དབུ་ཤོག>གསར་འགྱུར།
  • ཀྲུང་གོ(ཧྲེན་ཀྲེན)རྒྱལ་སྤྱིའི་རིག་གནས་ཐོན་ལས་དངོས་མང་སྟོན་ཚོགས་སྐབས་བཅོ་བརྒྱད་པ་ཧྲེན་ཀྲེན་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་བདེ་བླག་ངང་མཇུག་འགྲིལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-07

    545b9256-88d6-4020-b24e-8acb8e9ab0d8.jpg.jpg

    འདི་ནི་ལྟ་སྐོར་བས་བོད་ལྗོངས་སྨྱན་སྦྱོར་ཚོགས་པ་ཚད་ཡོད་ཀུང་སིའི་འགྲེམས་སྟེགས་ཀྱི་མདུན་དུ་ཐོན་རྫས་ཀྱི་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་བྱེད་བཞིན་པ།

    ཟླ་1ཚེས་2ཉིན། དུས་ཡུན་ཉིན་6གི་ཀྲུང་གོ (ཧྲེན་ཀྲེན)རྒྱལ་སྤྱིའི་རིག་གནས་ཐོན་ལས་དངོས་མང་ཉོ་ཚོང་སྟོན་ཚོགས(གཤམ་དུ“རིག་གནས་དངོས་མང་སྟོན་ཚོགས”ཞེས་བསྡུ་རྒྱུ)སྐབས་བཅོ་བརྒྱད་པ་ཧྲེན་ཀྲེན་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་བདེ་བླག་ངང་མཇུག་འགྲིལ་བ་རེད། འདི་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་རྗེས་གཉེར་བའི་རིག་གནས་ཁྱབ་ཁོངས་ཀྱི་རྒྱལ་ཡོངས་རང་བཞིན་གྱི་འགྲེམས་ཚོགས་ཐོག་མ་དེ་རེད། སྐབས་འདིའི་རིག་གནས་དངོས་མང་སྟོན་ཚོགས་ཐོག་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ལེགས་སྒྲིག་ཆེན་པོ་བྱས་རྗེས་འགྲེམས་ཚོགས་ཆེ་གྲས་གཉེར་བའི་ཐབས་ལམ་ནུས་ལྡན་སྔོན་ལ་འཚོལ་ཞིབ་བྱས་ནས་དྲ་ཕྱིར་གཙོ་བོ་བྱེད་པ་དང་དྲ་ཐོག་ཏུ་གོམ་སྟབས་གཅིག་མཚུངས་ཀྱི་བྱེད་སྟངས་སྤྱད་དེ་འགྲེམས་ཚོགས་གཉེར་སྟངས་དང་འགྲེམས་ཚོགས་ཀྱི་གཞི་ཁྱོན་ཐད་སླར་ཡང་ཚད་བརྒལ་ཡོང་བ་བྱས་ཡོད།

    “དུས་རབས་གསར་པར་འབད་འབུངས་ཡར་བརྩོན་བྱེད། གངས་ལྗོངས་ས་མཐོར་རྣམ་པ་གསར་པ་གཏོད”དེ་ནི་སྐབས་འདིའི་རིག་གནས་དངོས་མང་སྟོན་ཚོགས་བོད་ལྗོངས་འགྲེམས་ཁང་གི་བརྗོད་དོན་གཙོ་བོ་རེད། རང་ལྗོངས་ཀྱི་འཐུས་མི་ཚོགས་པས་རིམས་ནད་ལས་བྱུང་བའི་ཤུགས་རྐྱེན་ངན་པ་ཁྱད་བསད་བྱས་ནས་རིག་གནས་ཁེ་ལས་བྱ་གཞག་ཚན་པ་དང་གྲགས་ཅན་སྤུས་རྟགས་ཀྱི་རིག་གནས་ཁེ་ལས་ཀྱི་འཐུས་མིའི་ཚོགས་པ་28སྒྲིག་འཛུགས་ཧུར་ཐག་བྱས་ཏེ། རིག་གནས་གསར་གཏོད་ཐོན་རྫས་ཆིག་ཁྲི་ཙམ་དང་རིག་གནས་ཐོན་ལས་འཕེལ་རྒྱས་གྲུབ་འབྲས་གསར་ཤོས་སྟོན་ནས་རང་ལྗོངས་ཀྱི་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གཡུར་དུ་ཟ་བའི་གྲུབ་འབྲས་དང་རིག་གནས་གསར་གཏོད་ཀྱི་སྒུལ་ནུས་ཆེན་པོ་ཕྱོགས་ཡོངས་ནས་མངོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།