པོ་བོགས་མར་བཏང་རུང་ཡོང་འབབ་མང་པོ་རག་གི་མེད། ད་ཆ་གཅིག་གྱུར་གྱི་ས་ཞིང་བརྒྱུད་བཤུག་བྱས་པ་བརྒྱུད། མཉམ་ལས་ཁང་གི་མང་ཚོགས་ལ་ཡོང་འབབ་བརྟན་པོ་བྱུང་བ་དང་ཆབས་ཅིག་མང་ཚོགས་ཀྱི་ཧུར་སེམས་འཕེལ་གང་ཐུབ་བྱས་ནས། ཞིང་འབྲོག་མང་ཚོགས་རང་ཡུལ་ནས་བྲལ་མི་དགོས་པར་སྒོ་རྩ་ནས་ལས་ཞུགས་འབབ་འཕར་ཡོང་བ་དང་ཐོན་ལས་འཕེལ་རྒྱས་ཀྱི་ཁེ་སྤོགས་ལོངས་སྤྱོད་ཐུབ་ཆེད། མཉམ་ལས་ཁང་གིས་དང་ཐོག་ཡུལ་དེའི་མང་ཚོགས་དྲོད་ཁང་ཆེན་པོར་ལས་ཀ་བྱེད་པར་གླས་ཏེ་ཆུ་ཚོད་ལ་བལྟས་ནས་གླ་ཕོགས་སྤྲོད་པའི་ལམ་ལུགས་ལག་ལེན་བསྟར་ཏེ་མང་ཚོགས་རྣམས་ཐག་ཉེ་སར་ལས་ཞུགས་ཐུབ་པ་བྱས་ཡོད།

    “མཉམ་ལས་ཁང་ཡོད་སྟབས་ང་ཚོས་རང་ཁྱིམ་གྱི་སྒོ་རྩ་ནས་གླ་པ་བྱས་ཆོག་གི་འདུག ཞིང་ནང་དུ་ལས་ཀ་ཉིན་གཅིག་བྱས་ཚེ་ཡོང་འབབ་སྒོར་150ཙམ་རག་གི་འདུག་ལ། ཁྱིམ་གྱི་ཤིང་འབྲས་དང་སྔོ་ཚལ་ཡང་མཉམ་དུ་འཚོང་ཐུབ་ཀྱི་འདུག ད་དུང་ང་ཚོའི་ཁྱིམ་ནས་མ་རྩ་སྒོར་6000བཏང་ཡོད་པས་ལོ་མཇུག་ཏུ་ཁེ་སྤོགས་ཀྱི་བགོ་བཤའ་ལེན་རྒྱུ་ཡོད”ཅེས་དགྲ་ལྷ་གྲོང་ཚོའི་གྲོང་མི་འཇམ་དབྱངས་ལྷ་མོས་བཤད། མཉམ་སྡེབ་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་དང་རྒྱ་སྐྱེད་དུ་འགྲོ་བ་མཐོང་སྐབས་མང་ཚོགས་ཀྱི་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་ཡོད་ལ་ནང་གནས་སྒུལ་ཤུགས་ཀྱང་སྔར་བས་ཆེ་རུ་ཕྱིན་ཡོད།

    3 གྲོང་ཚོ་ཚང་མ་མཉམ་འགུལ་གྱིས་ཐོན་ཁུངས་བསྡུ་སྒྲིལ་བྱས་པ།

    ཇི་ལྟར་བྱས་ནས་རྒྱ་སྟོབས་ཆེ་རུ་གཏོང་དགོས་སམ། དགྲ་ལྷ་གྲོང་ཚོས་མཉམ་ལས་ཁང་འཕེལ་རྒྱས་གཏོང་རིང་གྲོང་ཚོ་ཁག་གིས་སོ་སོའི་ཚོང་སོ་སོས་རྒྱག་པ་དང་ཕན་ཚུན་འགྲན་རྩོད་བྱེད་སྟངས་ཀྱི་ཐོན་ལས་རྣམ་པ་དོར་ཏེ། འགྲོ་བ་དགོན་གྲོང་རྡལ་གྱི་སྤྱི་འདོམས་འོག “ཁེར་འཛིང་ཁེར་འཐབ”ནས“གྲོང་སྦྲེལ་ཚོགས་སྒྲིག”གི་འཕེལ་རྒྱས་གཏོང་ཕྱོགས་སུ་འགྱུར་བ་བཏང་ནས། ཞིང་ཞོར་ཐོན་རྫས་བྲིན་ཚོང་མི་ཐུབ་པའི་དཀའ་གནད་བསལ་ཏེ་བྲིན་ཁ་རྒྱུག་པོ་ཡོང་བའི་འགན་ལེན་བྱས་པ་རེད།

    འགྲོ་བ་དགོན་གྲོང་རྡལ་གྱི་གྲོང་ཚོ་ཁག་གིས་གྲོང་ཚོ་སོ་སོའི་ལེགས་ཆར་གཞི་ཚུགས་ནས། འདེབས་འཛུགས་དང་གསོ་ཚགས་ཀྱི་སྣ་ཁ་མི་འདྲ་བ་འཕེལ་རྒྱས་བཏང་སྟེ། “གྲོང་ཚོ་རེར་སྣ་ཁ་རེ་དང་གྲོང་ཚོ་རེར་སྣ་ཁ་མང་བའི”རྣམ་པ་རིམ་བཞིན་ཆགས་པར་བྱས་ནས། མཉམ་ལས་ཁང་བརྒྱུད་གཅིག་གྱུར་གྱི་བྲིན་ཚོང་ལས་སྟེགས་བསྐྲུན་ཏེ། འཕེལ་རྒྱས་ཀྱི་མཉམ་ཤུགས་ཤིག་ཆགས་པར་བྱས་ཡོད། འགྲོ་བ་དགོན་གྲོང་རྡལ་གྱི་གྲོང་ཚོ་ཁག་གིས“ཞིང་དུད་ཀྱི་འདེབས་གསོ+ལག་རྩལ་མཛུབ་ཁྲིད+ཐོན་རྫས་ཚབ་ཚོང”བཅས་ཟུང་དུ་འབྲེལ་བའི་བྱེད་སྟངས་རིམ་བཞིན་ཞིབ་ཚགས་སུ་བཏང་སྟེ། ཉེ་འཁོར་གྲོང་ཚོའི་ཕག་པ་དང་། ཁམ་བུ། སྒོ་ང་། ཞོག་ཁོག་སོགས་ཞིང་ཞོར་ཐོན་རྫས་ཐ་སྐྱོང་ཉོ་སྒྲུབ་བྱས་ནས། ཁ་ཐོར་གྱི་ཐོན་ཁུངས་གང་འགབ་ཅི་སྤྱོད་ཀྱིས“ཐོན་རྫས་ཚོང་ཟོག་ཏུ་འགྱུར་བར”བྱས་ནས་མང་ཚོགས་ཀྱི་ཐོན་སྐྱེད་ཀྱི་སེམས་ཁྲལ་སེལ་བ་དང་ས་གནས་དེ་གའི་ཞིང་ཞོར་ཐོན་རྫས་ཀྱི་ཁྲོམ་རའི་རིན་ཐང་མཐོ་རུ་གཏོང་བ། ཉམས་ཞན་གྲོང་ཚོ་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བཅས་བྱས་ནས་ཡུག་སྦྲེལ་འཕེལ་རྒྱས་ཀྱི་འདུ་ཤེས་ཤིག་ཆགས་པར་བྱས་ཡོད། མིག་སྔའི་བར་མཉམ་ལས་ཁང་གིས་འགྲོ་བ་དགོན་གྲོང་རྡལ་གྱི་གྲོང་ཚོ་གཞན་དག་གྱི་བྲིན་མེད་པའི་ཕག་པ་20ལྷག་ཙམ་དང་། ཞོག་ཁོག་དང་ལ་ཕུག་རྒྱ་མ་5000ལྷག་ཙམ། སྒོ་ང་1000ལྷག་ཙམ། རྒྱགས་གསོ་བྱས་པའི་ལུག་10ལྷག་ཙམ་བཅས་འཚོང་རོགས་བྱས་པ་མ་ཟད། གྲོང་ཚོ་གཞན་དག་ལ་རོགས་པ་བྱས་ཏེ་འབབ་འཕར་སྒོར་ཁྲི་8ལྷག་ཙམ་ཡོང་བར་བྱས་ཡོད།

    4 ཐོན་སྐྱེད་མཁོ་སྤྲོད་འགན་ལེན་གྱིས་འགན་འཁྲི་ལེགས་པར་ཁུར་བ།

    “མཉམ་ལས་ཁང་གིས་གཅིག་སྡུད་ཉོ་སྒྲུབ་ལས། ང་ཚོའི་ནང་གི་ཚལ་ལ་ཡོང་འབབ་སྒོར་2000ལྷག་ཙམ་རག་བྱུང་། རང་ཁྱིམ་གྱིས་བཏབ་པའི་ཚལ་ལ་ཡོང་འབབ་མང་པོ་དེ་འདྲ་རག་གི་ཡོད་པ་བསམ་ཡུལ་ལས་འདས་སོང”མཉམ་ལས་ཁང་གཉེར་འགོ་ཚུགས་རྗེས་གྲོང་མི་མང་པོ་ཞིག་གིས་གྲོང་ཚོའི་ནང་སྐད་ཆ་དེ་འདྲ་བརྗོད་ཀྱི་ཡོད། མཉམ་ལས་ཁང་གིས“མངགས་ཐོ་རྣམ་པའི”ཞིང་ལས་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་འཕེལ་རྒྱས་བཏང་ནས། “མཉམ་ལས་ཁང+ཞིང་དུད”དང“མཉམ་ལས་ཁང+དམག་དཔུང་དང་ས་གནས”ཀྱི་གྲོས་མཐུན་མངགས་ཐོའི་ཐོན་ལས་ཀྱི་རྣམ་པ་གསར་པ་ཞིག་ཆགས་ཏེ། བརྟན་པོ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་བསྐྱོད་ཐུབ་བྱུང་བས། ཞིང་འབྲོག་མང་ཚོགས་ལའང་འཕེལ་རྒྱས་ཀྱི་ཡིད་ཆེས་ཀྱིས་ཁེངས་ཡོད་པ་རེད།

    རིམས་ནད་ཐོན་རིང་ལའང་གྲོས་མཐུན་མངགས་ཐོ་དང་། དྲ་ཐོག་བྲིན་འཚོང་། སྒོ་བསྟེན་ཚོང་ཁང་ནས་ཐད་འཚོང་བཅས་ཀྱི་ཐབས་ལམ་བརྒྱུད་མཉམ་ལས་ཁང་གི་ཡོང་འབབ་བརྟན་པོ་བྱུང་ཡོད། དེ་དང་ཆབས་ཅིག་མཉམ་ལས་ཁང་གིས་རྫོང་གྲོང་གི“ཤ་ཚལ་སྒོང”གསུམ་འགན་ལེན་བྱས་པའི་ལས་འགན་ལྕི་པོ་ཁུར་ནས། རྫོང་གྲོང་མཐའ་འཁོར་དུ་ཡོད་པའི་ལས་བྱེད་པ་དང་མང་ཚོགས་ཚོར་སྔོ་ཚལ་དང་། ཤ སྒོ་ང་བཅས་ཐེངས་2000ལྷག་ཙམ་བསྐྱལ་བར་ཁྱོན་རྒྱ་མ་ཁྲི་10ལྷག་ཟིན་པ་མ་ཟད། ཚོང་ཤག་ཀྱང་མི་ཐེངས་1500ལྷག་ཙམ་ཟིན་ཡོད། 2022ལོའི་ཟླ་9པ་ཚུན། མཉམ་ལས་ཁང་གིས་སྔོ་ཚལ་རྒྱ་མ་ཁྲི་3ལྷག་ཙམ་དང་། ཤ་དང་སྒོ་ང་སོགས་རྒྱ་མ་ཁྲི་1ལྷག་ཙམ་མཁོ་སྤྲོད་འགན་ལེན་བྱས་ནས། ཚོང་གཉེར་མ་དངུལ་སྒོར་ཁྲི་40ལྷག་ཙམ་ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།