དབུ་ཤོག>གསར་འགྱུར།
  • ཀྲུང་གོའི་ཤན་འབྱེད་པ་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་སྤྲོ་སྐྱིད་ཁང་གི་འཛམ་གླིང་བུམ་པའི་ཤན་འབྱེད་མིང་ཐོའི་ནང་ཐེངས་དང་པོ་བདམས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-01-17

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཞུང་ཕྱོགས་དྲ་བར་2022ལོའི་མོ་རོ་ཁོའི་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་སྤྲོ་སྐྱིད་ཁང་གི་འཛམ་གླིང་བུམ་པའི་ཤན་འབྱེད་པའི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། རྒྱལ་སྤྱི་རིམ་པའི་ཤན་འབྱེད་པ་མཱ་ཉིང་དང་ཧྥུའུ་མིང་དང་། རྒྱལ་སྤྱི་རིམ་པའི་ལས་རོགས་ཤན་འབྱེད་པ་ཀྲོའུ་ཧྥེ་དང་ཀྲང་ཁྲེང་བཅས་བདམས་ཐོན་བྱུང་བ་རེད། དེ་ནི་ཀྲུང་གོའི་ཤན་འབྱེད་པས་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩེར་སོན་འགྲན་བསྡུར་ལ་ཤན་འབྱེད་ཐེངས་དང་པོ་བྱེད་པ་ཞིག་ཡིན།

    མིང་ཐོ་ཆེན་པོ་གཞིར་བཟུང་། མཱ་ཉིང་ཤན་འབྱེད་པ་གཙོ་བོ་དང་ཀྲོའུ་ཧྥེ་དང་ཀྲང་ཁྲེང་གཉིས་ལས་རོགས་ཤན་འབྱེད་པའི་མིང་ཐོག་ནས་བདམས་ཐོན་བྱུང་བ་དང་། ཁོང་ཚོ་གསུམ་ལས་གྲུབ་པའི་ཤན་འབྱེད་པའི་ཚོགས་ཆུང་ཞིག་འཛུགས་རྒྱུ་རེད། ཧྥུའུ་མིང་གིས་བརྙན་ལམ་ལས་རོགས་ཤན་འབྱེད་པའི(VAR)ཀྱི་འགན་འཁུར་རྒྱུ་དང་། མཱ་ཉིང་དེ་གོང་2022ལོའི་ཁ་ཐར་འཛམ་གླིང་བུམ་པའི་འགྲན་བསྡུར་གྱི་ཤན་འབྱེད་ལས་དོན་ནང་ཞུགས་མྱོང་བ་དང་། ཧྥུའུ་མིང་གིས་2020ལོའི་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཀྱིVARཡི་འགན་འཁུར་མྱོང་ཡོད།

    སྐབས་འདིའི་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་འཛམ་གླིང་བུམ་པའི་སྤྲོ་སྐྱིད་ཁང་ནང་ཁྱོན་ཀྲོའུ་དབར་གྱི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་5ཡི་ཤན་འབྱེད་པའི་ཚོགས་ཆུང་6(མི་གསུམ་གྱི་ཚོགས་པ)དང་བརྙན་ལམ་ལས་རོགས་ཤན་འབྱེད་པ་8མངགས་ནས་ཤན་འབྱེད་བྱ་རྒྱུ་དང་། མངགས་གཏོང་བྱས་པའི་ཨེ་ཤེ་ཡ་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཤན་འབྱེད་པ་4ཚང་མ་ཀྲུང་གོ་ནས་ཡོང་བ་ཤ་སྟག་རེད།

    2022ལོའི་མོ་རོ་ཁོའི་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་འཛམ་གླིང་བུམ་པའི་སྤྲོ་སྐྱིད་ཁང་གི་འགྲན་བསྡུར་2023ལོའི་ཟླ་2ཚེས་1ཉིན་ནས་ཚེས་11ཉིན་བར་གཉེར་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།