ཉེ་ཆར། མངའ་རིས་ས་ཁུལ་རུ་ཐོག་རྫོང་ཨ་རུ་གྲོང་ཚོའི་དུད་ཚང་91གི་མང་ཚོགས་352ས་བབ་མཐོ་ས་ནས་སྡོད་མལ་ལ་འཚམ་པའི་རི་གསུམ་ཤང་ལྕགས་སྒང་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ་སྤོས་ཏེ་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་པ་རེད།
གནས་སྤོས་བཀོད་སྒྲིག་ལས་དོན་བདེ་འཇགས་དང་། གོ་རིམ་ལྡན་པ། བདེ་བླག་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པར་འགན་ལེན་བྱེད་ཆེད། རུ་ཐོག་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ས་བབ་མཐོ་བའི་སྐྱེ་ཁམས་གནས་སྤོའི་ལས་དོན་སྐོར་གྱི་མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡི་སྤྱིའི་བཀོད་སྒྲིག་གཞིར་བཟུང་། གནས་སྤོས་ལས་དོན་འགོ་ཁྲིད་ཚོགས་ཆུང་མགྱོགས་མྱུར་བཙུགས་ནས་འབྲེལ་ཡོད་སྡེ་ཚན་ཁག་གི་སྟོབས་ཤུགས་ཧྲག་པོ་སྐོང་འཐེན་གྱིས་འབྲེལ་མཐུད་ལ་ཤུགས་སྣོན་དང་། གཞོགས་འདེགས་དམ་ཟབ། བྱ་ཐབས་སྣ་ཚོགས་མཉམ་སྤྱོད་བཅས་བྱས་ནས་གནས་སྤོས་ལས་དོན་ཁག་ཏན་ཏིག་ངང་བསྒྲུབས་པ་དང་། ད་ཆ་ཨ་རུ་གྲོང་ཚོ་ཡོངས་བདེ་བླག་ངང་གནས་སྤོ་ཐུབ་ཡོད།
གོམ་སྟབས་རྗེས་མར་བཀོད་སྒྲིག་བྱ་ཡུལ་དུ་ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་རྒྱ་སོགས་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ནས་གནས་སྤོས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་སྔར་བས་ལེགས་སུ་གཏོང་རྒྱུ་རེད།

འདི་ནི་ལས་དོན་མི་སྣས་གནས་སྤོས་མང་ཚོགས་ལ་ལྕགས་ཐབ་དབོར་རོགས་བྱེད་བཞིན་པ།