དབུ་ཤོག>གསར་འགྱུར།
  • ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་ཆེན་པོ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-01-14

    དགུན་དུས་མེ་ཏོག་རྫོང་དུ་སྔོ་ཐིང་ངེར་གནས་པ་དང་འབྲས་སྤུངས་ཤང་སྡི་གདོང་གྲོང་ཚོའི་སྤུས་ལེགས་ཤིང་ཏོག་ཞུ་མཁན་གྱི་སྣ་ཁ་གསར་པའི་དཔེ་སྟོན་རྟེན་གཞིའི་ནང་འབྲས་དཀར་ཞུ་མཁན་གྱི་སྡོང་པོ་བཅུ་ཕྲག་ཁ་ཤས་སྐྱེ་འཚར་ཡག་པོ་ཡོད་པ་དང་། སྡོང་པོ་ཁག་གཅིག་ལ་འབྲས་བུ་བཏགས་ཡོད་པ། ཤིང་ཏོག་མང་པོ་ཞིག་རང་དགར་དཀར་པོར་གྱུར་ཡོད། སྡི་གདོང་གྲོང་ཚོའི་གྲོང་དཔོན་གཞོན་པ་དང་རྟེན་གཞིའི་འགན་འཁུར་བ་ཕུན་ཚོགས་ཀྱིས་ལག་རྩལ་རྐང་འཛིན་པ་ཚོའི་སྣེ་འཁྲིད་དེ་ཡལ་གཅོད་རྒྱག་པ་དང་། ཡུར་མ་རྒྱག་པ། ཚད་འཇལ་ཐོ་འགོད་སོགས་ལ་བྲེལ་བས་དུས་སང་འབྲས་བུ་མང་པོ་ཞིག་འདོགས་རྒྱུ་རེད”

    ཕུན་ཚོགས་ཀྱིས“ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་དགོས་ལུགས་བཏོན་ཡོད་པས། ང་ཚོའི་ཤིང་ཏོག་ཞུ་མཁན་གྱི་སྣ་ཁ་གསར་པ་འཕེལ་རྒྱས་གཏོང་བའི་མདུན་ལམ་ཆེན་པོ་ཡོད་སྟབས། མི་སེར་ལ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུ་ནི་དཀའ་གནད་ཅིག་གཏན་ནས་མ་ཡིན”ཞེས་བཤད་པ་དང་ཧྥུའུ་ཅན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་འབྲས་ཤིང་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཅང་ཧྥན་གྱིས“ཚན་རྩལ་ཤེས་ལྡན་པའི་ས་ནས་ལག་རྩལ་སྦྱངས་ཚེ་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་དེ་བས་རེ་བ་ཆེན་པོ་ཡོད”ཅེས་སྐད་ཆའི་མཇུག་མཐུད་དེ་བཤད།

    མེ་ཏོག་རྫོང་ཞིང་ལས་ཅུས་ཀྱི་ཅུས་ཀྲང་གཞོན་པའི་འགན་འཁུར་མཁན་ཅང་ཧྥན་གྱིས་ཤིང་ཏོག་ཞུ་མཁན་གྱི་ལག་རྩལ་མཛུབ་ཁྲིད་ལས་དོན་གྱིས་འགན་ཆེད་མངགས་འཁུར་ཡོད། “ཤིང་ཏོག་ཞུ་མཁན་གྱི་ཡལ་གཅོད་དང་མེ་ཏོག་ཉུང་གཏོང་ཐད་ཐབས་རྩལ་ཡོད་དེ། གཅིག་ནས་ཤིང་གི་ལོ་ཚད་ལ་ལྟ་བ་དང་། གཉིས་ནས་སྐྱེ་འཚར་ལ་ལྟ་བ། གསུམ་ནས་མེ་ཏོག་མང་ཉུང་ལ་ལྟ་བ་བཅས་བྱས་ཏེ་སྡོང་པོ་ཆེ་བ་ཉར་བ་དང་ཆུང་བ་འགོག་པ་དང་། བར་མཚམས་ངེས་ཅན་འཇོག་པ། རླུང་འགྲོ་དང་ཉི་འོད་ཕོག་པ་བཅས་བྱེད་དགོས”ཕུན་ཚོགས་ཀྱི་གཡོག་བྱེད་བྱེད་སྟངས་ཅུང་ཐལ་དྲགས་པ་མཐོང་སྐབས་ཅང་ཧྥན་གྱིས་ཡོ་བསྲང་བྱེད་ཀྱི་ཡོད། “འདི་ལོ་ནི་འབྲས་བུ་འདོགས་པའི་ལོ་དང་པོ་ཡིན་པས་འབྲས་བུ་མང་ཙམ་འདོགས་ཆེད་ང་ཚོས་སྡོང་པོ་ཆེ་བ་དང་མེ་ཏོག་ཆ་ཚང་ཡོད་པ་ཉར་གང་ཐུབ་བྱེད་དགོས་པ་དང་སླད་ཕྱིན་ལག་རྩལ་གྱི་ཐབས་ཤེས་ལ་བརྟེན་ནས་སྡོང་རྐང་རྐྱང་པའི་ཐོན་ཚད་ཚོད་འཛིན་བྱས་ཏེ་འབྲས་བུའི་སྤུས་ཚད་འགན་ལེན་བྱེད་དགོས”ཞེས་ཅང་ཧྥན་གྱིས་ཁ་གསབ་བྱས་ནས་བཤད།

    མེ་ཏོག་རྫོང་གི་དམིགས་བསལ་གྱི་གནམ་གཤིས་ཆ་རྐྱེན་དེ་ཚ་ཁུལ་དང་ཚ་ཁུལ་ཕལ་པའི་དཔལ་འབྱོར་སྐྱེ་དངོས་འདེབས་རྒྱུར་འཚམ་པོ་ཡོད། ཤིང་ཏོག་ཞུ་མཁན་གྱི་ཐོན་ལས་གཏོད་ཆེད། མེ་ཏོག་རྫོང་གིས་ཀྲེ་ཅང་སློབ་ཆེན་དང་ཧྥུའུ་ཅན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་སོགས་མཐོ་སློབ་དང་ཚན་ཞིབ་ཁང་དང་སུའོ་ཡི་ཚན་ཞིབ་ཚོགས་པ་དང་གན་རྒྱ་བཞག་ནས་ཤིང་ཏོག་ཞུ་མཁན་གྱི་རིག་ནུས་འདེབས་གསོའི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་སྣ་ཁ་གསར་པའི་དཔེ་སྟོན་ལག་རྩལ་གསར་སྤེལ་མཉམ་ལས་བྱས་པར་དམིགས་པ་དང་འབྲེལ། དུས་བཀག་ཐོག་ཞིང་ཆེན་དང་གྲོང་ཁྱེར་གཞན་གྱི་ཞིང་ལས་ཚན་རིག་ཁང་གི་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་འཆད་ཁྲིད་དང་གསོ་སྦྱོང་བྱས་ཡོད།

    ཚན་རྩལ་ནང་འདྲེན་བྱས་ནས་འབྲས་བཟང་ཕྱི་ཕྱོགས་སུ་གཏོང་ཐུབ་པར་བྱས་ཤིང་། མིག་སྔར་རྫོང་དེ་ཡོངས་སུ་འབྲས་དཀར་ཞུ་མཁན་སྡོང་རྐང་2000ཙམ་འདེབས་འཛུགས་བྱས་པ་དང་སྦྱར་ཁ་དང་འདེབས་འཛུགས་སོགས་ཀྱི་ལག་རྩལ་མཐོ་པོར་བརྟེན་ནས་འབྲས་བཟང་ཞུ་མཁན་སྡོང་རྐང་8000ལྷག་ཙམ་ལེགས་སུ་བཏང་བ་དང་། 2023ལོར་ད་དུང་མ་དངུལ་སྒོར་ཁྲི་2200བཏང་ནས་ཇའི་ཤིང་འབྲས་མུའུ་4000འདེབས་གསོ་དང་སྡོང་རྐང་ཁྲི་4འདེབས་འཛུགས་བྱ་རྩིས་ཡོད་པ་རེད། མེ་ཏོག་རྫོང་ནགས་ལས་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའུ་ཀྲེན་གྱིས“སྣ་ཁ་གསར་པའི་ཤིང་ཏོག་ཞུ་མཁན་གྱི་འབྲས་བུའི་རིན་གོང་མཐོ་པོ་ཡོད་པས། རྫོང་ཡོངས་ཀྱི་མི་སེར་ལ་འབབ་འཕར་ཡོང་བར་བྱེད་པའི་བཀྲག་མདངས་འཚེར་ས་གསར་པ་ཞིག་ཏུ་འགྱུར་རྒྱུ་རེད”ཅེས་ངོ་སྤྲོད་བྱས།

    ཤིང་ཏོག་ཞུ་མཁན་འདེབས་པ་ཕུད། མེ་ཏོག་རྫོང་གི་ཁྱད་ལྡན་ཐོན་ལས་གཞན་དག་ཀྱང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་ཚོའི་ཡིད་དབང་བཀུག་ཡོད། “95ནང་སྐྱེས”ཀྱི་མོན་པ་རིགས་ཀྱི་གཅེན་གཅུང་ཚེ་རིང་ལྷ་སྒྲོན་དང་སྨིན་དྲུག་མཚོ་མོ་གཉིས་སློབ་ཆེན་ཐོན་རྗེས་ཕ་ཡུལ་འབྲས་སྤུངས་ཤང་ཇང་ཤིང་གྲོང་ཚོར་ཕྱིར་ལོག་བྱས་ནས་བཟའ་བཅའི་ཤ་མོ་འདེབས་འཛུགས་ཐོན་ལས་ནང་ཞུགས་པ་རེད།

    2020ལོའི་ཟླ་11པར་མེ་ཏོག་རྫོང་གིས་ས་ཆ་གཞན་ནས་བཟའ་བྱའི་ཤ་མོ་འདེབས་འཛུགས་ཀྱི་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་ཇང་ཤིང་གྲོང་ཚོའི་གྲོང་མི་23ལ་གསོ་སྦྱོང་བྱས་པ་དང་། ཚེ་རིང་ལྷ་སྒྲོན་དང་སྨིན་དྲུག་མཚོ་མོ་གཉིས་དེའི་ཁྲོད་དུ་ཡོད་པ་རེད། 2021ལོའི་ཟླ་4པར་ཚེ་རིང་ལྷ་སྒྲོན་དང་སྨིན་དྲུག་མཚོ་མོས་སྲིད་གཞུང་གིས་མཁོ་འདོན་བྱས་པའི་ལས་གཏོད་རོགས་སྐྱོར་ཐེབས་རྩ་སྤྱད་དེ་གྲོང་ཚོའི་མཉམ་སྡེབ་ཀྱི་དྲོད་ཁང་ཆེན་མོ་2གཡར་ནས་བཟའ་བྱའི་ཤ་མོ་འདེབས་འགོ་ཚུགས་ཡོད། ལག་རྩལ་འཚོལ་ཞིབ་བྱས་པ་བརྒྱུད“ལས་གཏོད་དྲོད་ཁང་ཆེ་མོའི”ནང་གི་བཟའ་བཅའི་ཤ་མོ་བྲིན་ཁ་རྒྱུག་པོ་བྱུང་ནས་ད་ཆ་ཐོན་ལས་ཡོང་འབབ་སྒོར་ཁྲི་15ལྷག་ཙམ་བྱུང་ཡོད། ད་ཆ་གཅེན་གཅུང་གཉིས་པོས་ཤ་མོ་ཕིང་ཀུའུ་དང་། མོག་རོ། ཤ་མོ་སོགས་བཟའ་བཅའི་ཤ་མོ་འདེབས་འཛུགས་ལག་རྩལ་ཁོང་དུ་ཆུད་ཡོད། གོམ་སྟབས་རྗེས་མར་ཀོ་ཤ་དང་། སྡོང་ཕུང་། རླམ་རྩྭ་ཕོ་སུལ་སོགས་ཀྱི་སྣ་ཁ་གསར་པ་ཚོད་འདེབས་བྱ་རྒྱུའི་གྲ་སྒྲིག་བྱས་ཡོད་ལ་ངར་ཤུགས་ཀྱང་དེ་བས་ཆེན་པོ་ལྡན་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། མེ་ཏོག་རྫོང་གིས་ཇ་ལོ་དང་། ཤིང་ཏོག་ཞུ་མཁན། བཟའ་བཅའི་ཤ་མོ་སོགས་གཙོ་བོར་བྱེད་པའི་ཁྱད་ལྡན་ཞིང་ལས་ཐོན་ལས་འཕེལ་རྒྱས་བཏང་ནས་མང་ཚོགས་ལ་མཁོ་བའི“ཟ་འབྲུ”དང་། “ཤ་ཚལ་སྒོང་གསུམ” “ཤིང་འབྲས”བཅས་གཏན་འཁེལ་བྱས་ཏེ། ཁྱད་ལྡན་ཞིང་ལས་ཁྱབ་གདལ་དང་འདེབས་ཁྱོན་མུའུ་ཁྲི་2ལྷག་ཙམ་ཟིན་པ་དང་ཁྱད་ལྡན་ཞིང་ལས་ཐོན་ལས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་རྒྱུན་ཆད་མེད་པ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།