དབུ་ཤོག>གསར་འགྱུར།
  • འབྲི་རུ་རྫོང་གིས་སྲིད་གཞུང་གི་ཁ་གསབ་ཏེན་ཚྭ་སྡེབ་སྐྱེལ་ལས་དོན་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-21

    ཞིང་འབྲོག་མང་ཚོགས་ཀྱི་ཏེན་རྒྱུ་མི་འདང་བའི་ནད་གཞི་སྨན་བཅོས་དང་། རྫོང་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ལོ་ཧྲིལ་པོའི་ཏེན་ཚྭའི་དགོས་མཁོ་ནུས་ཤུགས་ཡོད་རྒུས་འགན་ལེན་གྱིས་ཏང་གི་དམངས་ཕན་སྲིད་ཇུས་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བ་བྱ་ཆེད། ཉེ་ཆར། འབྲི་རུ་རྫོང་གིས་སྲིད་གཞུང་གི་ཁ་གསབ་ཏེན་ཚྭ་སྡེབ་སྐྱེལ་ལས་དོན་ཧུར་ཐག་སྤེལ་བ་རེད།

    ཤེས་རྟོཌ་བྱུང་བར་གཞིགས་ན། འབྲི་རུ་རྫོང་དཔལ་འབྱོར་ཆ་འཕྲིན་ཅན་ཅུས་ཀྱིས་དུས་གོང་ཆེད་བསྐོས་མི་སྣ་བཀོད་སྒྲིག་བྱས་ནས། ཤང(གྲོང་རྡལ)10ཡི་མང་ཚོཌ་ཚོའི་ཏེན་ཚྭ་སྤྱོད་པའི་དགོས་མཁོར་བསྡོམས་རྩིས་བརྒྱབ་སྟེ་ནག་ཆུ་གྲོང་ཁྱེར་གྱི་ཏེན་ཚྭ་སྡེབ་སྐྱེལ་བྱེད་མཁན་ལས་དོན་མི་སྣ་དང་འབྲེལ་གཏུག་ཧུར་ཐག་གིས་ཏེན་ཚྭ་སྡེབ་སྐྱེལ་བྱས་པ་རེད།

    འབྲི་རུ་རྫོང་གི་ཤང་དང་གྲོང་རྡལ་ཁག་གིས་ཏེན་ཚྭ་མི་འདང་ཚེ་མིའི་ལུས་པོར་གནོད་འཚེ་གང་ཡོད་མེད་དང་། ཏེན་ཚྭ་མི་འདང་བའི་ནད་གཞི་གང་དག་ཡོད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། ཏེན་ཚྭའི་སྐོར་དྲིལ་བསྒྲགས་བྱས་པ་མ་ཟད། དྲིལ་བསྒྲགས་ཤོག་ལྷེ་སྤྲད་དེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཏེན་ཚྭ་རྒྱུན་འཁྱོངས་སྤྱད་ན་ཕན་པ་གང་ཞིག་ཡོད་པ་དང་། དེ་བཞིན་ཏེན་ཚྭ་སྤྱོད་སྟངས་དང་གསོག་འཇོག་བྱེད་སྟངས་གསལ་བཤད་བྱས་པས། རྒྱ་ཆེའི་ཞིང་འབྲོག་མང་ཚོཌ་ཀྱིས་ཏེན་རྒྱུ་མི་འདང་བའི་ནད་ཀྱི་གནོད་འཚེ་ཤེས་རྟོགས་ཐུབ་ཚད་མཐོ་རུ་ཕྱིན་པ་དང་། ཁོང་ཚོར་ཚན་རིག་དང་མཐུན་ཞིང་བདེ་ཐང་གི་འཚོ་བའི་འདུ་ཤེས་འཛུགས་རོཌ་བྱས་ཡོད་ལ། ཞིང་འབྲོག་མང་ཚོཌ་ཚོས་ཏེན་ཚྭ་སྤྱོད་རྒྱུ་དང་ཚན་རིག་དང་མཐུན་པའི་ངང་ཏེན་རྒྱུ་གསབ་རྒྱུའི་འདུ་ཤེས་དང་རང་སྲུང་ནུས་པའང་ཆེ་རུ་སོང་ཡོད།

    བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔའི་བར་འབྲི་རུ་རྫོང་གི་ཤང(གྲོང་རྡལ)10ལ་ཏེན་ཚྭ་སྐྱེལ་བའི་ལས་དོན་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་ཞིང་། མི་རེར་ལོ་རེར་སྤྱི་རྒྱ་5.5སྤྲོད་པའི་ཚད་གཞི་ལྟར་ཁྱོན་མི་55545ལ་ཏེན་ཚྭ་སྤྱི་རྒྱ་305497.5སྤྲད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།