དབུ་ཤོག>གསར་འགྱུར།
  • ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-20

    ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་2023ལོའི་ཟླ་1ཚེས་17ཉིན་དང་ཚེས་18ཉིན་ལྷ་སར་འཚོགས་པ་རེད། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཨུ་ཡོན་32ཡོད་པ་དང་། མི་498ཟུར་ཞུགས་བྱས་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད། བློ་བཟང་རྒྱལ་མཚན་དང་། ཡན་ཅིན་ཧའེ། ཀྲོང་ཡན། ཁྲེན་ཡུང་ཆི་བཅས་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་ཚོགས་འདུར་ཞུགས་པ་རེད།

    རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ཚང་འཛོམས་གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཀྲུང་དབྱང་སྒྲིག་ཨུད་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ། 2022ལོའི་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་དོན་ལ་ཕྱོགས་སྡོམ་དང་2023ལོའི་ལས་འགན་བཀོད་སྒྲིག་བྱས་པ་མ་ཟད། བློ་མཐུན་ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་གནང་བའི《ནམ་ཡང་ཚར་དུས་མེད་པའི་རིག་པ་དྭངས་གསལ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་མཐའ་གཅིག་ཏུ་ཟབ་ཏུ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས》ཞེས་པའི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་རེད།

    ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་དབྱང་སྒྲིག་ཨུད་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཡོད། ཚང་མས། གསུང་བཤད་ཀྱིས་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཀྱི་འབྱུང་རྐྱེན་དང་། དཀའ་གནད་ཀྱི་མཚོན་ཚུལ་གཙོ་བོ། དཀའ་གནད་སེལ་བའི་ཐབས་ཤེས་བཅས་ལ་དབྱེ་ཞིབ་གཏིང་ཟབ་གནང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་དམིགས་ཚད་ལས་འགན་དང་ལག་ལེན་གྱི་བླང་བྱར་རྒྱས་བཤད་གཏིང་ཟབ། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བར་འཐབ་ཇུས་བཀོད་སྒྲིག་གནང་བ་ལས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཇུས་ཀྱི་གཟིགས་རྒྱང་རིང་པོ་དང་། སྒེར་སེམས་སྤུ་ཙམ་ཡང་མེད་པའི་བླ་ན་མེད་པའི་གནས་ཚད། མི་དམངས་ལ་བཅངས་པའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས། གནད་དོན་ལ་ཐད་ཀར་གཏུགས་པའི་འགན་འཁྲི་འཁུར་སེམས་བཅས་གང་ལེགས་མཚོན་ཡོད། འདི་ནི་དུས་རབས་གསར་པའི་ཏང་འཛུགས་ཀྱི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བའི་རྩ་བའི་གཞི་འཛིན་ས་ཡིན་པས། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་མཛུབ་ཁྲིད་གནང་བའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་པ་རེད།

    བློ་མཐུན་ལི་ཞི་ཡིས་གནང་བའི་ལས་དོན་སྙན་སྒྲོན་དུ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རྒྱང་ལམ་གསར་པར་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་ཡོད་པ་རེད།

    ཚང་འཛོམས་གྲོས་ཚོགས་ལ་བློ་མཐུན་ཝང་ཅུན་ཀྲེང་གི་གསུང་བཤད་ལ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཡོད། ཚང་མས། བློ་མཐུན་ཝང་ཅུན་ཀྲེང་གི་གསུང་བཤད་དུ་ལྗོངས་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དོན་དངོས་གཞིར་བཟུང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ལ་དམ་པོར་དམིགས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བའི་ལས་དོན་གྱི་བསམ་ཕྱོགས་དང་བླང་བྱ་ཞིབ་ཕྲ་གསལ་སྟོན། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་བརྟན་པོ་དང་གཏིང་ཟབ་སྤེལ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཀྱི་ཕྱོགས་སུ་སྤེལ་བར་དམིགས་ཚད་ཁ་ཕྱོགས་དང་ལག་ལེན་གྱི་ཐབས་ལམ་མཁོ་འདོན་བྱས་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་པ་རེད།

    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ལྷག་པར་དུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་དེ་ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འབད་འབུངས་སྟོབས་ཤུགས་སུ་འགྱུར་བ་དང་། བློ་བརྟན་འགྱུར་མེད་ངང་སྤྱོད་བཟང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་སྤྱོད་ཞིབ་ཕྲར་འགྱུར་བ། ཏང་གི་སྔོན་ཐོན་དྭངས་གཙང་མཐའ་གཅིག་ཏུ་སྲུང་སྐྱོང་དང་ཏང་གི་གསོན་ཤུགས་ནམ་ཡང་གནས་པའི་དངོས་ཡོད་ཀྱི་ཕན་འབྲས་ལ་འགྱུར་བ་བཅས་བྱེད་དགོས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས་སྔར་བས་རང་རྟོགས་ངང“སྲུང་སྐྱོང་གཉིས”ཐུབ་པ་དང་། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་གི་འགན་འཁྲི་དང་ལས་འགན་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས་ཏང་གི་སྒྲིག་ཡིག་གིས་དཀྲིས་པའི་འགན་འཁྲི་སྔར་བས་རང་རྟོགས་ངང་སྒྲུབ་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཏང་གི་རང་ངོས་གསར་བརྗེ་ནམ་ཡང་ཚར་དུས་མེད་པའི་བརྡར་ཤ་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས་དེ་བས་རང་རྟོགས་ངང་ནན་པའི་རྩ་བའི་དགོངས་གཞིར་བརྟེན་ནས་སྤྱོད་བཟང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བྱེད་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། 2022ལོར་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་དང་ལས་འགན་ནན་ཏན་བསྒྲུབས་ནས། བརྟན་ཐོག་ཡར་འཕེལ་དང་བློ་བརྟན་འགྱུར་མེད་ཀྱིས་ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་མཐའ་འཁྱོངས་བྱས་ཏེ་ལག་ལེན་སྟར་རིང་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་ངོས་འཛིན་ཟམ་མི་ཆད་པར་ཟབ་ཏུ་བཏང་བ་དང་། “སྲུང་སྐྱོང་གཉིས”ལ་དམིགས་ནས་ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་བ། རུལ་སུངས་ལ་ཆད་པ་གཅོད་པའི་སྟོབས་ཤུགས་ཆེན་པོ་ནམ་ཡང་གནས་པ་རྒྱུན་འཁྱོངས་བྱས་ཏེ། “རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ”བཅས་ཀྱི་ཕན་འབྲས་ཟམ་མི་ཆད་པར་མཐོ་རུ་གཏོང་བར་གཞི་གཅིག་ཏུ་སྐུལ་འདེད་བཏང་བ། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་སྐུལ་འདེད་བཏང་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་པ། ཀྲུང་དབྱང་གི་སྐོར་གཟིགས་ལས་དོན་གྱི་མཛད་ཕྱོགས་ལག་བསྟར་དོན་འཁྱོལ་བྱས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རལ་གྲི་རྣོན་པོའི་ནུས་པ་ཟམ་མི་ཆད་པར་མངོན་པར་བྱས་པ། སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་སྒྱུར་བཅོས་མུ་མཐུད་ཟབ་ཏུ་བཏང་ནས་ལྟ་སྐུལ་སྒྲིག་བསྟར་དང་ཁྲིམས་འཛིན་གྱི་སྒྲིག་སྲོལ་ལམ་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་བ། ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས་པའི་བླང་བྱ་དོན་འཁྱོལ་བྱས་ཏེ་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ནན་པོ་དང་ཏག་ཏིག་བརྒྱབ་ཡོད།

    ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། 2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་ལེན་བསྟར་འགོ་ཚུགས་པའི་ལོ་ཡིན་པས། སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་ལྕི་ལ་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། ཀྲུང་དབྱང་སྒྲིག་ཨུད་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་དོན་འཁྱོལ་གཏིང་ཟབ་བྱས་ནས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་བས་གོ་བ་གཏིང་ཟབ་ལེན་པ་དང་། སྔར་བས་རང་རྟོགས་ཀྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ནན་པའི་རྩ་བའི་དགོངས་གཞིར་བརྟེན་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཟབ་ཏུ་གཏོང་བ། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས།

    དང་པོ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་ཏེ་ཆབ་སྲིད་ཀྱི་ལྟ་སྐུལ་ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་ལ་སྐུལ་འདེད་གཏོང་དགོས་ཤིང་། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། བློ་བརྟན་འགྱུར་མེད་ངང་བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་དང“སྲུང་སྐྱོང་གཉིས”ཐུབ་པ་བཅས་མཐའ་གཅིག་ཏུ་བྱེད་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གང་དུ་ཡོད་ན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དེ་གར་ཡོད་པ་དང་ཆབ་སྲིད་ལྟ་སྐུལ་ཡང་དེ་གར་རྗེས་སྙེག་ཐུབ་པ་མཐའ་འཁྱོངས་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་དམིགས་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”ཐབས་ཇུས་བཀོད་སྒྲིག་ལ་དམིགས་པ། 《ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་དགོས་པའི་སྐོར་གྱི་བསམ་འཆར》ནང་གསལ་སྟོན་བྱས་པའི་དམིགས་ཚད་ལས་འགན་དང་གཙོ་གནད་བྱེད་ཐབས་ལ་དམིགས་ནས་ཆབ་སྲིད་ཀྱི་ལྟ་སྐུལ་གནད་སྨིན་ཅན་ལ་སྐུལ་འདེད་གཏོང་དགོས། གཙོ་གནད་མི་དང་། གཙོ་གནད་ལས་དོན། གཙོ་གནད་ལྷུ་ཚིགས་བཅས་ལ་དམིགས་ཏེ་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་བསམ་བློའི་གནད་དོན་དང་། སྤྱོད་ཚུལ་གྱི་གནད་དོན། སྒྲིག་སྲོལ་ལམ་སྲོལ་གྱི་འགོག་རྐྱེན་བཅས་འཕྱུགས་མེད་བཙལ་ནས་ཆབ་སྲིད་ཀྱི་ལྟ་སྐུལ་གནད་སྨིན་ཅན་ལ་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་ལྟ་སྐུལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ཅིར་ཁྱབ་པར་བྱས་ནས་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དོན་གནད་གལ་ཆེན་དང་ལས་དོན་གལ་ཆེན་གྱི་བླང་བྱ་དོན་གཉེར་དང་ལྟ་བཤེར་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་བཏང་སྟེ་ཆབ་སྲིད་ཀྱི་ལྟ་སྐུལ་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་དགོས།

    གཉིས་པ། ཏང་གི་རང་ངོས་གསར་བརྗེའི་ལམ་ལུགས་ཚད་ལྡན་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་ཨུད(ཏང་ཙུའུ)ཀྱི་བྱེད་པོའི་འགན་འཁྲི་དང་། འགན་ནུས་སྡེ་ཚན་གྱི་ལྟ་སྐུལ་དོ་དམ་འགན་འཁྲི། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ལྟ་སྐུལ་འགན་འཁྲི་བཅས་མཉམ་དུ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ། འགན་འདེད་ཀྱི་མཚོན་ཆ་རྣོན་པོ་བེད་སྤྱོད་ཡག་པོ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ནན་དུ་གཏོང་བ་བཅས་བྱེད་དགོས། ཏང་ནང་ཁུལ་གྱི་ལྟ་སྐུལ་གཙོ་ཁྲིད་དུ་བྱས་ཏེ་རིགས་ཁག་གི་ལྟ་སྐུལ་འབྲེལ་མཐུད་དང་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ་དང་། “ལྟ་སྐུལ་བཞིའི”མ་ལག་ལ་སྐུལ་འདེད་དང་འཐུས་སྒོ་ཚང་དུ་གཏོང་བར་དམིགས་པ། མངགས་སྡོད་ལྟ་སྐུལ་གྱི་མྱུལ་ཞིབ་ཀྱི་ནུས་པ་ཆེ་རུ་གཏོང་བ། རྫོང་དང་ཤང་གི་ལྟ་སྐུལ་སྟོབས་ཤུགས་སྤྱི་འདོམས་བེད་སྤྱོད་ཡག་པོ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་རྒྱལ་ཁབ་ལྟ་ཞིབ་ཀྱི་ཁྲིམས་སྲོལ་ལམ་ལུགས་ལག་བསྟར་ནན་པོ། ལམ་ལུགས་ཀྱི་ལེགས་ཆ་བཅོས་སྐྱོང་གི་ཕན་འབྲས་སུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

    གསུམ་པ། ཆབ་སྲིད་སྐོར་གཟིགས་ཀྱི་རལ་གྲི་རྣོན་པོའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཆབ་སྲིད་སྐོར་གཟིགས་ཀྱི་ངེས་གནས་བརྟན་སྲུང་དང་ཀྲུང་དབྱང་གི་སྐོར་གཟིགས་ལས་དོན་གྱི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་སྐོར་གཟིགས་གོ་རིམ་ལྡན་པའི་ངང་སྤེལ་ནས། མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་ཆེད་དོན་སྐོར་གཟིགས་བྱེད་དགོས། སྐོར་གཟིགས་བསམ་འཆར་གྱི་བརྡ་ལན་ནན་པོ་སྤྲོད་པ་དང་དག་ཐེར་ལྟ་སྐུལ་འགན་འཁྲི་ཆེ་རུ་བཏང་སྟེ། སྐོར་གཟིགས་ལ་བརྟེན་ནས་ཡོ་བསྲང་ལ་སྐུལ་འདེད་དང་། སྐོར་གཟིགས་ལ་བརྟེན་ནས་འཛུགས་སྐྲུན་ལ་སྐུལ་འདེད། སྐོར་གཟིགས་ལ་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་བཅས་གཏོང་བའི་ཕན་འབྲས་དངོས་ཆེ་རུ་གཏོང་དགོས། སྐོར་གཟིགས་དང་སྐོར་བཤེར་གོང་འོག་མཉམ་སྒུལ་བྱེད་ཤུགས་དང་སྐོར་བཤེར་གྱི་ལས་དོན་ལ་འགོ་ཁྲིད་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས། སྐོར་བཤེར་གྱི་སྤུས་ཚད་དང་ཕན་འབྲས་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་དགོས།

    བཞི་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་རགས་ཆེན་དང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་གྱི་གྲུབ་འབྲས་བརྟན་དུ་གཏོང་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་མུ་མཐུད་དོན་འཁྱོལ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་རྗེས་སྔར་བཞིན་མཚམས་དང་ཚོད་མེད་པ་དང་ཡ་མེད་སྒྲིག་འགལ་བྱེད་རིགས་ལ་ཐག་གཅོད་ནན་པོ་བྱེད་དགོས། ངན་རེངས་རང་བཞིན་གྱི་གནད་དོན་ལ་ཆེད་དོན་བཅོས་སྐྱོང་ཟབ་མོ་དང་ཏང་ཡོན་ལས་བྱེད་པ་དང་ལས་ཞབས་པ་དང་དོ་དམ་ཞབས་འདེགས་ཞུ་ཡུལ་དབར་གྱི་རྒྱུན་གཏན་མིན་པའི་འགྲོ་འོང་གི་གནད་དོན་ཚབས་ཆེན་ལ་དམ་པོར་དམིགས་ཏེ་སྤྱོད་ཚུལ་གྱི་གནད་དོན་དང་འབྲེལ་བའི་རུལ་སུངས་བྱེད་སྤྱོད་དང་རུལ་སུངས་གྱོད་གཞིའི་སྤྱོད་ཚུལ་གྱི་གནད་དོན་ལ་ཞིབ་བཤེར་མཐར་ཕྱིན་པ་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་དམིགས་སུ་བཀར་ནས་བཅོས་སྐྱོང་བྱས་ཏེ། རིམ་པ་ཁག་དང་སྡེ་ཁག་ཁག་གིས“ཞིབ་བཤེར་བཞི་འདྲི་རྩད་བཞི”རྒྱུན་མཐུད་གཏིང་ཟབ་སྤེལ་བར་སྐུལ་འདེདགཏོང་བ་དང“སྣེ་གཉིས་ལ་དམ་འཛིན་དང་བར་མར་སྐུལ་ཁྲིད”མཐའ་འཁྱོངས་ཀྱིས། དབང་ཆའི་ལྟ་བ་གྱུར་པ་དང་། སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཁྲུལ་བ། བྱ་གཞག་གི་ལྟ་བ་འཛོལ་བ་བཅས་ཀྱི་གནད་དོན་གཙོ་གནད་དུ་ཡོ་བསྲང་བྱེད་པ་དང་། ས་ཁུལ་ལམ་ཡང་ན་སྡེ་ཚན་ལ་བསམ་བློ་མང་པོ་གཏོང་བ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དང་མི་དམངས་མང་ཚོགས་ཀྱི་དགོས་མཁོར་བསམ་བློ་ཉུང་དུ་གཏོང་བའི་གནད་དོན་གཙོ་གནད་དུ་ཡོ་བསྲང་བྱེད་པ། རང་འགན་སྣང་མེད་དུ་བཏང་ནས་དགོས་པའི་ལས་མི་བྱེད་པ་དང་རང་འདོད་ལྟར་དབང་ཆ་གང་བྱུང་དུ་སྤྱད་ནས་མི་དགོས་ལས་རྙོག་བཟོ་བའི་གནད་དོན་གཙོ་གནད་དུ་ཡོ་བསྲང་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་བྱེད་རིང་གི“བཤད་པ་དེ་བསྒྲུབས་པར་བརྩིས་པ་དང་། བསྒྲུབས་པ་ཙམ་གྱིས་ཡག་པོ་བསྒྲུབས་པར་བརྩིས་པ། ཕྲན་ཙམ་བསྒྲུབས་པ་ཡོངས་རྫོགས་ལ་བརྩིས་པ”བཅས་ཀྱི་གནད་དོན་གཙོ་གནད་དུ་ཡོ་བསྲང་བྱེད་དགོས། མང་ཚོགས་ཀྱི“དགོས་གཏུག་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ཐག་གཅོད་ལ་ཤུགས་སྣོན་བརྒྱབ་ནས། དམངས་འཚོའི་ཁྱབ་ཁོངས་ཀྱི་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་གནད་དོན་བཅོས་སྐྱོང་བྱེད་པའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས། ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་མཉམ་དུ་དམ་འཛིན་བྱེད་པ་མཐའ་འཁྱོངས་ཀྱིས“ངེས་པར་དུ་གསུམ”ལ་བརྟེན་ནས་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་དགོས།

    ལྔ་པ། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། སྒྲིག་ཁྲིམས་ཀྱི་སློབ་གསོ་དང་ཉེན་བརྡའི་སློབ་གསོ་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་རིམ་ཁག་ཏང་གི་སློབ་གྲྭ་དང་ཏང་ཨུད(ཏང་ཙུའུ)རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ཀྱི་སློབ་གསོ་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་དུ་བརྩི་བར་སྐུལ་འདེད་བཏང་སྟེ། ཉེ་འགྲམ་གྱི་བྱ་བར་བརྟེན་ནས་ཉེ་འགྲམ་གྱི་མིར་སློབ་གསོ་རྒྱག་པར་ཤུགས་སྣོན་རྒྱག་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་། སྒྲིག་ཁྲིམས་སྒྲིག་ལམ་དང་ཁྲིམས་སྲོལ་ལམ་ལུགས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། མི་འདེམས་སྤྱོད་ཀྱི་ཆབ་སྲིད་ཀྱི་འགག་སྒོ་དང་སྤྱོད་གཙང་གི་འགག་སྒོ་ནན་སྲུང་བཅས་བྱས་ནས། སྒྲིག་ཁྲིམས་དང་སྒྲིག་ལམ་ལག་བསྟར་བྱེད་པའི་དབང་གྲགས་ཀྱི་རང་བཞིན་དང་དམ་ནན་གྱི་རང་བཞིན་འགན་ལེན་བྱེད་དགོས། དོ་དམ་ནན་པོ་དང་གཅེས་སྐྱོང་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་དང་དངོས་ཐོག་བདེན་འཚོལ་གྱིས“དབྱེ་འབྱེད་གསུམ”དོན་འཁྱོལ།“ཐབས་རྣམ་བཞི”གཏིང་ཟབ་སྤྱོད་པ་དང་ལྷག་པར་དུ་ཐབས་རྣམ་རིགས་དང་པོ་ཡག་པོ་སྤྱོད་པའི་ཐད་ཤུགས་སྣོན་བརྒྱབ་ནས། ཏང་ཡོན་ལས་བྱེད་པས་འགན་འཁྲི་འཁུར་བར་ལྕག་སྐུལ་བྱེད་དགོས།

    དྲུག་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས། ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་བཅངས་ནས་རུལ་སུངས་ལ་ངོ་རྒོལ་དང་ནག་ཉེས་ལ་ཆད་གཅོད་མཐའ་འཁྱོངས་བྱས་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་ལས་འགན་ལ་ངོས་འཛིན་གསལ་པོ་དང་། འཕར་ཚད་སྔར་བས་བཀག་འགོག་ནུས་ལྡན་དང་བསགས་འབོར་སྔར་བས་གཙང་སེལ་ནུས་ལྡན་བྱེད་དགོས། ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་མཉམ་དུ་འདྲེས་པའི་རུལ་སུངས་ལ་མཐའ་གཅིག་ཏུ་ཞིབ་བཤེར་མཐའ་གཅིག་ཏུ་ཐག་གཅོད་དང་། འགོ་ཁྲིད་ལས་བྱེད་པས་ངན་རུབ་སྒེར་གཉེར་དང་ཚོགས་པ་ཆུང་ཆུང་གི་ངོ་ཚབ་བྱེད་པའི་གནད་དོན་མཐའ་གཅིག་ཏུ་ཞིབ་བཤེར་ཐག་གཅོད། སྲིད་ཚོང་ངན་འབྲེལ་དང་། འཕེལ་རྒྱས་ཀྱི་ཁོར་ཡུག་དང་དྲང་གཞག་དྲང་བདེན་ལ་གཏོར་བཤིག་གཏོང་བའི་གནད་དོན་མཐའ་གཅིག་ཏུ་ཞིབ་བཤེར་ཐག་གཅོད། རུལ་སུངས་གསར་པ་དང་མངོན་མེད་ཀྱི་རུལ་སུངས་མཐའ་གཅིག་ཏུ་ཞིབ་བཤེར་ཐག་གཅོད། མ་ལག་རང་བཞིན་གྱི་རུལ་སུངས་མཐའ་གཅིག་ཏུ་གཙང་སེལ། འགག་རྩའི་ཉུང་ཤས་དང་ལྷག་པར་དུ“གཙོ་འགན་འཁུར་མཁན”ལ་དམ་པོར་དམིགས་པ། ལྐོག་ཟ་རུལ་སུངས་ན་གཞོན་ཅན་གྱི་འཕེལ་ཕྱོགས་ལ་ཚད་མཐོའི་མཐོང་ཆེན་བཅས་བྱས་ནས། གྲོང་ཁྱེར་དང་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་གྱོད་སྒྲུབ་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱེད་དགོས། མ་ལག་བཅོས་སྐྱོང་དང་རྩ་ལག་མཉམ་བཅོས་ཟབ་སྤེལ་བྱས་ཏེ། “རུལ་སུངས་མི་བྱེད་པ་གསུམ”ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། ལྐོག་རྔན་ལེན་པ་དང་ལྐོག་རྔན་སྤྲོད་པ་མཉམ་དུ་ཞིབ་བཤེར་མཐའ་འཁྱོངས། རུལ་སུངས་ཐོན་པ་དང་མཆེད་པར་འགོག་བཅོས་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས།

    བདུན་པ། སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། སྒྱུར་བཅོས་མ་ལག་གི་འདུས་གྲུབ་ལ་སྐུལ་འདེད་གཏོང་བ་དང་། “སྒྱུར་བཅོས་གསུམ”ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་སྒྲིག་སྲོལ་དང་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གོང་རིམ་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་འོག་རིམ་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལ་འགོ་ཁྲིད་དང་མཛུབ་ཁྲིད་བྱེད་པར་ཤུགས་སྣོན། རང་སྐྱོང་ལྗོངས་ཀྱིས་དོ་དམ་བྱེད་པའི་གཞུང་ཁོངས་ཁེ་ལས་ཀྱི་སྒྲིག་བཤེར་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་མུ་མཐུད་ཟབ་ཏུ་གཏོང་བ། རང་སྐྱོང་ལྗོངས་ཀྱི་ཁོངས་གཏོགས་མཐོ་སློབ་ཀྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ཚོད་ལྟའི་ངང་སྤེལ་བ། མངགས་སྡོད་བྱ་ཡུལ་སྒྲིག་གཞིའི་འབྲེལ་ཡོད་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། བཅའ་ཁྲིམས་སྦྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། 《རྫོང་རིམ་པའི་སྒྲིག་བཤེར་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་དགོས་པའི་སྐོར་གྱི་བསམ་འཆར》དོན་འཁྱོལ་ནན་ཏན་བྱས་ཏེ། རྫོང་དང་ཤང་གི་སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་སྒྱུར་བཅོས་རྒྱུན་མཐུད་ཟབ་ཏུ་བཏང་ནས། གཞི་རིམ་གྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས།

    བརྒྱད་པ། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ས་མཐོའི་རུལ་རྒོལ་དམག་ཧྲག་གཏོད་དགོས། ཆབ་སྲིད་ལས་ཁུངས་འཛུགས་སྐྱོང་ཟབ་ཏུ་གཏོང་བ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མིག་དཔེའི་ནུས་པ་འདོན་པ། ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་བརྗོད་བྱ་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་བ། དགོངས་སྐོར་སྙན་ཞུའི་ལམ་ལུགས་ལག་བསྟར་ནན་པོ། ལས་ཁུངས་ཏང་ཨུད་དང་ལས་ཁུངས་སྒྲིག་ཨུད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། མི་འདེམས་སྤྱོད་ཀྱི་ཡང་དག་པའི་ཆབ་སྲིད་ཀྱི་སྟོན་ཕྱོགས་འཛུགས་པ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། འཐབ་རྩོད་ཀྱི་འཇོན་ཐང་ལ་ཞུན་བརྡར། སློབ་སྦྱོང་གཏིང་ཟབ་དང་། བརྟག་ཞིབ་ཏན་ཏིག དོན་འཁྱོལ་ལ་དམ་འཛིན་བཅས་མཐའ་འཁྱོངས་བྱས་ནས་ནུས་པ་ཆེ་རུ་དང་བྱང་ཚད་མཐོ་རུ་གཏོང་དགོས། སྤྱོད་གཙང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྟ་སྐུལ་སྒྲིག་བསྟར་དང་ཁྲིམས་འཛིན་དབང་ཆ་སྤྱོད་པའི་ནང་ཁུལ་ཚོད་འཛིན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཁོངས་གཏོགས་ནང་གི“ཆང་རག་ལ་ཚོད་འཛིན”དང“རྒྱན་པོ་འགྱེད་མི་ཆོག་པའི”གྲུབ་འབྲས་བརྟན་དུ་གཏོང་བ། བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་གྱིས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་གི་སློབ་གསོ་དག་ཐེར་བཅས་བྱས་ཏེ། སྒྲིག་བསྟར་ཁྲིམས་འགལ་དང་ཁྲིམས་བསྟར་ཁྲིམས་འགལ་གྱི་གནད་དོན་ཐད་གནད་དོན་གཅིག་ཤེས་མ་ཐག་ཞིབ་བཤེར་ཐག་གཅོད་བྱས་ནས“སྒྲོན་འོག་མུན་པ”མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ངེས་པར་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་འཐབ། ངེས་པར་དུ་འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པོ་བཅས་བྱས་ཏེ། ནམ་ཡང་ཚར་དུས་མེད་པའི་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བར་སྐུལ་འདེད་བཏང་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།