དབུ་ཤོག>གསར་འགྱུར།
  • ཚན་རིག་དང་མཐུན་པའི་འཆར་འགོད་ཀྱི་ཁྲིད་སྟོན་མཐའ་འཁྱོངས་དང་ལུགས་མཐུན་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-21

    ཉེ་ཆར། གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་གྱི་གསར་འགྱུར་ཡོངས་བསྒྲཌ་ཚོཌ་འདུ་ནས་ཤེས་རྟོཌ་བྱུང་བར། ཉེ་བའི་ལོ་ཤས་རིང་ལྷོ་ཁ་གྲོང་ཁྱེར་གྱིས་འགན་ལེན་རང་བཞིན་གྱི་སྡོད་ཁང་འཆར་འགོད་འཛུགས་སྐྲུན་དང་བགོ་བཤའ་རྒྱག་པའི་དོ་དམ་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་བརྩོན་ལེན་ཧུར་ཐག་དང་། ཚན་རིག་དང་མཐུན་པའི་འཆར་འགོད། ལུགས་མཐུན་བཀོད་སྒྲིག ཚད་ལྡན་དོ་དམ་བཅས་བྱས་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྡོད་ཁང་འགན་ལེན་ཁྱོན་ཡོངས་ལ་ཁྱབ་ཡོད་པ་རེད།

    ལྷོ་ཁ་གྲོང་ཁྱེར་གྱིས་མང་ཚོགས་ཀྱི་གཞི་རྩའི་སྡོད་ཁང་གི་དགོས་མཁོར་དམིགས་ནས་ལས་ཤག་དང་། སྤྱི་པའི་བོགས་གཏོང་སྡོད་ཁང་། ཁང་གླ་ཁེ་བའི་སྡོད་ཁང་བཅས་གཙོ་གནད་དུ་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་རྙིང་པ་སྒྱུར་བཀོད། གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་བཅས་སྡོད་ཁང་འགན་ལེན་མ་ལག་རགས་ཙམ་བཙུགས་པས་རྫོང་དང་། ཆུས། ཤང(གྲོང་རྡལ)བཅས་ཚང་མར་སྡོད་ཁང་འགན་ལེན་ཁྱོན་ཡོངས་ལ་ཁྱབ་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་ལེན་དང་ཡོང་འབབ་དམའ་ལ་སྡོད་ཁང་ཐད་འགན་ལེན་བྱེད་དགོས་རིགས་ཚང་མར་འགན་ལེན་བྱས་ཡོད་པ་རེད།

    སྤྱི་པའི་བོགས་གཏོང་ཁང་པ་དང་། འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་། ཐུན་མོང་བདག་དབང་གི་སྡོད་ཁང་བཅས་གཙོ་བོར་བྱས་པའི་སྡོད་ཁང་འགན་ལེན་མ་ལག་མགྱོགས་མྱུར་འཐུས་སྒོ་ཚང་དུ་བཏང་ཞིང་། མིག་སྔའི་བར་གྲོང་ཁྱེར་ཡོངས་ཀྱིས་རིམ་རྩིས་བྱས་ན་གཞུང་གི་བོགས་གཏོང་ཁང་པ་ཆ་ཚང་20702གྲབས་གསོག་བྱས་པ་དང་། སྡོད་ཁང་སྐྱོ་ཁུལ་དུད་ཚང་11301སྒྱུར་བཀོད་བྱས་པ། ལས་ཤག་ཆ་ཚང་8071གྲབས་གསོག་བྱས་པ། ཤང(གྲོང་རྡལ)གི་ལས་ཤག་ཆ་ཚང་3112གྲབས་གསོག་བྱས་པ་བཅས་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པའི་སྒྱུར་བཀོད་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། 2019ལོ་ནས་བཟུང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པའི་སྡོད་ཁང་5235ཡི་ཆུ་དང་། གློག ལམ། འཕྲིན་གཏོང་སོགས་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་དང་སྒྱུར་བཀོད་བྱས་པས་དུད་ཚང་6745ལ་ཕན་པ་ཐོབ་པ། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཞབས་ཞུ་ལེགས་སུ་བཏང་སྟེ། སྤྱི་གསོག་མ་དངུལ་གྱི་སྒྲུབ་མང་བའི་ཞབས་ཞུའི་དོན་ཚན“ཞིང་སྒྲོལ་ཀུན་སྒྲུབ”དང་། བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་གཉེར་བ། དྲ་གཅིག་ཀུན་སྒྲུབ་བཅས་ལ་སྐུལ་འདེད་བཏང་བ། གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་ཚོགས་སྤྱི་སོགས་གཙོ་གནད་མི་ཚོགས་ཀྱི་སྡོད་ཁང་བདེ་འཇགས་འགན་ལེན་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ཞིང་། 2016ལོ་ནས་བཟུང་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་12758སྒྱུར་བཀོད་བྱས་པ། ས་རིན་བརྟན་པོ་དང་། ཁང་རིན་བརྟན་པོ། སྔོན་དཔག་བརྟན་པོ་བཅས་མཐའ་འཁྱོངས་བྱས་ཏེ་གྲོང་ཁྱེར་དང་བསྟུན་ནས་སྲིད་ཇུས་སྤྱོད་པ་དང་རིགས་དབྱེ་ཁྲིད་སྟོན་དང་། ཁྲོམ་རའི་སྙོམས་སྒྲིག་ལ་ཤུགས་སྣོན། དགོས་མཁོར་བརྟེན་ནས་མཁོ་སྤྲོད་ལ་ཁྲིད་སྟོན། ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག ཉེན་ཁ་སྔོན་འགོག་དང་སེལ་བ་བཅས་བྱས་ཏེ་ས་ཁང་བདག་ཁོངས་འཁོར་རྒྱུག་བཟང་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།