དབུ་ཤོག>གསར་འགྱུར།
  • ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་ཀྱི་མེ་ཀུང་གཙང་པོའི་མཉམ་འབྲེལ་སྐོར་གཡེང་ཁྲིམས་འཛིན་བྱ་སྤྱོད་ཐེངས་125པ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-01-17

    ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་ཟླ་1ཚེས་15ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཡུན་ནན་ཞིང་ཆེན་སྤྱི་བདེ་ཐིང་གསར་འགྱུར་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། ཚེས་15ཉིན་གྱི་ཆུ་ཚོད་10དང་སྐར་མ་30ཡི་ཐོག་ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་ཀྱི་མའེ་ཀུང་གཙང་པོའི་མཉམ་འབྲེལ་སྐོར་གཡེང་ཁྲིམས་འཛིན་བྱ་སྤྱོད་ཐེངས་125པའི་ནང་ཞུགས་པའི་ཀྲུང་གོ་ཕྱོགས་ཀྱི་ཁྲིམས་འཛིན་གྲུ་གཟིངས་2ཡུན་ནན་ཤིས་ཧྲོང་པན་ན་ཏའེ་རིགས་རང་སྐྱོང་ཀྲོའུ་ཅིང་ཧ་གྲུ་ཁ་ནས་ཁ་བྲལ་བ་དང་བསྟུན་ནས་2023ལོའི་ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་ཀྱི་མེ་ཀུང་གཙང་པོའི་མཉམ་འབྲེལ་སྐོར་གཡེང་ཁྲིམས་འཛིན་བྱ་སྤྱོད་སྤེལ་འགོ་ཚུགས་པ་རེད།

    ད་ཐེངས་ཀྱི་བྱ་སྤྱོད་དེ་སྔོན་དཔག་བྱས་ན་ཉིན་4དང་མཚན་3སྤེལ་རྒྱུ་ཡིན་པ་དང་ལམ་ཐག་ཧྲིལ་པོར་སྤྱི་ལེ་500ལྷག་ཙམ་ཟིན་གྱི་ཡོད། བྱ་སྤྱོད་མ་སྤེལ་གོང་རྒྱལ་ཁབ་བཞིའི་ཁྲིམས་འཛིན་སྡེ་ཚན་གྱིས་བརྙན་ལམ་གྱི་ཐོག་ནས་2022ལོ་འཁོར་གྱི་ཕྱོགས་སྡོམ་ཚོགས་འདུ་འཚོགས་ཏེ་མཉམ་འབྲེལ་སྐོར་གཡེང་ཁྲིམས་འཛིན་བྱ་སྤྱོད་ཐད་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ལ་མཉམ་དུ་ཕྱིར་དྲན་དང་ཕྱོགས་སྡོམ་བྱས་པ་དང་2023ལོའི་རྒྱལ་ཁབ་བཞིའི་མཉམ་འབྲེལ་ཁྲིམས་འཛིན་མཉམ་ལས་ཀྱི་ནང་དོན་ལ་གྲོས་བསྡུར་བྱས་པ་རེད། ཕྱོགས་བཞི་པོས་ད་དུང་བཀོད་འདོམས་དཔོན་གྱི་མཉམ་ཞུགས་ཚོགས་འདུ་དང་ཆ་འཕྲིན་སྤེལ་རེས་ཚོགས་འདུ་འཚོགས་ནས་ད་རེས་ཀྱི་བྱ་སྤྱོད་ལ་ཐུན་མོང་ཐོག་ཞིབ་འཇུག་གྲོས་བསྡུར་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 2022ལོ་ཚུན་དུ་རྒྱལ་ཁབ་བཞིའི་ཁྲིམས་འཛིན་སྡེ་ཚན་གྱིས་མཉམ་འབྲེལ་སྐོར་གཡེང་ཁྲིམས་འཛིན་བྱ་སྤྱོད་ཐེངས་12སྤེལ་བ་དང་། རིགས་ཁག་གི་ཁྲིམས་འཛིན་བྱ་སྤྱོད་ཐེངས་162སྤེལ་བ། ཁྲིམས་འཛིན་གྲུ་གཟིངས་ཐེངས་204བཏང་བ། ཁྲིམས་འཛིན་མི་སྣ་ཐེངས་2700བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།