དབུ་ཤོག>གསར་འགྱུར།
  • ཀྲུང་གོའི་འགྲུལ་པར་བཙན་ཤེད་ཀྱིས་ཏོག་གསར་རིམས་ནད་བརྟག་དཔྱད་དང་ལེན་གྱི་བླང་བྱ་འདོན་མི་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-01-17

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་སྤྱི་པའི་འཕྲོད་བསྟེན་ཅུས་ཀྱིས་གསལ་བསྒྲགས་སྤེལ་ནས། མིག་སྔར་ཀྲུང་གོར་མཆེད་པའི་ཨོ་སྨི་ཁེ་རོན་དུག་སྲིན་གྱིས་སུའེ་ཙེར་གྱི་མི་འབོར་དང་འཕྲོད་བསྟེན་ཁོངས་གཏོགས་ལ་བཟོས་པའི་ཉེན་ཁ་ཧ་ཅང་ཆུང་བས། ཀྲུང་གོ་ནས་སླེབས་པའི་འགྲུལ་པར་བཙན་ཤེད་ཀྱིས་ཏོག་དབྱིབས་ནད་དུག་གསར་པའི་བརྟག་དཔྱད་དང་ལེན་གྱི་བླང་བྱ་འདོན་མི་དགོས་ཞེས་བསྟན་ཡོད།

    གསལ་བསྒྲགས་ནང་ཉིན་དེར་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གིས་གནམ་གྲུར་བསྡད་ནས་ཡོ་རོབ་མནའ་འབྲེལ་དུ་སླེབས་མཁན་སྤྱད་པའི་བྱེད་ཐབས་སྐོར་གྱི་ཡོ་རོབ་མནའ་འབྲེལ་གྱི་གྲོས་འགོ་གསར་ཤོས་ཐད་གྲོས་བསྡུར་བྱས་ཡོད་ཅེས་བསྟན་ཡོད། ཨུ་ཡོན་ལྷན་ཁང་གིས་མིག་སྔར་སུའེ་ཙེར་གྱིས་ཀྲུང་གོ་ནས་སླེབས་པའི་འགྲུལ་པར་བཙན་ཤེད་ཀྱིས་ཏོག་དབྱིབས་ནད་དུག་གསར་པའི་བརྟག་དཔྱད་དང་ལེན་གྱི་བླང་བྱ་འདོན་མི་དགོས་པའི་གཏན་འབེབས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།