དབུ་ཤོག>གསར་འགྱུར།
  • བོད་ལྗོངས་རྟགས་ཅན་གྱི་ཞིང་འབྲོག་ཐོན་རྫས་ཀྲུང་གོ་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཀྱི་ཚོང་འདུས་ལ་བྲིན་ཁ་རྒྱུག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-10

    ཉེ་ཆར། ཞིང་ལས་གྲོང་གསེབ་པུས་གཙོ་གཉེར་བྱས་པའི་ཀྲུང་གོ རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཚོང་འདུས་སྐབས་བཅུ་དགུ་པ་ཁྲེང་ཏུའུ་རུ་འགོ་ཚུགས་པ་རེད། རང་ལྗོངས་ཀྱིས་ཁྱད་ལྡན་ཐོན་རྫས་ཀྱི་ཁེ་ལས་29སྒྲིག་འཛུགས་བྱས་ཏེ་རིགས་ཆེ་གྲས་5ཡི་ཐོན་རྫས་སྣ་ཁ་210ལྷག་ཙམ་འཁྱེར་ནས་སི་ཁྲོན་དུ་ཚོང་འདུས་ལ་ཞུགས་པ་རེད།

    ཚོང་འདུས་ཐོག་སྤེལ་བའི“2022ལོའི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་གི་ཐོན་ཚོང་གི་ཆེད་དོན་འགྲེམས་ཚོང”ཐོག་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་དང་ཁྲུང་ཆིང་ནུང་ཤིན་ཕག་པ་ཉོ་ཚོང་ཁྲོམ་རའི་དབར་བོད་ཕག་ཐོན་རྫས་ཀྱི་ཕྱིར་ཚོང་འདོད་མཐུན་མངགས་ཐོ་སྒོར་ཁྲི་4000ཙམ་བཞག་པ་དང་། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དང་མཚོ་བོད་ས་མཐོའི་ཞིང་ལས་ཐོན་རྫས་སྡེབ་ཚོང་ཁྲོམ་རའི་དབར་འབྲི་གཡག་ཐོན་རྫས་ཕྱིར་ཚོང་གི་འདོད་མཐུན་མངགས་ཐོ་སྒོར་ཁྲི་5000ཙམ་བཞག་ཡོད། མངགས་ཐོ་བཞག་པ་དེས་རང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་དང་ཞིང་ཆེན་དང་གྲོང་ཁྱེར་གཞན་གྱི་ཞིང་འབྲོག་ཐོན་རྫས་ཉོ་ཚོང་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་ནུས་ལྡན་ཐེབས་པ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་གི་ཁྲོམ་ར་འབྲེལ་མཐུད་ལ་སྣེ་ཁྲིད་ཐུབ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།