དབུ་ཤོག>གསར་འགྱུར།
  • “མེད་པ་ནས་ཡོད་པ”དང“ཡོད་པ་ནས་ལེགས་པའི”ཕྱོགས་སུ་འཕེལ་རྒྱས་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-12-22

    2011ལོར་ཅིང་ཏུང་ཀུང་སིས་བོད་ལྗོངས་སུ་རང་གཉེར་སྡེབ་སྐྱེལ་ས་ཚིགས་དང་པོ་བཙུགས་ནས་དངོས་ཟོག་འབྲིང་ཆུང་སྡེབ་སྐྱེལ་བྱེད་འགོ་ཚུགས་པ་དང་། 2015ལོར་ཅིང་ཏུང་ཟོག་འགྲེམས་ནས་བོད་ལྗོངས་ས་ཁུལ་དུ་དངོས་ཟོག་ཆེ་གྲས་སྡེབ་སྐྱེལ་ལས་སྒོ་དངོས་སུ་གཉེར་འགོ་ཚུགས་ཤིང་། བོད་ལྗོངས་སུ་བསྐྱལ་བའི་འཁྱག་སྒམ་དང་པོ་དེར་ཉིན་11འགོར། 2017ལོའི་ཟླ་5ཚེས་25ཉིན། ཅིང་ཏུང་ཟོག་འགྲེམས་ཀྱིས་བོད་ལྗོངས་མཛོད་ཉར་ཟོག་འགྲེམས་གླིང་དུ་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་ཏེ། བོད་དུ་དྲ་ཐོག་ཚོང་དོན་སྡེབ་སྐྱེལ་ཉིན་དེ་རང་ལ་འབྱོར་བ་མངོན་འགྱུར་བྱུང་། དེ་ཡང་བོད་ཀྱི་དྲ་ཐོག་ཚོང་དོན་ཁེ་ལས་ཁོ་ནར་ཡོད་པའི་ཟོག་འགྲེམས་གླིང་དང་པོ་ཡིན་ཞིང་། 2020ལོའི་ཟླ་12པར་གླིང་དེ་བོད་རང་སྐྱོང་ལྗོངས་སྤྱི་པའི་ཟོག་འགྲེམས་མཛོད་ཉར་སྡེབ་སྐྱེལ་ལྟེ་གནས་སུ་རིམ་སྤོར་རྒྱ་སྐྱེད་བཏང་ནས་ཚོང་ཟོག་80%རང་ཡུལ་ནས་སྐུར་བ་དང་ཉིན་དེ་རང་ལ་འབྱོར་བའི་ཁྱབ་རྒྱའང་སྔར་བས་ཆེ་རུ་སོང་བ་རེད།

    ཅིང་ཏུང་ཟོག་འགྲེམས་སྡེབ་སྐྱེལ་གྱི་འཕེལ་རིམ་ནི་རང་ལྗོངས་ཀྱིས་དྲ་ཐོག་ཚོང་དོན་གོང་འཕེལ་ཤུགས་ཆེན་བཏང་བའི་མཚོན་ཚུལ་ཞིག་རེད། ལོ་བཅུའི་རིང་། རང་ལྗོངས་ཀྱི་དྲ་ཐོག་ཚོང་དོན་གོང་འཕེལ་མྱུར་པོ་བྱུང་ནས་མེད་པ་ནས་ཡོད་པ་དང་དེ་ནས་ལེགས་སུ་འགྲོ་བཞིན་ཡོད། གྲངས་གཞི་ལས་མངོན་པར། 2021ལོར་ལྗོངས་ཡོངས་ཀྱི་དྲ་ཐོག་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་189.7ཟིན་པ་དེ་2015ལོའི་ལྡབ་45ཡིན་པ་དང་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ད་ལོའི“བཅུ་གཅིག་ཟུང”གི་ཟོག་ཉོའི་དུས་ཆེན་ཁོ་ནར་ལྗོངས་ཡོངས་ཀྱི་དྲ་ཐོག་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་18.8ཟིན་ནས་དུས་མཚུངས་ལས་29.8%འཕར་ཡོད་པ་རེད།

    མེ་འཁོར་མགྱོགས་མིན་མེ་འཁོར་གྱི་མགོ་ལ་རྟེན་དགོས། ལོ་བཅུའི་རིང་། སྲིད་གཞུང་དང་ཁྲོམ་རའི་སྐུལ་འདེད་འོག་སྐད་གྲགས་ཆེ་བའི་དྲ་ཐོག་ཚོང་དོན་ཁེ་ལས་གཅིག་རྗེས་གཉིས་མཐུད་ངང་བོད་དུ་སླེབས་ཤིང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཅིང་ཏུང་ཚོགས་པ་དང“དྲ་སྦྲེལ+”ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་པ་དང་། ཚོང་དོན་ཐིང་དང་ཧྲུན་ཧྥུང་མྱུར་སྐྱེལ་ཚོགས་པས“དྲ་སྦྲེལ+ཟོག་འགྲེམས”ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་སྟེ། ཧྲུན་ཧྥུང་ཟོག་འདྲེན་གནམ་གྲུ་གཟའ་འཁོར་རེར་ལྷ་ས་དང་ཁྲེང་ཏུའུ་དབར་འགྲོ་འོང་ཐེངས་5བྱེད་པ། སུའུ་ཉིང་གི་རིག་ལྡན་ཟོག་འགྲེམས་ཀུང་སི་ལྷ་སར་བཙུགས་པ་དང་སྡེབ་སྐྱེལ་དྲ་ཚིགས་དང་བཙོངས་རྗེས་ཀྱི་ཞབས་ཞུའི་དྲ་བ་ཡང་ལྗོངས་ཡོངས་སུ་ཁྱབ་བཞིན་ཡོད། མིག་སྔར། ཅིང་ཏུང་དང་ཧྲུན་ཧྥུང་སོགས་མྱུར་སྐྱེལ་ཁེ་ལས་ཀྱིས་ལྗོངས་ཡོངས་ཀྱི་རྫོང་ཁག་དང་ཤང་གྲོང་ཁག་གཅིག་ཏུ་ས་ཚིགས་བཙུགས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པའི་དྲ་ཐོག་ཚོང་དོན་ཞབས་ཞུའི་དྲ་རྒྱའང་རགས་ཙམ་ཆགས་ཡོད་པ་རེད།

    རང་ཡུལ་གྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་ནས་ལྷ་ས་གྲོང་ཁྱེར་གྱི་བརྒྱ་ཟོག་ཚོང་ཁང་ཆེན་པོ་དང་། པའེ་དབྱི་སྒོ་རྩིས་ཚོང་ཁང་། སྐུ་ལྷ་དར་མདུང་སྒོ་རྩིས་ཚོང་ཁང་། དབན་ཏཱ་ཐང་ཆེན་སོགས་ཀྱིས་སྔ་རྗེས་སུ་དྲ་ཐོག་ཕྱིར་ཚོང་ལས་སྒོ་གཉེར་ནས་དྲ་ཕྱིའི་ཚོང་ཁང་གི་གཉེར་སྐྱོང་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་གཉེར་ཚོང་དུ་བསྒྱུར་ཡོད། བོད་ཀྱི་འཁྱག་རོམ་གཏེར་ཆུ་5100རྟགས་ཅན་དང་། བོད་ཀྱི་གསེར་གྱི་ཁ་བཏགས་ཁུ་ལུའི་ཐོན་རྫས། བོད་ལྗོངས་ཐན་ཀྲེ་སྐྱེ་དངོས། འབྲིའི་དཀར་ཆུའི་ཐོན་རྫས། ཆི་ཧྲེང་ཡུལ་ཟོག་སོགས་ཐོན་སྐྱེད་བཟོ་སྐྲུན་ཁེ་ལས་ཀྱིས་གློག་རྡུལ་ཅན་གྱི་གོམ་སྟབས་མགྱོགས་སུ་གཏོང་བའམ་དྲ་ཐོག་ནས་ཉོ་སྒྲུབ་བྱེད་པའི་ལས་སྟེགས་བཙུགས་པ། ཡང་ན་ཕྱོགས་གསུམ་པའི་དྲ་ཐོག་ཚོང་དོན་ལས་སྟེགས་དང་མཉམ་ལས་བྱས་ནས་སྲོལ་རྒྱུན་གྱི་ཐོན་ལས་གྲུབ་ཆ་གཞན་སྒྱུར་རིམ་པ་སྤོར་བར་འབད་བརྩོན་བྱེད་ཀྱི་ཡོད།

    “ད་ཆ་ང་ཚོས་ཁྱིམ་ནས་བེ་ཤ་འཚོང་ཐུབ་པ་རྨི་ལམ་དུའང་རྨིས་མྱོང་མེད”ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་བྲག་ཆུ་གྲོང་རྡལ་གྱི་གྲོང་མི་སྒྲོལ་མ་གཡང་འཛོམས་ཀྱིས་ད་ལོ་དྲ་ཐོག་ཚོང་དོན་གྱི་ཐད་གཏོང་ལས་སྟེགས་ལ་བརྟེན་ནས་རང་ཁྱིམ་གྱི་བེ་ཤ་མགྱོགས་པོ་བཙོངས་ཟིན་པ་མ་ཟད། ཡུལ་མི་ཚོར་ཡང་འཚོང་རོགས་བྱས་པ་ཡིན་ཞེས་བཤད།

    ལོ་བཅུའི་གོང་བོད་དུ་ལས་ཀ་དང་འཚོ་བ་སྐྱེལ་མཁན་ཚོས་དྲ་ཐོག་ནས་ཅ་ལག་ཉོས་ཚེ་སྦྲག་གླ་སྤྲོད་མི་དགོས་པར་སྐུར་མཁན་ཉུང་ཉུང་རེད། ད་ཆ་དྲ་ཐོག་གི་སྦྲག་གླ་མི་དགོས་པའི་མྱུར་སྐྱེལ་ཤང་དང་གྲོང་རྡལ་ཁག་གཅིག་ཏུ་སྐྱེལ་ཐུབ་ཀྱི་ཡོད།

    རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱས་པའི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་སྤེལ་བའི་ཕྱོགས་བསྡུས་དཔེ་སྟོན་རྣམ་གྲངས་ལ་བརྟེན་ནས་རང་ལྗོངས་སུ་རང་སྐྱོང་ལྗོངས་རིམ་པའི་དྲ་ཐོག་ཚོང་དོན་ཐོན་ལས་གླིང་དང་། དྲ་ཐོག་ཚོང་དོན་ཚན་རྩལ་སྐྱོང་གསོ་གླིང་། རང་སྐྱོང་ལྗོངས་རིམ་པའི་དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུ་ལྟེ་གནས། ཟོག་འགྲེམས་མཛོད་ཉར་སྡེབ་སྐྱེལ་ལྟེ་གནས། ས་ཁུལ་དང་གྲོང་ཁྱེར་རིམ་པའི་དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུའི་ལྟེ་གནས། ཟོག་འགྲེམས་མཛོད་ཉར་སྡེབ་སྐྱེལ་ལྟེ་གནས་བཅས་སོ་སོར་3དང་། རྫོང་རིམ་པའི་དྲ་ཐོག་ཚོང་དོན་སྤྱི་པའི་ཞབས་ཞུ་ལྟེ་གནས་74 གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ཞབས་ཞུའི་ས་ཚིགས་1090བཅས་བཙུགས་ཡོད།

    བོད་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་མྱུར་པོ་བྱུང་བ་དང་ཆབས་ཅིག གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ལ་ཞུགས་པའི་ཞིང་འབྲོག་པའི་སྤྲོ་སེམས་ཟམ་མི་ཆད་པར་འཕེལ་ཡོད་ཅིང་། རང་ལྗོངས་ཀྱི་གྲོང་གསེབ་དྲ་ཐོག་ཚོང་དོན་རིམ་བཞིན་སྲིད་གཞུང་དང་། ཁེ་ལས། ལས་རིགས་རྩ་འཛུགས་བཅས་ཀྱི་རིམ་པོ་མང་པོ་དང་མཉམ་ལས་དང་མཉམ་འདུས་རྣམ་པའི་འཕེལ་ཕྱོགས་སུ་འགྱུར་ལྡོག་ཕྱིན་ནས་སྲིད་གཞུང་གི་སྐུལ་འདེད་གཏོང་ཤུགས་མངོན་གསལ་དོད་དུ་སོང་ཡོད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། 2021ལོ་ཁོ་ནར་ལྗོངས་ཡོངས་ཀྱི་རིགས་ཁག་གི་དྲ་ཐོག་ཚོང་པའི་ཐད་གཏོང་ཐེངས་གྲངས་2000ལྷག་ཙམ་ཟིན་ནས་ལྟ་མཁན་མི་ཐེངས་ཁྲི་6000ཟིན་ཞིང་། ཚོང་ཟོག་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་3000ལྷག་ཙམ་ཟིན་ཡོད་པ་རེད། དེ་དང་ཆབས་ཅིག་རང་ལྗོངས་སུ་དྲ་ཐོག་ཚོང་དོན་གྱི་ཤེས་ལྡན་པ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རིམ་རྩིས་བྱས་ན་དྲ་ཐོག་ཚོང་དོན་གྱི་ཤེས་ལྡན་པ་མི་ཐེངས་ཁྲི་6ལྷག་ཙམ་གསོ་སྦྱོང་བྱས་པ་དང་། ལྗོངས་ཡོངས་ཀྱི་དྲ་ཐོག་ཚོང་དོན་གྱི་བསྡོམས་འབོར་ཁྲི་3.5ཟིན་པ། ཉེར་སྤྱོད་རྣམ་པའི་དྲ་ཐོག་ཚོང་དོན་གྱིས་དྲ་ཐོག་ཚོང་དོན་གྱི་བསྡོམས་འབོར་གྱི་97.84%བཟུང་ཡོད་པ་བཅས་རེད།

    “ད་ལྟའི་བོད་ལྗོངས་དེ་སྔོན་དང་གཏན་ནས་འདྲ་ཡི་མེད” དྲ་ཐོག་མིང་ཅན“བོད་ལྗོངས་ལྷ་མོ”ཡིས་ཁྱུག་དབྱིངས་བརྙན་ཐུང་གི་འབྲེལ་ལམ་ལས་སྟེགས་ནས་རང་ཉིད་ཀྱི་ཞིང་འབྲོག་ཁུལ་གྱི་རྒྱུན་གཏན་འཚོ་བ་མཉམ་སྤྱོད་བྱེད་ཀྱི་ཡོད་པ་མ་ཟད། ཐད་གཏོང་ཟོག་ཚོང་ཡང་བྱས་ནས་ཡུལ་མི་ཚོར་མར་སོགས་ཁྱད་ལྡན་ཡུལ་ཟོག་འཚོང་རོགས་བྱས་པར་དགའ་མོས་པ་ཁྲི་100ལྷག་ཙམ་མང་དུ་ཕྱིན་སོང་ཞེས་འཛུམ་དམུལ་དམུལ་ངང་བཤད། ཐད་གཏོང་བྱེད་རིང་བོད་ལ་རྒྱུས་མངའ་མེད་མཁན་ཚོས“བོད་དུ་སྔོ་ཚལ་ཡོད་དམ”ཞེས་འདྲི་ཡི་ཡོད། དྲ་གྲོགས་ཚོར་ལན་ཡག་པོ་ཞིག་འདེབས་ཆེད“བོད་ལྗོངས་ལྷ་མོས”རང་ཁྱིམ་དུ་ཁ་ལག་བཟོ་བའི་བརྙན་ཐུང་ཆེད་མངགས་བཟོས་ནས་གཏོང་གི་ཡོད།

    ལོ་བཅུའི་ནང་དྲ་ཐོག་ཚོང་དོན་ནི་ཚ་རླབས་ཤིག་དང་འདྲ་བར་ས་མཐོའི་ས་གཞི་ཆེན་པོར་ཁྱབ་ནས་མི་རྣམས་ཀྱི་ལས་ཀ་དང་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་གཏོང་བཞིན་པ་དང་ཆབས་ཅིག རང་ལྗོངས་ཀྱི་དཔལ་འབྱོར་འཕར་བའི་ནུས་པ་གསར་པ་ཞིག་ཏུ་རིམ་བཞིན་འགྱུར་བཞིན་ཡོད་པ་དང་དུས་མཚུངས། ས་མཐོའི་བུ་ཕྲུག་གི་ཐོབ་སྣང་དང་སྐྱིད་སྣང་ཡང་ཆེ་རུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།