དབུ་ཤོག>གསར་འགྱུར།
  • ཆུ་ཤུར་ས་གཙང་འབྲི་གཡག་གསོ་ཚགས་ཚད་ཡོད་ཀུང་སིས་མ་རྐང་ལ་ཞུགས་མཁན་འབྲོག་དུད་ལ་ཁེ་སྤོགས་བགོ་འགྲེམས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-21

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཆུ་ཤུར་ས་གཙང་འབྲི་གཡག་གསོ་ཚགས་ཚད་ཡོད་ཀུང་སིས་2022ལོའི་ཞིང་འབྲོག་པར་ཁེ་འབབ་བགོ་བའི་བྱེད་སྒོ་གཉེར་ནས་ཀུང་སིའི་མ་རྐང་ལ་ཞུགས་མཁན་འབྲོག་དུད་35ལ་ཁེ་སྤོགས་སྒོར་ཁྲི་105བགོ་འགྲེམས་བྱས་པ་དང་རྩྭ་ར་འཁོར་རྒྱུག་གི་མ་དངུལ་སྒོར་ཁྲི་18སྤྲད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཆུ་ཤུར་ས་གཙང་འབྲི་གཡག་གསོ་ཚགས་ཚད་ཡོད་ཀུང་སི་གཉེར་སྐྱོང་བྱས་པ་ནས་བཟུང་། ཆུ་ཤུར་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་མི་རིགས་ཁག་གི་ཞིང་འབྲོག་མང་ཚོགས་དང་མཉམ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབས་པ་དང་དུས་མཚུངས་ཞིང་འབྲོག་པའི་དཔལ་འབྱོར་དང་ཐོན་སྐྱེད་ལས་དོན་ལ་ཧུར་ཐག་ཞུགས་པས་ཚགས་ཤ་བྲིན་ཚོང་དང་། འབྲི་གཡག་གསོ་ཚགས། རྩྭ་ར་བརྒྱུད་བཤུག་སོགས་ཀྱི་ཐད་གྲུབ་འབྲས་ཡག་པོ་ཐོབ་ཡོད་པ་རེད། མིག་སྔའི་བར་ཀུང་སི་དེར་རྒྱུད་པ་མི་འདྲ་བའི་འབྲི་གཡག་ལག་ཡོད་མགོ་གྲངས་2548ཡོད་པ་དང་། མ་རྐང་ལ་ཞུགས་པའི་འབྲོག་དུད་35ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་པ་དང་འབྲེལ། ཞིང་འབྲོག་པ་དང་། མི་འབོར་དབུལ་པོ། སློབ་ཆེན་སློབ་མ་སོགས་མི་45ཡི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱས་པ་རེད། ལོ་ལྟར་མ་རྐང་ལ་ཞུགས་པའི་འབྲོག་པར་ཐོན་ལས་ཀྱི་ཁེ་སྤོགས་བགོ་འགྲེམས་བྱེད་ཀྱི་ཡོད་ཅིང་། མ་མཐའི་ཁེ་སྤོགས་སྒོར་ཁྲི་105བགོ་བཤའ་རྒྱག་པ་དང་རྩྭ་ར་བརྒྱུད་བཤུག་མ་དངུལ་སྒོར་ཁྲི་18སྤྲོད་ཀྱི་ཡོད་པ་རེད།

    ཞིང་འབྲོག་མང་ཚོགས་དེ་བས་མང་བས་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་་ལས་དོན་ལ་ཧུར་ཐག་ཞུགས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད། “ཆུ་ཤུར་རྫོང་ཨུད་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་དང་ཆུ་ཤུར་ས་གཙང་འབྲི་གཡག་གསོ་ཚགས་ཀུང་སིའི་སྣེ་ཁྲིད་འོག་ང་ཚོར་ཕྱུག་འགྱུར་གྱི་ཕན་པ་ཐོབ་བྱུང་ལ་སླད་ཕྱིན་གྱི་འཚོ་བ་ཡང་ཡག་ཏུ་འགྲོ་ངེས་ཡིན་ལ་གྲོང་གསེབ་དར་རྒྱས་ཀྱི་ནུས་པ་ཆེན་པོ་ཐོན་རྒྱུ་རེད”ཅེས་འབྲོག་པ་བཀྲ་ཤིས་ཀྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།