ཁྲག་སྦྱིན་འབུལ་བའི་བྱེད་སྒོར་ཞུགས། ཚེ་སྲོག་སྐྱོབ་པའི་བྱ་བཟང་སྒྲུབ།
ཁྲག་སྦྱིན་འབུལ་བའི་བྱེད་སྒོར་ཞུགས། ཚེ་སྲོག་སྐྱོབ་པའི་བྱ་བཟང་སྒྲུབ། ཉེ་ཆར། བོད་རང་སྐྱོང་ལྗོངས་ཁྲག་སྦྱིན་ཨུ་ལྷན་གྱིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་ལས་ཁུངས་དང་། ཁེ་ལས་བྱ་གཞག་ཚན་པ། དམངས་ཁྲོད་སྤྱི་ཚོགས་རྩ་འཛུགས། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱི་བྱམས་སེམས་ཅན་ལ《ལྗོངས་ཡོངས་ཀྱི་མི་དམངས་ལ་སྤྲིངས་པའི་ཁྲག་སྦྱིན་འབུལ་བའི་གྲོས་འགོའི་ཡི་གེ》བཏང་བར་རང་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དང་ལེན་ཧུར་ཐག་ཞུས་ཤིང་། ཁོ་ཚོས་ཁྲག་སྦྱིན་འབུལ་བའི་བྱེད་སྒོར་ཧུར་ཐག་ཞུགས་ཏེ་གཅེས་སེམས་ཕུལ་ནས་དྲང་ནུས་བརྒྱུད་སྤྲོད་བྱས་པ་རེད། འདི་ནི་སྨན་དོན་པས་ཁྲག་འཚག་བཞིན་པ།