དབུ་ཤོག>གསར་འགྱུར།
  • ཀྲུང་གོའི་དྲ་རྒྱའི་བར་མཐོངས་སུ་རྟོག་བཟོའི་མི་རྒྱ་ཁྱབ་ངང་ཐོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-01-16

    231e4f07-cb2c-4250-a86c-65a25c7df7c3.jpg.jpg

    འདི་ནི་2022ལོའི་ཟླ་11ཚེས་17ཉིན་འཛམ་གླིང་གི་སྒྲའི་དངོས་མང་སྟོན་ཚོགས་སྐབས་ལྔ་པ་དང་2022ལོའི་ཁོ་ཏ་ཤུན་ཧྥེ་ཡི་གོ་ལ་ཧྲིལ་པོའི་གསར་སྤེལ་བའི་དུས་ཆེན་1024ཡི་དྲ་ཕྱིའི་བྱེད་སྒོའི་ཐོག་ལྟད་མོ་བས“རང་སོའི་ཁྱད་ཆོས་ལྡན་པའི་3Dརྟོག་བཟོའི་མི་བཟོ་བའི”ཐོན་རྫས་ཤེས་རྟོགས་བྱེད་བཞིན་པ།

    མཁོ་མཁན་ལ་ཞབས་འདེགས་ཞུ་བ་ནས་རོལ་རྩེད་ལས་རིགས་བར་ཀྲུང་གོའི་ཁེ་ལས་ཀྱིས་རྟོག་བཟོའི་ལས་བཟོར་འགྲོ་གྲོན་འབོར་ཆེན་གཏོང་བཞིན་ཡོད། འབེལ་འདུའི་ནང་2021ལོ་ཚུན། ཀུང་སི་དེས་མཁོ་མཁན་ལ་བཟོས་པའི་རྟོག་བཟོའི་མིའི་རྣམ་གྲངས་ཀྱི་གྲངས་འབོར་ལྡབ་གཅིག་འཕར་ཡོད། གྲངས་འཛིན་ཅན་གྱི་རྟོག་བཟོའི་མི་དེ་དག་ཨ་རིའི་དྲ་སྦྲེལ་གྱི་མཐའ་ཁུལ་དུ་མཐོང་རྒྱུ་ཡོད་མོད། འོན་ཀྱང་དེ་དག་ཀྲུང་གོའི་དྲ་རྒྱའི་བར་མཐོངས་སུ་ཐོན་མང་དུ་འགྲོ་བཞིན་ཡོད་ཅེས་བཤད།

    ཀྲུང་གོས་རྟོག་བཟོའི་མིའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བཞིན་ཡོད། 2022ལོའི་ཟླ་བརྒྱད་པར་པེ་ཅིང་གྲོང་ཁྱེར་གྱིས་2025ལོར་སླེབས་སྐབས་གྲོང་ཁྱེར་དེའི་རྟོག་བཟོའི་མིའི་ཐོན་ལས་གཞི་ཁྱོན་སྒོར་དུང་ཕྱུར་500ལས་བརྒལ་བའི་འཆར་གཞི་ཞིག་ཁྱབ་བསྒྲགས་བྱས་པ་རེད། པེ་ཅིང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་ད་དུང་ལོར་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་50ལས་བརྒལ་བའི་མགོ་བོ་རྟོག་བཟོའི་མིའི་ཁེ་ལས་1ནས་2བར་གསོ་སྐྱོང་བྱ་རྒྱུའི་རེ་འབོད་བྱས་པ་རེད། 2022ལོའི་སྟོན་ཁར་ཀྲུང་གོའི་འབྲེལ་ཡོད་སྡེ་ཚན་གྱིས་རྟོག་བཟོའི་དངོས་ཡོད་ཀྱི་བྱ་སྤྱོད་འཆར་གཞི་ཞིབ་ཕྲ་དང་། ལྷག་པར་དུ་རླུང་འཕྲིན་དང་བཟོ་སྐྲུན་དང་ཁྱབ་ཁོངས་གཞན་དག་དེ་བས་མང་བ་མཉམ་འདྲེས་བྱས་པའི་ཁྱབ་བསྒྲགས་བྱས་པ་རེད། ཀྲུང་གོས་2022ལོར་ཁྱབ་བསྒྲགས་བྱས་པའི་ལོ་ལྔའི་འཆར་འགོད་གསར་ཤོས་ནང་དུའང་གྲངས་འཛིན་ཅན་གྱི་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུའི་རེ་འབོད་བྱས་ཡོད།

    ཚོང་ལས་ཀྱི་ངོས་ནས་བལྟས་ན། དོ་ཁུར་བྱེད་ས་མང་ཆེ་བ་རྟོག་བཟོའི་མི་ཇི་ལྟར་བྱས་ནས་གྲུབ་པའི་ནང་དོན་དུ་གཅིག་སྡུད་བྱས་ཡོད། ཁའེ་ཏུའུ་ཀུང་སིས་2022ལོའི་སྟོན་ཁར་ཡོངས་བསྒྲགས་བྱས་པའི་བརྟག་དཔྱད་ལས་མངོན་པར། 2021ལོར་ཉུང་མཐར་ཡང་འཛད་སྤྱོད་པ་36%གིས་རྟོག་བཟོའི་དྲ་ཐོག་མིང་ཅན་ནམ་ཡང་ན་གྲངས་གཞིའི་གྲགས་ཅན་མི་སྣའི་འཁྲབ་སྟོན་ལ་ལྟ་མྱོང་ཡོད་པ་དང་འཛད་སྤྱོད་པ་21%གིས་རྟོག་བཟོའི་མིས་བྱེད་སྒོ་གཙོ་སྐྱོང་བྱེད་པའམ་ཡང་ན་གསར་འགྱུར་སྤེལ་གཏོང་བྱས་པར་ལྟ་མྱོང་ཡོད་པ་རེད། སྙན་ཞུའི་ནང་ལོ་གསར་པར་རྒྱང་ལྟ་བྱས་ཚེ། བརྡ་ཁྱབ་ཀྱི་སྦྱིན་བདག་45%ཡིས་རྟོག་བཟོའི་དྲ་ཐོག་མིང་ཅན་གྱི་འཁྲབ་སྟོན་ལ་མཐུན་འགྱུར་རོགས་རམ་བྱེད་སྲིད་པའམ་ཡང་ན་རྟོག་བཟོའི་མི་སྤུས་རྟགས་བྱེད་སྒོའི་ནང་ཞུགས་རྒྱུར་གདན་དྲངས་སྲིད་ཅེས་འཁོད་ཡོད་པ་རེད།

    —— ཨ་རིའི་CNBCདྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།