དབུ་ཤོག>གསར་འགྱུར།
  • “དངུལ་ཁང་དང་ཁྲལ་དོན་མཉམ་འགུལ”གྱིས“དངུལ་བུན”ལ་བརྟེན་ནས་ཕྲན་ཚེགས་ཁེ་ལས་ཀྱི་གསོན་ཤུགས་འཕེལ་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-21

    2022ལོ་ནས་བཟུང་གཞིས་རྩེ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་“དངུལ་ཁང་དང་ཁྲལ་དོན་མཉམ་འགུལ”ལམ་སྲོལ་གྱིས་ཁྲོམ་རའི་བྱེད་པོར་ཕན་པ་ཐོབ་པར་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ནུས་ཆེན་པོ་བསྣན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “དངུལ་ཁང་དང་ཁྲལ་དོན་མཉམ་འགུལ”ནི་ཁྲལ་དོན་དང་དངུལ་ཁང་འགན་བཅོལ་ལྟ་སྐུལ་སྡེ་ཚན་གྱིས་ཡིད་རྟོན་ལྡན་པའི་ཕྲན་ཚེགས་ཁེ་ལས་ལ་དམིགས་ཏེ་གསར་གཏོད་བྱས་ནས་སྤེལ་བའི་མ་རྩ་བསྡུ་སྒྲིལ་གྱི་རྒྱབ་སྐྱོར་བྱེད་སྒོ་ཞིག་རེད། ཁྲལ་དོན་སྡེ་ཚན་གྱིས་ཁྲིམས་དང་སྒྲིག་སྲོལ་ལྟར་ཁེ་ལས་ཀྱི་ཁྲལ་འཇལ་ཡིད་རྟོན་དེ་དངུལ་ཁང་ལ་སྤྲད་པ་དང་། དངུལ་ཁང་གིས་ཆ་འཕྲིན་དེ་དག་སྤྱད་དེ་ཡིད་རྟོན་དངུལ་བུན་གྱི་རྣམ་པ་ལེགས་སུ་བཏང་ནས་ཁ་དན་ཚིག་གནས་ཀྱི་ཕྲན་ཚེགས་ཁེ་ལས་ལ་ཡིད་རྟོན་དངུལ་བུན་བཏང་སྟེ་ཁྲོམ་རའི་བྱེད་པོར་མ་རྩ་བསྡུ་དཀའ་བའི་གནད་དོན་དང་མ་རྩ་བསྡུ་རིན་མཐོ་བའི་གནད་དོན་ཐག་གཅོད་བྱེད་རོགས་བྱས་པ་རེད།

    བསྡོམས་རྩིས་བྱས་པར་གཞིགས་ན། 2022ལོའི་ཟླ་11པའི་ཟླ་མཇུག་བར་གཞིས་རྩེ་གྲོང་ཁྱེར་གྱིས“དངུལ་ཁང་དང་ཁྲལ་དོན་མཉམ་འགུལ”བརྒྱུད་ཕྲན་ཚེགས་ཁེ་ལས་110ལ་དངུལ་བུན་སྒོར་ཁྲི་5000ལྷག་ཙམ་བཏང་ནས་ཁྲལ་འཇལ་ཡིད་རྟོན་བཟང་པོ་ཁ་ཡོད་ལག་ཡོད་ཀྱི་དངུལ་སྨར་དུ་བསྒྱུར་ནས་དཔལ་འབྱོར་འཁོར་སྐྱོད་དང་ཁྲོམ་ར་འཁོར་རྒྱུག་ཤར་གཏོང་ཐུབ་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།