ཉེན་རྟོག་པས་རྣམ་པ་སྣ་ཚོགས་ཀྱི་བྱེད་སྒོ་སྤེལ་བ།
“ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན”ཐེངས་གསུམ་པ་འཆར་ཉེར་ཡོད་པའི་མཚམས་སུ་བོད་ལྗོངས་གཉའ་ནང་རྫོང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་མཐའ་མཚམས་འགག་སྒོའི་འཐབ་ས་དང་པོར་བཅའ་སྡོད་ལས་སྒྲུབ་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་2023ལོའི་མཐའ་མཚམས་སྐོར་གཡེང་ཐེངས་དང་པོ་བྱས་པ་རེད། སྐོར་གཡེང་མཇུག་འགྲིལ་རྗེས་ལས་སྒྲུབ་མི་དམངས་ཉེན་རྟོག་པས་མཐའ་མཚམས་འགག་སྒོར་ཉེན་རྟོག་པའི་དར་ཆའི་འོག་དམ་བཅའ་འཇོག་པ་དང་། བཅའ་སྡོད་བྱ་ཡུལ་དུ་འཚམས་འདྲི་དང་སྒྲོག་འགྲེལ་བྱེད་པ། བཅའ་སྡོད་བྱ་ཡུལ་གྱི་མང་ཚོགས་ཉེན་རྟོག་པའི་སྒར་སར་གདན་དྲངས་ནས་ཉེན་རྟོག་པའི་སྒར་སའི་སྒོ་དབྱེ་ཉིན་མོའི་བྱེད་སྒོ་སྤེལ་བ་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་ཉེན་རྟོག་པའི་དུས་ཆེན་ལ་ཐུན་མོང་ཐོག་རྟེན་འབྲེལ་ཞུས་པ་རེད། འདི་ནི་མང་ཚོགས་ཀྱིས་གཉའ་ནང་རྫོང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིཌ་སུ་ལྟ་སྐོར་བྱེད་བཞིན་པ།